ཁྱེད་ཉིད་བྱོན་པ་ལེགས།
欢迎您的关注
གཟིགས་་་་
ཁམས་པའི་དཔལ་ཡོན།
དྭངས་གཙང་གི་དཀར་མཛེས།
ཁུར་པོ་ཡང་གཏོང་ཕན་འབྲས་ཆེར་འདོན་དངོས་གཉེར་བྱ་རྒྱུར་དོ་སྣང་བྱེད།། རང་འཁྲིའི་རང་འགན་གཙང་མ་སྒྲུབ་ལ་འབད་དེ་ལེ་ཚན་གསར་པ་གཏོད།། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བའི་རྒྱས་བཤད།
སྤྱོད་ཚུལ་གྱི་གནད་དོན་ནི་མིའི་བློ་ཁ་གཏད་ཕྱོགས་དང་འབྲེལ་བ་ཡོད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏང་རྒྱུ་ཟུང་འབྲེལ་བྱ་རྒྱུ་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ལ་བརྩིས་ནས་སྤྱི་འདོམས་ཇུས་འགོད་དང་གཅིག་གྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལག་ལེན་གསར་པར་བརྟེན་ནས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཡོད། ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་དག་ཐེར་བཅོས་སྐྱོང་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་རྒྱུན་སྲིང་ངང་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་དགོས་མེད་ཀྱི་ཁུར་པོ་ཕབ་ཡོད།
ཁུར་པོ་ཡང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བ་དང་ཡང་ཆས་ཁུར་ནས་འབད་འབུངས་ཡར་བརྩོན་བྱེད། རྒྱ་ཆེ་བའི་གཞི་རིམ་ལས་བྱེད་པས་བྱ་གཞག་གསར་གཏོད་བྱེད་པའི་ཐོག་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་སྤྱད་དེ། འཕེལ་རྒྱས་དོན་གཉེར་བྱེད་ཅིང་། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ་དང་འབད་འབུངས་མདུན་སྐྱོད་བྱེད་ཀྱི་ཡོད།
གོང་གིས་འོག་ལ་སྣེ་ཁྲིད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐོང་ཆེན་བླ་ལྷག་དང་ཇུས་འགོད་བཀོད་སྒྲིག་བྱས་ནས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་།
2022ལོའི་ཟླ་བ9ཚེས9ཉིན《ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་གནས་ཚུལ་སྐོར་གྱི་སྙན་སེང》ཞེས་པ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོའི་གླེང་གཞིར་བཀོད་ཡོད།
“ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་དོན་ཞིག་ཏུ་གྱུར་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་གྱུར་ཡོད”
གནད་ལ་འཁེལ་བའི་གདེང་འཇོག་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཏན་ཏིག་མངོན་ཡོད།
2017ལོའི་ཟླ་བ12པར། ཞིན་ཧྭ་གསར་འགྱུར་ཁང་གིས《ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་གསར་པར་དོགས་ཟོན་བྱ་དགོས》ཞེས་པའི་རྩོམ་ཡིག་ཅིག་བཀོད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩོམ་ཡིག་ཏུ་སྤེལ་བའི་གནས་ཚུལ་བལྟས་ཚེ་མཚོན་ཚུལ་གསར་པ་ཞིག་ཏུ་སྣང་ཡང་། དོན་དངོས་ཐོག་གནད་དོན་རྙིང་པ་ཞིག་རེད། དེའི་ཐོག་ནས“སྤྱོད་ཚུལ་བཞིའི”གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ལོག་རང་བཞིན་ཡོད་པ་མཚོན་ཐུབ།“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་མཚམས་འཇོག་མི་རུང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ལྷོད་མི་རུང་ཞེས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
གནད་ལ་འཁེལ་ཞིང་། དུས་ཀྱི་སྐྱོན་དང་མཐུན་པ། རྣམ་འགྱུར་མངོན་པར་གསལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དམ་འཛིན་མཐའ་གཅིག་ཏུ་བྱས་ཡོད།
ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་ཞང་ཏུའུ་ཆུས་ཡུས་ཅ་ཐུན་གྲོང་རྡལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ལས་སྒྲུབ་མང་ཚོགས་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་རེའུ་མིག(2022ལོའི་ཟླ་བ3པའི་ཚེས30ཉིན)བྲིས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་ཀྲང་ཁྲེ་ཡིས་པར་བླངས།
2019ལོའི་ཟླ་བ4ཚེས15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞོགས་པ་སྔ་པོ་ནས་པེ་ཅིང་ནས་ཐོན་ཏེ་གནམ་གྲུར་བཞུགས་ནས་ཁྲུང་ཆིང་དུ་ཕེབས། སླར་ཡང་མེ་འཁོར་དང་རླངས་འཁོར་བརྗེས་ཏེ་ལ་ལུང་མང་པོ་ཞིག་བརྒལ་ནས་ཧྲི་ཀྲུའུ་ཐུའུ་ཅཱ་མི་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཡུལ་ཤོག་ཧྭ་ཞི་གྲོང་ཚོར་ཕེབས་པ་རེད།
སློབ་ཆུང་དུ་ཟ་ཁང་དང་ཐབ་ཚང་ལ་ཞིབ་གཟིགས་གནང་ཞིང་། དུད་ཚང་དབུལ་པོའི་ཁྱིམ་ནས་ཕྱི་ནང་གསལ་བའི་ཁང་པ་ཐེབས་ཆག་མཐོང་། ཏང་མི་རྒན་གྲས་ཀྱི་ཁྱིམ་དུ་གྲོང་མིའི་འཐུས་མི་དང་། གཞི་རིམ་ལས་བྱེད་པ། དབུལ་སྐྱོར་ལས་བྱེད་པ། གྲོང་གསེབ་སྨན་པ་སོགས་དང་མཉམ་དུ་སྲིད་ཇུས་དང་། འགྱུར་ལྡོག། འཕེལ་རྒྱས་དོན་གཉེར་སོགས་གླེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་ཏང་ཡོངས་སུ་དངོས་སྒྲུབ་སྤྱོད་ཚུལ་དར་སྤེལ་བཏང་སྟེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་མིག་དཔེ་བཟང་པོ་བསྟན་པ་རེད།
ཐེངས་འདིའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དག་ཐེར་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་གུས་ལུགས་རྙོག་པོ་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ། ཕེབས་བསུ་སྐྱེལ་མ་བཅས་ཀྱི་ཁྲོད་ནས་ཐར་བར་བྱ་དགོས་པའི་ནན་གསུང་གནང་ཡོད།
2020ལོར། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱིས་སྐབས་ཤིག་རིང་གཞི་རིམ་ལས་བྱེད་པ་ཅི་བྱ་གཏོལ་མེད་དུ་བཟོས་ཡོད། ནད་ཡམས་འགོག་པའི་འགག་རྩའི་དུས་སྐབས་སུ་ས་ཁུལ་ཁ་ཤས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐོན་འགོ་བཙུགས་ཡོད།
2020ལོའི་ཟླ་བ2ཚེས3ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་ཁག་ཅིག་གི་རིམས་ནད་འགོག་བཅོས་ཁྲོད་ཐོན་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ལ་སྐྱོན་བརྗོད་ནན་པོ་གནང་བ་སྟེ།
“ས་གནས་ཁ་ཤས་ཀྱི་གྲོང་ཁྱེར་དང་རྫོང་གི་འཕྲོད་བསྟེན་བདེ་ཐང་ཅུས་དང་། འཚུབ་བསྟུན་ཅུས། སྲིད་གཞུང་གཞུང་དོན་ཁང་། རྫོང་ཨུའི་གཞུང་དོན་ཁང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། སློབ་གསོ་ཅུས། ཞིང་ལས་དང་ཞིང་སྡེ་ཅུས་སོགས་ཚང་མས་སོ་སོའི་རེའུ་མིག་རེ་བཟོས་པའམ་ཁ་ཤས་རེ་བཟོས་ཡོད། གཞི་རིམ་ལས་བྱེད་པས་འབྲི་དགོས་པར་མ་ཟད་མགྱོགས་མྱུར་གོང་ཞུ་བྱ་དགོས་པའི་བླང་བྱ་བཏོན་ཡོད། རེའུ་མིག་དེ་དག་གི་ནང་དོན་ཧ་ལམ་གཅིག་མཚུངས་ཡིན་མོད། འོན་ཀྱང་ཡིག་ཆ་གཅིག་དང་སྡེ་ཚན་གཅིག་གིས་ཡུལ་ཤོག་དང་གྲོང་རྡལ་ལ་དགོས་གཏུགས་ཆེ་བའི་ཁ་ཤུབས་གཅིག་དང་དུག་སེལ་ཆུ་གཅིག་གི་གནད་དོན་ཐག་གཅོད་བྱེད་རོགས་བྱས་མེད”ཅེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ལས་བྱེད་པས་སེམས་ནུས་དེ་བས་མང་བ་རིམས་ནད་འགོག་ཟོན་གྱི་འཐབ་ཕྱོགས་དང་པོར་འབུལ་དུ་བཅུག་དགོས་པ་ལས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་ཐབས་ཐོག་ནས་གཞི་རིམ་གྱི་ཁུར་པོ་ལྕི་རུ་བཏང་སྟེ་གཞི་རིམ་ལས་བྱེད་པའི་རིམས་ནད་འགོག་བཅོས་ཀྱི་སྟོབས་ཤུགས་ཟད་དུ་འཇུག་མི་རུང་ཞེས་ནན་གསུང་གནང་བ་རེད།
བླང་བྱ་གསལ་པོ་དང་ཐུགས་ཁུར་དྲོ་སྐྱིད་ལྡན་པས་གཞི་རིམ་ལས་བྱེད་པ་རྒྱ་ཆེན་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།
ཀྲེ་ཅང་ཞིང་ཆེན་ཁྲང་ཞིན་རྫོང་ལུའི་ཧྲན་ཡུལ་ཤོག་ཅིན་གྲོང་སྡེ་བའི་གྲོང་སྡེ་རིམ་པའི་ལས་ཚབ་པས་སྡེ་དམངས་ཐོ་འགོད་ཁང་ལ་བསྒྲུབ་དགོས་པའི་བྱ་བ་ཐོ་འགོད་བྱས་རྗེས་ལས་ཚབ་པ་རྫོང་དུ་སོང་ནས་གཅིག་གྱུར་གྱིས་སྡེ་དམངས་ལ་ཚབ་སྒྲུབ་བྱས་ཡོད།(2019ལོའི་ཟླ11པའི་ཚེས20ཉིན།)ལུའེ་ཧྲན་ཡུལ་ཤོག་ཅིན་གྲོང་སྡེས་གྲོང་སྡེའི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཚབ་སྒྲུབ་སྐར་ཁུང་བཙུགས་ནས་གྲོང་མིར་ལས་ཚབ་དང་གྲོན་དངུལ་ཚབ་སྤྲོད་ཀྱི་ཞབས་ཞུ་བྱེད་ཀྱི་ཡོད་པ་རེད།
ཚོགས་འདུ་གལ་ཆེན་གཙོ་སྐྱོང་བྱེད་པ་ནས་ས་གནས་ལ་རྟོག་ཞིབ་བྱེད་པའི་བར་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་བསད་བྱ་དགོས་པར་མ་ཟད། ཕྱོགས་གང་ཅིའི་ཐད་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་རྒྱས་བཤད་གནང་། ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་འགན་གཙོ་བོ་གསལ་པོ་བཟོས་པར་མ་ཟད། བྱེད་ཐབས་ཀྱང་བཏོན་ནས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གཞན་དག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་ངོས་ནས་སྒྲུབ་འགོ་རྩོམ་པ་དང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གནས་སའི་ས་གནས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས2019ལོ་ནས་བཟུང་ལོ་ལྟར་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་འཁོར་གྱི་ལས་ཀའི་གནས་ཚུལ་གྱི་སྙན་སེང་ལ་ཉན་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དག་ཐེར་དང་གཞི་རིམ་ལས་བྱེད་མང་ཚོགས་ལ་སེམས་ཁུར་དང་དོ་ཁུར་བྱེད་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་བཏང་བ་རེད།
ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་བསྟུད་མར་ཡིག་ཆ་དཔར་འགྲེམ་བྱས་ཏེ། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་དང་།གཞི་རིམ་ལ་ཁ་ཕྱོགས་པའི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཐལ་ཆེ་བ། ལས་རྗེས་འཇོག་ཚད་ཐལ་དྲགས་པ་སོགས་ཀྱི་གནད་དོན་བཀོད་སྒྲིག་དང་ཐག་གཅོད་བྱས་ཤིང་།“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ”སོགས་གསལ་པོར་བཏོན་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།
ཏང་ཀྲུང་དབྱང་གིས་མཐོང་ཆེན་བླ་ལྷག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དོ་ཁུར་ཆེན་པོ་དང་། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་མིག་དཔེ་བཏོན་ནས་ཏང་ཡོངས་ཀྱིས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་དཀའ་གནད་ལས་སྒྲོལ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ཏེ་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྙིང་པ་དག་ཐེར་བྱེད་པའི་མཚོན་ཚུལ་གསར་པར་དམ་པོར་དམིགས་ཏེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཡོད།
ཡུལ་སྡེ་དར་རྒྱས་དང་རིམས་ནད་འགོག་ཟོན་སོགས་ཀྱི་ལས་འགན་གལ་ཆེན་གྱི་འཐབ་ཕྱོགས་དང་པོར་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། འོན་ཀྱང་ས་གནས་ཁ་ཤས་སུ་གཞི་རིམ་གྱི་ཁུར་པོ་ལྕི་དྲགས་པའི་གནས་ཚུལ་གནས་ཡོད།“འཚོག་མི་ཚར་བའི་ཚོགས་འདུ་དང་། སྐོང་མི་ཚར་བའི་རེའུ་མིག། བསུ་མི་ཚར་བའི་ཞིབ་བཤེར”བཅས་ཀྱིས་གཞི་རིམ་ལས་བྱེད་པ་ངལ་དུབ་ཀྱིས་མནར་ཡོད།
“གྲོང་སྡེ་རིམ་པའི་རྩ་འཛུགས་ལས་དོན་གྱི་ཁུར་པོ་ཡང་དུ་གཏོང་བ”དང“གྲོང་སྡེ་རིམ་པའི་ལས་ཀའི་ནང་སྲོལ་དང་སྒོ་བྱང་ཁུ་བསྡུ”བྱས་པ་སྟེ།
2022ལོར། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《གྲོང་སྡེ་རིམ་པའི་རྩ་འཛུགས་ལས་དོན་དང་། ནང་སྲོལ་སྒོ་བྱང་། ར་སྤྲོད་དོན་ཚན་བཅས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བསམ་འཆར》ནང་གནད་སྨིན་ཇུས་འདོན་བྱས་ཏེ་གྲོང་སྡེ་རིམ་པའི་རྩ་འཛུགས་དང་གྲོང་སྡེའི་ལས་བྱེད་པ་རྣམས་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་ཐབས་བྱས་ཡོད།
ཡིག་ཆ་བཏོན་པ་དེ་ནི་ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་ལ་ཤུགས་བསྣན་པའི་རྩེ་རིམ་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་འབྲེལ་ཡོད་ཡིག་ཆ་ཞིབ་འཇུག་འཆར་ཟིན་འགོད་པ་དང་འདོན་རྒྱུར་སྐུལ་འདེད་བཏང་བའི་དཔེ་མཚོན་ཞིག་རེད།
2019ལོའི་ཟླ་བ3པར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གཞུང་ལས་ཐིང་གིས་སྣེ་ཁྲིད་རྒྱུ་ཁ་གསལ་བྱས། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་བསྒྱུར་བཅོས་གཞུང་དོན་ཁང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་བཅས་སྡེ་ཚན8ཞུགས་ནས་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ཏེ་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་བྱ་རྒྱུའི་ཆེད་མངགས་འགན་ཁུར་བ་རེད།
ལོ་རེར་སྐས་རིམ་རེ་དང་གོམ་པ་རེ་ལ་རྐང་རྗེས་རེ་གཞག་དགོས། ཆེད་དོན་ལས་ཀའི་ནང་སྲོལ་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་ཐབས་ཁག་རྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་གཅིག་གྱུར་ཐོག་སྐུལ་འདེད་བཏང་སྟེ་ལས་དོན་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་ཡོད།
ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་བསམ་བློའི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱས་ཏེ་བསམ་བློའི་སློབ་གསོ་ཤུགས་ཆེན་བརྒྱབ་ཡོད།
ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི“ཆུ་ཚོད24ཡི་སྲིད་དོན་ཞབས་ཞུ་རང་འདེམས་སྒོ་རྩིས་ཚོང་ཁང”ནང་དུ་གྲོང་མིས་རང་འགུལ་ངང་བཙོང་འཛིན་ལས་སྒོ་གཉེར་བཞིན་པ།(2022ལོའི་ཟླ་བ4ཚེས2ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཀྲི་ཕུང་གིས་པར་བླངས།)
ཆེད་དོན9ཡོད། འབྲེལ་ཡོད་ཀྱི་རྣམ་བཤད་གལ་ཆེན་ངོ་གྲངས182བསྡུས་པ་དང་། ཚད་ལྡན་ཡིག་ཆ་གལ་ཆེན70ལྷག་ལས་བསྡུས། རྣམ་བཤད་གལ་ཆེན་མང་པོ་ཐོག་མར་ཡོངས་བསྒྲགས་སྤེལ་བ་སོགས་ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ནང་སྲོལ་ལ་སྐུལ་འདེད་བཏང་ནས་རྩོམ་སྒྲིག་པར་བསྐྲུན་བྱས་པའི《ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་བདམས་བསྒྲིགས》དེ་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པར་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་དང་རིམ་ཁག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”གཙོ་དོན་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་དགོས་པ་མངོན་གསལ་དོད་པོ་བྱས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་འགོ་བརྩམས་ཏེ།ལས་བྱེད་པའི་བསམ་བློར་གཙང་སེལ་ཆེན་པོ་བྱེད་པ་དང་།གནས་པའི་གནད་དོན་ལ་རྩད་ཞིབ་ཆེན་པོ་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་།དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་སོགས་དར་སྤེལ་བཏང་ཡོད། ཏང་མི་དང་ལས་བྱེད་པ་རྒྱ་ཆེན་གྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་བཞིན།བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད།
ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འདོར་དགོས་པ་དང་། གནད་དོན་གྱིས་ཁྲིད་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞུ་གཏུག་གི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།
འཁྱེར་འཕྲིན་འབྲེལ་དྲྭ་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཕྱི་ཚུལ་རིང་ལུགས་དེ“གཞུང་དོན་ཅོག་ཙེ”ནས“མཛུབ་རྩེ་ཡི”ཕྱོགས་སུ་བསྐྱོད་པ་དང་།“ལས་ཀའི་འཕྲིན་ཚོགས”དང་།“སྲིད་དོནAPP”བཅས་ཀྱིས་གཞི་རིམ་གྱི་ལས་བྱེད་པར་དཀའ་ལས་ཆེན་པོ་གཏུག་ཡོད།
ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ནང་སྲོལ་ལ་སྤྱི་འདོམས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“མཛུབ་རྩེ་ཐོག་གི་ཕྱི་ཚུལ་རིང་ལུགས”ལ་ཆེད་དོན་དག་ཐེར་བྱས་ཡོད།
“ཆེས་ཕན་ཐོགས་ཆེ་བ་ནི་ལག་འཕྲིན་རེད།‘ཏིང་ཏིང་ཏང་ཏང’ཞེས་པའི་དྲན་སྐུལ་གྱི་སྒྲ་ཉུང་དུ་ཕྱིན་ཡོད”ཅེས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཅང་ཨན་ཆུས་ཏན་ཁྲེ་ཁྲོམ་གཞུང་གི་གཞི་རིམ་ལས་བྱེད་པ་ཞིག་གིས་ཆེད་དོན་དག་ཐེར་བྱས་ནས“འཕྲིན་ཕྲན་ཚོགས་པར་ནམ་ཡང་བལྟ་དགོས་པ་དང་ཆ་འཕྲིན་བསྐྱར་སློག་མི་ཚར་བའི”གནད་དོན་ཉུང་དུ་ཕྱིན་ཡོད་ཅེས་བཤད།
གནད་དོན་གང་ཞིག་ལ་བསམ་འཆར་ཆེ་ན་དེ་ལ་དོ་ཁུར་དང་། གནད་དོན་གང་ཞིག་མངོན་གསལ་ཆེ་ན་དེ་དག་ཐེར་བྱ་དགོས།
ཡིག་ཆ་དང་གྲོས་ཚོགས་ཁུ་བསྡུ་དངོས་སུ་བྱས་ཤིང་ཚད་གཞི་བཟོས་ཏེ་བྱེད་ཐབས་གོ་ཆོད་པོ་སྤྱད་པ་དང་། ལྟ་སྐུལ་ཞིབ་དཔྱད་སྣ་མང་ལ་གཅིག་འདོམས་འཆར་འགོད་དང་ཚད་ལྡན་བཏང་ནས་ལོ་འཁོར་འཆར་གཞི་དོ་དམ་བྱེད་ཐབས་ལག་ལེན་བསྟར་ཞིང་། ཁ་ཚོན་གཅིག་གཅོད་དང་འགན་འཁྲི་ཆིངས་འཇོག་གི་དོན་ཚན། ག་གེ་མོའི་དཔོན་པོ་ལམ་ལུགས་ཆོ་མེད། གྲོང་ཁྱེར་འགྲན་འདེམས་གཟེངས་བསྟོད་དང་འབྲེལ་བའི་གསར་འཛུགས་བྱེད་སྒོ་སོགས་ཁྱོན་ཡོངས་ནས་མེད་པ་དང་ཚད་ལྡན་བཏང་སྟེ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་ངལ་ཕྱོགས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་ཡོད།
ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པར་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་འགན་ལེན་ལ་ཤུགས་བསྣན་དགོས།
རིག་པ་ཆུང་བས་ལས་དོན་གཉེར།། བློ་རིག་ཆེན་པོས་ལམ་ལུགས་སྐྱོང་།།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་ཨེར་ཏའོ་ཆུས་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཞོར་འདེགས་རེའུ་མིག་འགོད་ཁུལ་དུ་གྲོང་མིས་ལས་དོན་མི་སྣའི་རམ་འདེགས་འོག་དོན་ཚན་རེའུ་མིག་འགོད་བཞིན་པའི་ཚུལ།(2020ལོའི་ཟླ11ཚེས23ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུའེ་ཁྲང་གིས་པར་བླངས)
ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ནང་སྲོལ་དུ་ལམ་ལུགས་འཛུགས་སྐྱོང་དེ་དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་བསྒྱུར་བཅོས་ཀྱི་བསམ་ཕྱོགས་དང་བྱ་ཐབས་ལ་བརྟེན་ནས་སྤྱོད་ཚུལ་ངན་པ་རྩ་ལག་མཉམ་བཅོས་བྱས་ཏེ་ལམ་ལུགས་ཀྱི་སྐྱོན་ཆ་ནུས་ཤུགས་ཡོད་རྒུས་བསལ་ཡོད།
ཏང་ནང་ཁུལ་གྱི་ལྟ་སྐུལ་སྒྲིག་བསྟར་དང་ལས་བྱེད་པར་སྐུལ་མ་གཏོང་བ་སོགས་ཀྱི་ཐད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཡིག་ཆ་ཁག་ཅིག་གཏན་འབེབས་དང་བཟོ་བཅོས་བརྒྱབ། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་དག་ཐེར་བཅོས་སྐྱོང་དང་། ལྟ་སྐུལ་དང་ཞིབ་དཔྱད་ལ་སྤྱི་འདོམས་འཆར་འགོད་དང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད། གོང་ནས་འོག་བར་ཡོངས་ཁྱབ་ཏུ“རྩིས་ཐོ་བཟོ་བ་དང་། དོ་དམ་ནན་པོ། ཕྱོགས་རིས་ཡོ་བསྲང་། བརྡ་ཁྱབ”བཅས་ཀྱི་བྱེད་ཐབས་སྤྱད་ཡོད། སྲིད་དོནAPPདང་གྲོང་ཁྱེར་དཔྱད་འདེམས་དཔྱད་བསྡུར་གཟེངས་བསྟོད་དང་འབྲེལ་བའི་གསར་འཛུགས་བྱེད་སྒོ། དེ་བཞིན་གྲོང་སྡེ་རིམ་པའི་རྩ་འཛུགས་ཀྱི་ལས་དོན་དང་། ནང་སྲོལ་གྱི་བྱང་བུ། ར་སྤྲོད་དོན་ཚན་སོགས་ཀྱི་ཐད་འཇུག་འཐུས་ལམ་ལུགས་དང་འགུལ་རྣམ་ལེགས་སྒྲིག་ལམ་ལུགས་འཚོལ་ཞིབ་བྱས་ཡོད། ལམ་ལུགས་རབ་རིམ་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱས་ཡོད་ལ་ཕན་འབྲས་དེ་བས་ཆེ་བའི་དག་ཐེར་ལ་ཐབས་ལམ་ཡང་བཏོད་ཡོད་པ་རེད།
ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པར་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཉམ་འཛིན་སྤྱི་སྒྲུབ་དང་མཉམ་ཤུགས་འགག་སྒྲོལ་གྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏང་དགོས།
ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ནང་སྲོལ་གྱིས་སྣེ་ཁྲིད་སྤྱི་འཛིན་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁོངས་མིའི་ཚན་པ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སོ་སོའི་འགན་འཁྲིའི་ལས་བགོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་སྐུལ་འདེད་བཏང་ཡོད།
ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གིས་ས་གནས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་དོན་རྡོག་རྡོག་བླངས་པ་དང་གསལ་ཐོ་འགོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གཞི་རིམ་གྱི་སྙན་ཞུའི་རེའུ་མིག་གི་རྩིས་ཐོ་མང་བ་དང་། གྲོང་སྡེའི(སྡེ་ཁུལ)སྒོ་བྱང་བཀལ་མང་བ། རིམས་ཚུལ་འགོག་ཟོན་བྱ་ཐབས་གཅིག་ཐོག་གཉིས་བརྩེགས། དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་སོགས་ཀྱི་གནད་དོན་དག་ཐེར་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་ཕན་པ་བསྐྲུན།
ཕན་འབྲས་ལེགས་པོ་ཐོན་ཡོད། ལོ་མང་བསལ་མ་ཐུབ་པའི་ངན་རེངས་གཅོང་ནད་ཁ་ཤས་བཅོས་ཐུབ་ཡོད་པ་དང་། ཡུན་རིང་བསུན་པའི་ཚུལ་མིན་སྤྱོད་ཚུལ་ཁ་ཤས་བཀག་འགོག་བྱས་ཐུབ་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག་ཏང་ནང་ཁུལ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཀག་འགོག་དང་དག་ཐེར་ངེས་ཅན་ཞིག་ཐུབ་པ་དང་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་དུ་གྱུར་ནས་དུས་རབས་གསར་པར་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུ་མཐའ་འཁྱོངས་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་གང་ཐུབ་བྱེད་པའི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ་ཡོད།
ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་ཇི་འདྲ་ཐོན་པར་མང་ཚོགས་ལ་སྐད་ཆ་ཤོད་དབང་ཡོད།
ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་གསར་གཙང་པོའི་བྱང་རྒྱུད་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁུལ(རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཧར་པིན་སྡེ་ཁུལ)གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་གྲོང་མིས་ལས་སྒོ་གཉེར་བཞིན་པའི་ཚུལ(2022ལོའི་ཟླ7ཚེས12ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཐའོ་ཡིས་པར་བླངས།)
2022ལོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་དང་ཁ་པར་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། སྤྱི་ཚོགས་ཀྱི་སྤྱི་དམངས83.8%ཀྱིས་གནས་སའི་ས་གནས་དང་སྡེ་ཚན་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱས་ཚུལ་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས75.6%གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་སྲིད་ཇུས་ལ་ཕན་འབྲས་ཡག་པོ་ཐོན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རིམ་པ་ཁག་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་སྔར་ལས་ཟབ་པ་དང་། དོགས་ཟོན་སྔར་ལས་མཐོ་བ། ཚད་མཐོའི་བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་ཡོད། གཞི་རིམ་གྱི་ལས་བྱེད་པར་ད་ལྟ་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པའི་སེམས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་གང་ཐུབ་བྱེད་པའི་བསམ་ཚུལ་ཡོད། གནད་དོན་ལ་བསམ་གཞིགས་དང་ལས་ཀ་བཀོད་སྒྲིག་བྱེད་སྐབས་གཞི་རིམ་གྱི་ཁུར་པོ་ལྕི་རུ་འགྲོ་ཡོད་མེད་ལ་བསམ་བློ་གཏོང་སྲིད་པ་དང་། སྤྱོད་ཚུལ་ལེགས་འགྱུར་དང་ཕན་ནུས་ཇེ་ཆེར་གཏོང་བའི་ཁོར་ཡུག་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པའི་མྱོང་ཚོར་རྒྱ་ཁྱབ་ཏུ་བྱུང་ཡོད།
གཞི་རིམ་དུ་བསམ་འཆར་ཆེ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མངོན་གསལ་ཅན་དག་ཐེར་ནུས་ལྡན་ཐུབ་ཡོད།
ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་དང་།ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་མང་དྲགས་པ། སྣ་རིགས་མང་བའི“ཁ་ཚོན་གཅིག་གཅོད”ལ་སོགས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོ་བསྲང་དང་བཅོས་སྐྱོང་ཐུབ་པའི་རེ་བ་ཆེ་ཤོས་བྱེད་པའི་གནད་དོན་ནི་ནུས་ཤུགས་ཡོད་རྒུ་བཏོན་ནས་དམིགས་སུ་དག་ཐེར་བྱ་དགོས།
ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་དག་ཐེར་བྱེད་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཞིང་།2021ལོའི་ལོ་མཇུག་བར་ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཡིག་ཆའི་གྲངས་འབོར2018ལོ་ལས50%ཡན་ཉུང་དུ་ཕྱིན་པ་དང་། ཚོགས་འདུའི་གྲངས་འབོར65%ཡན་ཉུང་དུ་ཕྱིན་པ། དོན་རྡོག་རྡོག་དང་སྐད་ཆ་དྲང་པོ་བཤད་རྒྱུ་རྒྱུན་རྣམ་དུ་གྱུར་པ། ཚོགས་འདུ་རིང་པོ་འཚོག་རྒྱུ་ཐུང་ངུར་བཏང་བ་དང་གཏམ་བཤད་མང་པོ་ཉུང་ངུར་བཏང་བ་དེ་གཙོ་རྒྱུན་དུ་གྱུར་ཡོད།
ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལས་དོན་གྱི་གྲངས་འབོར་ལོ་བསྟུད་མར་མར་ཆག་པ་དང་། སྤྱིའི་ཆ་ནས་ཆག་ཚད90%ཡན་ལ་ཟིན། སྣེ་མང་ཞིང་གང་འདོད་དང་མང་དྲགས་པ། མང་ཐལ་ཤོར་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལས་དོན་གྱི་གྲུབ་འབྲས་དངོས་ལ་དེ་བས་དོ་སྣང་དང་། གྲུབ་འབྲས་ཀྱིས་ཁྲིད་སྟོན་བྱེད་པར་དེ་བས་མཐོང་ཆེན། ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ལ་དེ་བས་མཐོང་ཆེན། གཞི་རིམ་གྱི་དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུར་དེ་བས་དོ་སྣང་བཅས་བྱས་ཡོད།
རྣམ་གྲངས་སྣ་ཚོགས་ཀྱི“ཁ་ཚོན་གཅིག་གཅོད”དང་འགན་འཁྲི་འཁུར་ཆིངས་འཇོག་པའི་དོན་ཚན་གཙང་བཤེར་དང་ཚད་ལྡན་དུ་བཏང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་དོན་ཚན་གཙང་བཤེར་བྱས་རྗེས་ཀྱི་བསྡོམས་འབོར90%དང73%སོ་སོར་ཉུང་དུ་ཕྱིན་ཡོད།
གཞན་ཡང་དུས་སྐབས་ཤིག་རིང་གང་སར་ཁྱབ་པའི“དཔོན་ག་གེ་མོའི་ལམ་ལུགས”དང་། གྲོང་ཁྱེར་གྱི་དཔྱད་འདེམས་དཔྱད་བསྡུར་གཟེངས་བསྟོད་དང་འབྲེལ་བའི་གསར་འཛུགས་བྱེད་སྒོ། གྲོང་སྡེའི(སྤྱི་ཁུལ)ནང་སྲོལ་བྱང་བུ་སོགས་ཀྱང་གཙང་བཤེར་དང་ཚད་ལྡན་དུ་བཏང་བས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
གཞི་རིམ་ལས་བྱེད་པར་དོན་འཁྱོལ་དམ་འཛིན་གྱི་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་པོ་ཡོད།
ཧྲང་ཧའེ་གྲོང་ཁྱེར་མིན་ཞིང་ཆུས་ཆི་པའོ་གྲོང་རྡལ་སྤྱི་ཁུལ་ལས་དོན་བདག་སྤྲོད་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས(གཡོན)ལས་དོན་སྒྲུབ་པར་ཡོང་མཁན་གྲོང་མིར་རིག་ནུས་ཡིག་ཁུག་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་བྱེད་བཞིན་པ།(2021ལོའི་ཟླ་བ3ཚེས3ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྥང་ཅེ་ཡིས་པར་བླངས།)
ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ཧའེ་ཚང་ཆུས་ཞིན་དབྱང་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱི་ལས་བྱེད་པས་ལོ་འགའི་གོང་། སྐབས་རེ་ཉིན་གཅིག་ལ་ཚོགས་ར་འགར་བསྐྱོད་དགོས་པར་མ་ཟད། ད་དུང་དུད་ཁྱིམ་དུ་འབུད་རླངས་བདེ་འཇགས་ཞིབ་བཤེར་སོགས་སྤྱི་ཁུལ་འགན་འཁྲིའི་ཁྱབ་ཁོངས་སུ་མི་གཏོགས་པའི་བྱ་བ་བསྒྲུབ་དགོས།“ཐེངས་ཤིག་ནམ་ཕྱེད་ཆུ་ཚོད11ལྷག་ཙམ་ལ་ཁ་པར་ཐོན་ནས་ཕྱིར་ཉིན་གོང་རིམ་གྱི་ཞིབ་བཤེར་ལས་འགན་ཡོད་པའི་བརྡ་ཐོ་འབྱོར་བས་མྱུར་དུ་ཡར་ལངས་ནས་དཔྱད་གཞིའི་ཡིག་རིགས་གྲ་སྒྲིག་བྱས་པ་ཡིན”ཞེས་བཤད། ལས་བྱེད་པ་ཞིག་གིས“ད་ཆ་ཚོགས་འདུ་འཚོག་རྒྱུ་ཉུང་དུ་ཕྱིན་པ་དང་། དཔྱད་ཡིག་འབྲི་རྒྱུ་ཉུང་དུ་ཕྱིན་པ། སྡེ་ཁུལ་གྱི་ལས་བྱེད་པར་མང་ཚོགས་དང་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་དུས་ཚོད་དེ་བས་མང་བ་ཡོད་ཅེས་བཤད།
ཏང་ཀྲུང་དབྱང་གིས་དག་ཐེར་ཤུགས་ཆེན་བྱས་ནས་རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པ་རྣམས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་བར་བྱས་ཡོད། གཞི་རིམ་གྱི་ལས་བྱེད་པ་མང་པོ་ཞིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དེ་དོན་དངོས་ཐོག་ཕྱི་ཚུལ་རིང་ལུགས་ཀྱི་བྱ་དངོས་ཉུང་དུ་ཕྱིན་ནས་མང་ཚོགས་དང་སྤེལ་རེས་དང་དོན་དངོས་སྒྲུབ་པའི་དུས་ཚོད་མང་དུ་ཕྱིན་ཡོད་ཅེས་བཤད་ཀྱི་ཡོད།
འགོ་ཁྲིད་བྱེད་སྟངས་དང་བྱེད་ཐབས་བསྒྱུར་བ་དང་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ཡོད།
ཕྱོགས་སྟོན་སྤྱད་དེ་རང་འགུལ་ངང་རླངས་འཁོར་བཏང་ནས་བསྐྱོད་པ་དང་སྐབས་འགར་འཕྲད་པའི་གྲོང་མི་དང་གླེང་མོལ་བྱེད། པེ་ཅིང་ནས་ཡོང་བའི་བློ་མཐུན་གྱི་བྱམས་བརྩེའི་བཞིན་རས་མཐོང་སྐབས་གྲོང་མི་ཚོས་ག་ལེར་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད། འདི་ནི་གཞི་རིམ་གྱི་ཁུར་པོ་ཡང་དུ་སོང་མིན་ལྟ་ཞིབ་ཚད་འཇལ་ས་ཚུགས་སུ་སྡོད་པའི་ཞིབ་འཇུག་ཚོ་ཆུང་གིས་ཀན་སུའུ་ཞིང་ཆེན་ཅིང་ཡོན་རྫོང་དུ་བརྟག་ཞིབ་བྱས་པའི་གནས་ཚུལ་ཞིག་རེད།
བརྡ་ཐོ་མི་གཏོང་བ་དང་སྐད་མི་གཏོང་བ། སྙན་སེང་ལ་མི་ཉན་པ། འགྲོ་རོགས་སྣེ་ལེན་མི་དགོས་པ། ཐད་ཀར་གཞི་རིམ་དང་ཐད་ཀར་ལས་ཡུལ་དངོས་ལ་སོང་བའི་རྟོག་ཞིབ་བྱེད་སྟངས་དར་བ་དང་།“གནས་བྱེ་བྲག་ཏུ་རྟོག་ཞིབ”དང“ལམ་ཁར་གཞུང་ལས་སྒྲུབ་པ”དང“ལས་ཡུལ་དང་པོའི་ལས་ཀའི་བྱེད་ཐབས”དང་།“ཁྲོམ་གཞུང་དང་ཡུལ་ཤོག་གི་བརྡ་འབྱོར་བ་དང་སྡེ་ཁག་གིས་འབྱོར་ཐོ་འགོད་པ”སོགས་ནི་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་རྒྱུན་རྣམ་ཅན་གྱི་བྱེད་ཐབས་སུ་གྱུར་པ་དང་། དན་གྲངས་ཆེན་པོ་དང་། དྲྭ་རྩིས། མིས་བཟོས་རིག་ནུས་སོགས་ལག་རྩལ་བྱེད་ཐབས་ལ་བརྟེན་ནས་ལས་ཆོད་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དེ་འགན་ནུས་དང་བྱེད་སྟངས་བསྒྱུར་བའི་འཚོལ་ཞིབ་ཁ་ཕྱོགས་གཙོ་བོར་གྱུར་ཡོད།
ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བརྒྱུད་རིམ་ཁྲོད། གཞི་རིམ་ལ་མཐོང་ཆེན་དང་། གཞི་རིམ་ལ་སེམས་ཁུར།གཞི་རིམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ལས་ཀའི་ཁྲིད་ཕྱོགས་སྔར་བས་གྲུབ་ཅིང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་མུ་མཐུད་ཤུགས་བསྣན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་སོང་བ། གཞི་རིམ་བཅོས་སྐྱོང་གི་སྒྲིག་སྲོལ་དང་ནང་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། སྤྱི་ཚོགས་ཀྱི་ཐོན་ཁུངས་དང་། དོ་དམ་གྱི་དབང་ཚད། དམངས་འཚོའི་ཞབས་ཞུ་བཅས་སྔར་ལས་མང་བ་གཞི་རིམ་དུ་སྤྲད་པས། གཞི་རིམ་ལ་དབང་ཆ་དང་ནུས་པ་སྤྲད་པའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
གྲུབ་འབྲས་བཟང་པོ་ཐོབ་པ་དང་དུས་མཚུངས་སུ། མིག་སྔར་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་ད་དུང་གནད་དོན་མངོན་གསལ་ཅན་ཁག་ཅིག་གནས་ཡོད་པ་རེད། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཁ་ཤས་སྔར་བཞིན་བཀག་སྡོམ་ཡང་ཡང་བྱས་ཀྱང་མི་ཁོག་པ་དང་། སྒྲིག་སྲོལ་དང་ནང་སྲོལ་འཛུགས་སྐྱོང་ཐད་ད་དུང་ཞན་ཆ་དང་མི་འདང་ས་གནས་ཡོད་པ། ས་གནས་དང་སྡེ་ཁག་ཁ་ཤས་སུ་ལྷོད་གཡེང་སྒྱིད་ལུག་གི་བསམ་ཚུལ་བྱུང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་ཁག་དོན་འཁྱོལ་བྱེད་པར་ད་དུང་ཧེ་བག་ཡོད།
དམ་འཛིན་ལྷོད་མེད་ཀྱིས་རྒྱུན་འཁྱོངས་ཡུན་རིང་བྱ་དགོས།
གནད་དོན་ལ་ཐད་ཀར་དམིགས་ཏེ་དངོས་ཐོག་བདེན་འཚོལ་གྱི་ཏང་གི་སྲོལ་རྒྱུན་སྤྱོད་ཚུལ་སྔར་བས་རྒྱུན་འཁྱོངས་དང་དར་སྤེལ་བཏང་སྟེ་ཆེད་དོན་ལས་ཀའི་ནང་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་ཞིང་། གཞི་རིམ་གྱི་ཏང་མི་དང་ལས་བྱེད་པར་དོན་འཁྱོལ་དམ་འཛིན་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་བྱིན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་གཏོད་ཆེད་སྤྱོད་ཚུལ་གྱི་འགན་ལེན་ནུས་ལྡན་བྱ་དགོས།
ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། དངོས་སྒྲུབ་འབད་འཐབ་བྱས་ན་རྒྱལ་ཁབ་དར་རྒྱས་ཡོང་།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྟ་སྒ་དང་མི་འབྲལ་ཞིང་སྲབ་ལག་དང་མི་བྲང་བའི་ངེས་ཤུགས་དང་། དམ་འཛིན་ཡང་ཡང་ཡང་ཡང་དམ་འཛིན་བྱེད་པའི་བརྟན་ཤུགས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཏང་ཡོངས་ཀྱི་གོང་འོག་ཚང་མའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་སོ།།
