ཁྱེད་ཉིད་བྱོན་པ་ལེགས།
欢迎您的关注
གཟིགས་་་་
ཁམས་པའི་དཔལ་ཡོན།
དྭངས་གཙང་གི་དཀར་མཛེས།
ཚོགས་ཆེན་ཉི་ཤུ་དགའ་བའི་འཛུམ་གྱིས་བསུ།
ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཀོང་ཞི་འཐུས་མི་ཚོགས་པའི་གྲོས་མོལ་ནང་ལ་ཞུགས་དུས་བསྟན་དོན། སེམས་གང་ལ་ཤོར་ན་ཤུགས་དེའི་ཕྱོགས་ལ་སྒྲིམ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་རྟགས་མ་ཡི་འཁོར་ཆེན་རླུང་བུ་དང་འགྲོགས་ནས་རྒྱང་རིང་དུ་བསྐྱོད་ཐུབ་པར་སྐུལ་འདེད་བཏང་དགོས།
习近平在参加党的二十大广西代表团讨论时强调
心往一处想劲往一处使推动中华民族伟大复兴号巨轮乘风破浪扬帆远航
\ | /
★
ཀོང་ཞི་འཐུས་མི་ཚོགས་པའི་ལིའུ་ཉིང་དང་། ལན་ཐེན་ལི། ཀྲོའུ་ཅ་པིན། ཀྲུའུ་ཞུའེ་ལན། ཀྲེང་ཀྲི་མིང་སོགས་འཐུས་མི་ལྔས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྙན་ཞུའི་ཐད་དགོངས་འཆར་བཏོན་ཡོད་པ་དང་། ཁག་སོ་སོར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀོང་ཞི་ཡི་ལེའུ་ཧུར་ཐག་གཏོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀུའེ་ལིན་གྱི་རི་ཆུ་སྲུང་སྐྱོང་ཡག་པོ་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་ལས་གོང་འཕེལ་གཏོང་བ། རང་བརྟེན་གསར་གཏོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་གནང་བ་རེད། ཚང་མས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུས་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འགྱུར་ལྡོག་གི་གནས་བབ་མཐོ་ཤོས་ཐོག་ནས་འབྱུང་འགྱུར་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བ་ཞིག་གི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས་གནད་ཆེན་དག་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཡོད་པ་དང་། བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ཅིང་། དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་ཅིང་། མགྲིན་གཅིག་ཏུ་སྙན་ཞུ་འདིར་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་གྲོས་བསྡུར་གཏིང་ཟབ་གནང་བ་དང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་ཡོད། འཐུས་མིའི་གཏམ་བཤད་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་མི་ཚོགས་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་གྲོས་བསྡུར་ནང་ཞུགས་པར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་མ་ཟད། ཚོགས་ཞུགས་འཐུས་མི་རྣམས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ཁྲི་250ལྷག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་5700ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་བསྣོལ་མར་གནས་པའི་ཉམས་སད་དྲག་པོའི་འོག ཁྱོན་ཡོངས་ནས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་བླངས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་པ་དང་། ཕྱོགས་བསྡུས་དངོས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་ལེགས་སུ་ཕྱིན་པ། ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་བ། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས་བཅས་བྱུང་ནས། ཀོང་ཞི་ཡི་ས་གཞི་ཆེན་མོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ཡོད། གྲུབ་འབྲས་དེ་དག་གི་ཐོག་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་མེས་རྒྱལ་ལྷོ་ཕྱོགས་སུ་ལེགས་གྲུབ་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཐུབ་པ་མཚོན་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་དུས་རབས་གསར་པའི་ལོ་བཅུའི་ནང་གི་འཕོ་འགྱུར་རླབས་པོ་ཆེའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་5དང་དུས་རབས་གསར་པ་ཤར་ཚུན་གྱི་ལོ་10ནི་ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་བརྒྱུད་རིམ་ཁྲོད་ཆེས་རྒྱུན་ལྡན་དང་སྤྱིར་བཏང་མིན་པ་ཞིག་རེད། ལས་དོན་མ་བསྒྲུབས་དཀའ་བ་མི་ཤེས་ལ། བལྟས་ཚེ་སླ་མོད་བསྒྲུབ་པར་ཤིན་ཏུ་དཀའ། ལོ་10པོ་འདིའི་རིང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་འཕྲད་ཡོད་ནའང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འགག་སྒྲོལ་རང་བཞིན་གྱི་གོང་འཕེལ་རབ་དང་རིམ་པ་བྱུང་ནས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ལས་ཀའི་བཀོད་སྒྲིག་ནི་རྦད་དེ་ཡང་དག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་དོན་དངོས་དང་འཚམ་ཞིང་ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་གོང་འཕེལ་གྱི་བླང་བྱ་དང་འཚམ་པ་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད་པས། ཡང་དག་པའི་ངང་འགྲོ་དགོས་པ་དང་འགྲོ་ཐུབ་པ་མ་ཟད། བརྟན་པོ་དང་ཡག་པོ་འགྲོ་ཐུབ་པ་བྱེད་དགོས། ང་ཚོས་ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་བཏང་ནས་རྒྱུགས་སྤྲོད་ལམ་བུ་གསར་པའི་ཐོག་ལོ་རྒྱུས་དང་མི་དམངས་ལ་ཕུལ་བྱུང་གི་རྒྱུགས་ལན་གསར་པ་ཞིག་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་བསྟར་བར་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་རྒྱུས་མངའ་ལོན་པ་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། དེའི་ནང་གི་ལངས་ཕྱོགས་དང་ལྟ་བ་ཐབས་ལམ་བཅས་རྒྱུན་འཁྱོངས་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་། རང་རྟོན་རང་ཚུགས་རྒྱུན་འཁྱོངས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། ཁོག་ཡངས་དཀྱེལ་ཆེ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད། སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྒྱུད་རིམ་ཁྲོད་དོན་ཚན་དྲུག་པོ་དེ་དག་ལ་ནན་ཏན་ངང་གོ་བ་ལོན་ཐུབ་པ་བྱས་ཐོག ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གནས་ལུགས་དང་། ཚན་རིག་གི་ཆོས་ཉིད། འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་བཅས་ལ་གོ་བ་གཏིང་ཟབ་ལོན་ཐུབ་པ་བྱེད་པ་དང་། གང་དེའི་ཚིག་དོན་ཙམ་མ་ཟད་གནས་ལུགས་གསལ་པོར་རྟོགས་པར་བྱེད་པ། གང་དེ་དེ་ལྟར་ཡིན་ལུགས་རྟོགས་དགོས་ལ་དེ་ལྟར་ཡིན་པའི་གནས་ལུགས་ཀྱང་གསལ་པོར་རྟོགས་ཐུབ་པ་བྱེད་དགོས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་དང་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་འདུག
ཞི་ཅིན་ཕིང་གིས། དུས་རབས་གསར་པར་སླེབས་ཚུན། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད་པ་དང་། འཐབ་ཇུས་ཐད་རྒྱུན་ཆད་མེད་པར་བྱང་ཆུབ་ཏུ་ཕྱིན་པ། ལག་ལེན་ཐད་མཚམས་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་བཅས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་དང་རྒྱ་སྐྱེད་བཏང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱའི་ཐད་རྒྱས་བཤད་བྱས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་གཞི་རྐང་བརྟན་པོ་ཚུགས་པ་བྱེད་པ་དང་། ཀྲུང་གོའི་དོན་དངོས་དང་གང་ལེགས་མཐུན་པར་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་རིགས་གོང་འཕེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་འདོན་སའི་གཞི་གནས་ཐོག་འཇོག་པ་དང་། ཀྲུང་གོའི་གོང་འཕེལ་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ནང་དམ་པོར་བཟུང་སྟེ། དད་སེམས་བརྟན་པོ་དང་དྲང་སྲུང་གསར་གཏོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལོ་མང་པོའི་དཀའ་སྤྱད་བཞུན་བརྡར་གྱི་ངེས་ཤུགས་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བས། མི་བརྒྱ་སྟོང་ལ་ཕོག་ཐུག་བཏང་གྱུར་ཀྱང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་མི་ཟ་བའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས། སྔར་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེ་བྱེད་པའི་འགག་གཏོར་དམག་འཐབ་ཡག་པོ་རབ་དང་རིམ་པ་བརྒྱབ་ཡོད། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་དེ་ནམ་ཡང་ལམ་དུ་ཡོད་པས། ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་བཏང་ནས་ཏང་གི་ངོ་བོ་དང་། ཏང་གི་རང་མདངས། ཏང་གི་རྣམ་པ་བཅས་ནམ་ཡང་མི་འགྱུར་བ་འགན་ལེན་བྱས་ཐོག ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ཐོབ་ཐུབ། འབད་འཐབ་བྱས་ན་གཞི་ནས་ལེགས་འགྲུབ་ཡོང་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཔལ་འབྱོར་བརྟན་གཏོང་དང་གོང་འཕེལ་ལ་སྐུལ་འདེད་བཏང་བ་དང་། དབུལ་ཕོངས་དང་འཐབ་པ། འབྱོར་འབྲིང་སྐྲུན་པ། ནད་ཡམས་ཚོད་འཛིན་བྱས་པ། གནོད་འཚེ་ཆེན་པོར་འགོག་རྒོལ་བྱས་པ། གནས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་བཅག་པ། ཉེན་ཁ་སེལ་བ་སོགས་བྱས་ཏེ། བལྟས་ན་འགག་གཏོར་བྱེད་དཀའ་བར་སྣང་བའི་འགག་གནད་མང་པོ་ལས་བསྒྲོལ་བ་དང་། མི་རྣམས་ཧང་སངས་པར་གྱུར་བའི་མི་ཡུལ་གྱི་ངོ་མཚར་རབ་དང་རིམ་པ་བཏོད་ཡོད། མིག་སྔའི་གལ་འགངས་ཆེ་ཤོས་ཀྱི་ལས་འགན་ནི། ཕུ་ཐུང་བརྫེས་ནས་དཀའ་སྤྱད་འབད་འཐབ་བྱེད་པ་དང་། གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་སྲིད་ཇུས་བཀོད་སྒྲིག་གལ་ཆེན་དག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཀོང་ཞི་ཡི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ཐོག གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་མཐོའི་གོང་འཕེལ་ཐད་ནུས་པ་ཡག་པོ་འདོན་ཐུབ་པ་བྱེད་པ་དང་། གོང་འཕེལ་གྱི་གནས་བབ་གསར་པར་ཞབས་ཞུ་དང་དེའི་ནང་མཉམ་འདྲེས་ཐུབ་པའི་ཐད་འགག་གཏོར་དེ་བས་ཆེ་བ་ཐུབ་པ་བྱེད་པ། སྦགས་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཕེལ་རིམ་དེ་བས་ཆེ་བ་ཐོན་པ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དེ་བས་ཆེ་བ་ཐོན་པ་བཅས་བྱས་ནས། དུས་རབས་གསར་པའི་མཛེས་སྡུག་ཀོང་ཞི་འཛུགས་སྐྲུན་གྱི་གནས་བབ་གསར་པ་འབད་པས་གཏོད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
习近平同志17日上午在参加党的二十大广西代表团讨论时强调,党的二十大报告进一步指明了党和国家事业的前进方向,是我们党团结带领全国各族人民在新时代新征程坚持和发展中国特色社会主义的政治宣言和行动纲领。学习贯彻党的二十大精神,要牢牢把握过去5年工作和新时代10年伟大变革的重大意义,牢牢把握新时代中国特色社会主义思想的世界观和方法论,牢牢把握以中国式现代化推进中华民族伟大复兴的使命任务,牢牢把握以伟大自我革命引领伟大社会革命的重要要求,牢牢把握团结奋斗的时代要求。全党全国各族人民要在党的旗帜下团结成“一块坚硬的钢铁”,心往一处想、劲往一处使,推动中华民族伟大复兴号巨轮乘风破浪、扬帆远航。
广西代表团刘宁、蓝天立、周家斌、祝雪兰、郑志明等5位代表结合实际对报告发表了意见,分别就奋力谱写中国式现代化广西篇章、铸牢中华民族共同体意识、保护好桂林山水、发展特色农业产业、不断深化自主创新等问题发言。大家认为,党的二十大报告站在民族复兴和百年变局的制高点,科学谋划未来5年乃至更长时期党和国家事业发展的目标任务和大政方针,提出一系列新思路、新战略、新举措,是指导我们全面建设社会主义现代化国家、向第二个百年奋斗目标进军的纲领性文献,一致表示拥护这个报告。
习近平同代表们深入讨论,现场气氛热烈。在认真听取代表发言后,习近平表示很高兴作为广西代表团的代表参加讨论,并向在座各位代表和广西壮族自治区250多万党员、5700万各族干部群众表示诚挚的问候。
习近平指出,党的十八大以来,广西壮族自治区党委和政府贯彻落实党中央决策部署,团结带领全区各族人民统筹推进“五位一体”总体布局、协调推进“四个全面”战略布局,在百年变局与世纪疫情交织叠加的严峻考验下,全面打赢脱贫攻坚战,同全国同步全面建成小康社会,综合实力迈上新台阶,改革开放全面深化,生态环境持续改善,人民生活明显提升,城乡面貌日新月异,从严治党向纵深推进,民族团结、社会稳定、边疆安宁,八桂大地发生了翻天覆地的历史巨变。这些成绩,体现了党的民族政策和民族区域自治制度在祖国南疆的成功实践,是我国新时代10年伟大变革的生动缩影。
习近平强调,过去5年和新时代以来的10年,在党和国家发展进程中极不寻常、极不平凡。事非经过不知难,成如容易却艰辛。这10年,有涉滩之险,有爬坡之艰,有闯关之难,党和国家事业实现一系列突破性进展,取得一系列标志性成果。实践证明,党的十八大以来党中央的大政方针和工作部署是完全正确的,中国特色社会主义道路是符合中国实际、反映中国人民意愿、适应时代发展要求的,不仅走得对、走得通,而且走得稳、走得好。我们要坚定历史自信、增强历史主动,在新的赶考之路上向历史和人民交出新的优异答卷。
习近平指出,学习贯彻党的创新理论,要理解把握其世界观和方法论,坚持好、运用好贯穿其中的立场观点方法。党的二十大报告强调,要坚持人民至上、坚持自信自立、坚持守正创新、坚持问题导向、坚持系统观念、坚持胸怀天下。对这6条,要在学习贯彻中认真领会,从而深入领会党的创新理论的道理学理哲理,做到知其言更知其义、知其然更知其所以然,切实把党的创新理论贯彻落实到党和国家工作各方面全过程。
习近平强调,进入新时代以来,党对建设社会主义现代化国家在认识上不断深入、战略上不断成熟、实践上不断丰富,成功推进和拓展了中国式现代化。党的二十大报告阐述了中国式现代化的中国特色和本质要求。中国式现代化扎根中国大地,切合中国实际。我们要始终把国家和民族发展放在自己力量的基点上、把中国发展进步的命运牢牢掌握在自己手中,坚定信心、守正创新,奋力谱写全面建设社会主义现代化国家新篇章。
习近平指出,党的十八大以来,党中央以“十年磨一剑”的定力推进全面从严治党,以“得罪千百人,不负十四亿”的使命担当推进史无前例的反腐败斗争,打出一套自我革命的“组合拳”。全面从严治党永远在路上,党的自我革命永远在路上,我们要持之以恒推进党的自我革命,确保党永远不变质、不变色、不变味,使党始终成为中国特色社会主义事业的坚强领导核心。
习近平强调,团结才能胜利,奋斗才会成功。党的十八大以来,我们党紧紧依靠人民,稳经济、促发展,战贫困、建小康,控疫情、抗大灾,应变局、化危机,攻克了一个个看似不可攻克的难关险阻,创造了一个个令人刮目相看的人间奇迹。当前最重要的任务,就是撸起袖子加油干,一步一个脚印把党的二十大作出的重大决策部署付诸行动、见之于成效。
习近平希望广西各级党委和政府团结带领各族干部群众,以党的二十大精神为指引,深入践行新发展理念,坚决贯彻党中央决策部署,在推动边疆民族地区高质量发展上展现更大作为,在服务和融入新发展格局上取得更大突破,在推动绿色发展上实现更大进展,在维护国家安全上作出更大贡献,在推进全面从严治党上取得更大成效,奋力开创新时代壮美广西建设新局面。
ལྟ་སྐུལ་བ།ཧོར་རྒྱ་མཚོ།
རྩོམ་འགན་པ།དོན་འགྲུབ།ཆོས་གྲགས།
རྩོམ་སྒྲིག་པ་བློ་ཐུབ་བསྟན།