འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱ་ཆེའི་གཞོན་ནུས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། གསར་གཏོད་ཚད་བརྒལ་བྱེད་ཕོད་པར་བྱས་ཐོག །བར་སྣང་དུ་ཕུགས་འདུན་སྒྲུབ་པའི་རྒྱང་ལམ་དུ་ལང་ཚོའི་ངོ་མཚར་བཀྲག་མདངས་མངོན་པར་བྱས་ཏེ་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཐད་ཆུ་ཚད་མཐོ་བའི་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པའི་རེ་བ་ཡོད།
—— 2022ལོའི་ཟླ་5ཚེས་2ཉིན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་བར་སྣང་ས་ཚིགས་བཟོ་སྐྲུན་གཞོན་ནུ་ཚོགས་པའི་བློ་མཐུན་རྣམ་པར་གནང་བའི་འཕྲིན་ལན་ལས་དྲངས།
རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས་མི་རིགས་བསྐྱར་དར་གྱི་ཕུགས་འདུན་ཡིད་ལ་བཅངས་ཤིང་། ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཏེ། ལང་ཚོའི་རྒྱུག་རར་དེང་སྐབས་ཀྱི་གཞོན་ནུར་གྲུབ་འབྲས་ཡག་ཤོས་ཐོབ་པའི་བརྩོན་ལེན་བྱེད་པའི་རེ་བ་ཡོད།
—— 2022ལོའི་ཟླ་4ཚེས་25ཉིན་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ལས་དྲངས།
རྒྱ་ཆེའི་གཞོན་ནུས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་མདུན་སྐྱོད་ཀྱི་ཡིད་ཆེས་བརྟན་དུ་བཏང་སྟེ། ཕུགས་འདུན་ཆེན་པོ་འཛུགས་པ་དང་། གནས་ལུགས་ཆེན་པོ་ཤེས་པ། འཇོན་ཐང་ཅན་ལ་འགྱུར་བ། འགན་འཁྲི་ཆེན་པོ་འཁུར་བ་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ནས། མེས་རྒྱལ་དང་། མི་རིགས། མི་དམངས། མིའི་རིགས་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་རིང་ལང་ཚོའི་མེ་ཏོག་ལྷུག་པོར་བཞད་པར་བྱེད་དགོས།
—— 2021ལོའི་ཟླ་4ཚེས་19ཉིན་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ལས་དྲངས།
དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བ། འཇོན་ཐང་བྱང་ཆུབ་པར་སྦྱོང་བ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བྱ་གཞག་རླབས་ཆེན་ལ་ཞུགས་པ་བཅས་ཀྱི་སྒོ་ནས་དཀའ་སྤྱད་འབད་འཐབ་ངང་མདུན་སྐྱོད་བྱེད་པའི་བྱ་ཐབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་ལམ་གསར་པར་དཔའ་ངར་ཆེན་པོས་འབད་འབུངས་ལྷོད་མེད་བྱེད་དགོས།
—— 2020ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་གོང་དུས་རབས་གསར་པའི་གཞོན་ནུར་གསུངས་པའི་གསུང་བཤད་ལས་དྲངས།
འབད་འཐབ་ནི་སྐད་གསང་མཐོ་བའི་འབོད་ཚིག་ཙམ་མིན་པར། དོན་ཆུང་མཐའ་དག་ཡག་པོ་སྒྲུབ་པ་དང་། ལས་འགན་ཚང་མ་ལེགས་སྒྲུབ་བྱེད་པ། འགན་འཁྲི་ཐམས་ཅད་ལག་བསྟར་བཅས་བྱེད་རིང་མངོན་པའི་སྙིང་སྟོབས་ཤིག་རེད། འབད་འཐབ་ཀྱི་ལམ་དུ་འཁོན་འཁོན་ཐོགས་ཐོགས་མེད་པ་ཞིག་མིན་པར། རྟག་ཏུ་དཀའ་སྡུག་དང་ཀྱག་ཀྱོག་གིས་ཁེངས་ཀྱང་། སྟོབས་དང་ལྡན་པ་ཚོས་དཀའ་སྡུག་གི་གནས་ལས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། དུས་ནམ་ཡང་སེམས་ཤུགས་ཆག་གི་མེད།
—— 2019ལོའི་ཟླ་4ཚེས་30ཉིན་ལྔའི་བཞི་ལས་འགུལ་སྤེལ་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལས་དྲངས།
འཚར་ལོངས་དང་འབད་འཐབ་བྱེད་རིང་གཞོན་ནུར་རྒྱལ་ཁ་དང་སྤྲོ་སྣང་འཐོབ་སྲིད་ལ། དཀའ་སྡུག་དང་གནོན་ཤུགས་ཀྱང་འཕྲད་སྲིད། སྐབས་ཤིག་རིང་གི་རྒྱལ་ཕམ་དང་ཐོབ་ཤོར་ལ་ངོས་འཛིན་ཡང་དག་བྱས་ནས་ཡག་པོ་ཡོད་དུས་ལྷོད་གཡེང་མི་གཏོང་བ་དང་ཕམ་ཁ་འཕྲད་དུས་སེམས་ཤུགས་མ་ཉམས་པར་ལམ་དུ་ལྷོངས་པ་དང་འགལ་རྐྱེན་ཕྲད་པ་གཉིས་ཀ་མི་ཚེའི་རྒྱུ་ནོར་དུ་འགྱུར་བར་བྱེད་པ་ལས། མི་ཚེའི་རྡོག་ཁྲེས་སུ་འགྱུར་མི་རུང་། རྒྱ་ཆེའི་གཞོན་ནུ་ཚང་མས་བདེན་ལེགས་མཛེས་གསུམ་ཚད་དུ་བཟུང་ནས། རང་ཉིད་ལ་རྟག་ཏུ་ཞུན་བརྡར་སྤྲས་ཏེ། ཡ་རབས་ཀྱི་སྤྱོད་བཟང་དང་བབ་ཆགས་ཀྱི་བརྩེ་བ་རྒྱུད་ལ་འཇགས་པར་བྱས་ནས། རང་ཉིད་མཆོག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།
—— 2017ལོའི་ཟླ་5ཚེས་3ཉིན་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ལས་དྲངས།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། སྐལ་བཟང་ཆོས་གྲགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
ཡོངས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་།
