1 ཏོག་གསར་ནད་དུག་འགོས་རྗེས་ཅིའི་ཕྱིར་གློ་ལུ་བ་ཡིན་ནམ།
ལན།
གཉན་ཚད་བྱུང་རྗེས་གློ་ལུ་བ་ནི་གཙོ་བོ་ནད་དུག་གིས་དབུགས་ལམ་འབྱར་སྐྱིར་གནོད་འཚེ་བཏང་བ་དང་།འབྱར་སྐྱིའི་འོག་གི་དབང་རྩ་ཕྱིར་མངོན་པས་འཇམ་འདྲེད་ཤ་གྲིམ་བརྒྱུད་ནས་ཚུར་སྣང་རང་བཞིན་ཇེ་དྲག་དང་དབུགས་ལམ་འཁུམ་འདུ་ཇེ་སླ་རུ་བཏང་བས་རེད།
感染新冠病毒后为何会咳嗽?
答
感染后咳嗽,主要是由于病毒损伤了气道黏膜,黏膜下神经暴露导致平滑肌反应性增强,容易出现气道收缩。
2 ལུད་པ་ཕྱི་རུ་ལུ་མ་ཐུབ་ན་སྨན་ཇི་ལྟར་བསྟེནདགོས།
ལན།
གལ་ཏེ་སྐམ་ལུ་ཡིན་ན།ནད་རྟགས་ལ་གཞིགས་ཤིང་ལུ་བ་མཚམས་འཇོག་པའི་སྨན་བཀོལ་བས་ཆོག
གལ་ཏེ་ཁ་ལུད་ཡོད་ན།ཐོག་མའི་དུས་སུ་ཁ་ལུད་དེ་ལྦུ་བའི་རང་བཞིན་གྱི་དཀར་པོ་ཞིག་ཡིན་ལ།ཕྱི་ཆར་སླེབས་སྐབས་་འབྱར་བག་ཅན་དང་སེར་པོ་རྣག་ཅན་འབྱུང་སྲིད།དེའི་སྐབས་སུ་སྤྱིར་བཏང་གི་ལུ་བ་སོབ་པོར་བྱེད་པའི་སྨན་བཀོལ་བས་ཆོག
གལ་ཏེ་ཉིན་འགའི་རིང་དུ་ལུ་བའི་མདོག་ནི་དཀར་པོ་ནས་སེར་པོར་གྱུར་ཏེ།ཁ་ལུད་ཀྱི་ཚད་ཇེ་མང་དུ་སོང་སྟེ་ལུད་པ་གར་པོ་བྱུང་ན།ཕྲ་སྲིན་འདྲེས་ནས་གཉན་ཚད་རྒྱས་ཡོད་པའི་རྟགས་ཡིན་པས།སྲིན་འགོག་སྨན་བཀོལ་ནས་གསོ་བཅོས་བྱས་ཀྱང་ཆོགསྤྱིར་བཏང་དུ་སྲིན་འགོག་སྨན་ཉིན་3ནས་5ཡི་ནང་དུ་བསྟེན་ཆོག
浓痰咳不出去怎么用药?
答
如果是干咳,用一些对症的止咳药就可以。如果有痰,早期是白色泡沫痰,后期出现黏痰甚至黄浓痰,一般主张用化痰的药。
如果咳嗽几天痰的颜色由白色变成了黄色,痰量增加,出现了浓性痰,有可能是出现了合并细菌感染的情况,也可以用一些抗生素治疗,一般3到5天就可以。
3 སྲིབ་གཤིས་སུ་གྱུར་རྗེས་ད་དུང་རྒྱུན་དུ་གློ་ལུ་བ་ཅི་ཡིན་ནམ་།
ལན།
ཏོག་གསར་ནད་དུག་འགོས་རྗེས།ཨོ་མེ་ཁི་རོང་གི་གཞན་འགྱུར་དུག་སྡོང་ནི་གཙོ་བོ་དབུགས་ལམ་གོང་མའི་ཐོག་ཏུ་ཕོག་པ་ཞིག་ཡིན་ལ།ལུས་པོའི་རིམས་ཁེགས་་ཕྲ་ཕུང་ཡང་གནས་དེ་རུ་འདུས་ནས་དེ་རུ་ཡོད་པའི་ནད་དུག་རྩ་མེད་གཏོང་བ་རེད།འོན་ཀྱང་རིམས་ཁེགས་ཕྲ་ཕུང་གི་ལས་འགན་འགྲུབ་རྗེས་རང་བཞིན་གྱིས་རྙིང་ཚབ་གསར་བྱེད་བྱས་ནས་རང་ཉིད་ཀྱང་དེ་རུ་འཆི་བཞིན་ཡོད་ལ།དེ་མིན་ནད་དུག་གིས་གཏོར་བརླག་ཐེབས་པའི་ཕྲ་ཕུང་ཚང་མའང་ལུས་ནང་དུ་གད་སྙིགས་སུ་འགྱུར་སྲིད།དབུགས་ལམ་དུ་དངོས་པོ་མང་པོ་དེ་འདྲ་ཤོང་མི་ཐུབ་པས།དབུགས་ལམ་གྱིས་བེ་སྣབས་ཟགས་ཐོན་བྱས་ཏེ་ཁ་ལུད་དུ་འགྱུར་ཞིང་།མཐར་གློ་ལུ་བྱས་པ་བརྒྱུད་ནས་ཕྱིར་འདེེད་བཞིན་ཡོད་པ་རེད།
转阴后为啥还一直咳嗽?
答
感染新冠后,像奥密克戎变异毒株主要在上呼吸道,身体的免疫细胞会集聚到这里来消灭病毒。而免疫细胞完成任务后也会自然代谢死亡,连同被病毒破坏的细胞,都成为体内的垃圾。气道里容不下这么多东西,呼吸道就会分泌一些黏液,形成痰液,通过咳嗽把它排出去。
4 དུས་ཡུན་ག་ཚད་ནས་ལུད་པ་མེད་པར་འགྲོའམ།
ལན།
མི་ཁ་ཤས་ཀྱི་ལུ་བ་ཉིན་གཉིས་གསུམ་ནས་མེད་པར་འགྲོ་བཞིན་ཡོད་ལ།མི་ཁ་ཤས་ཀྱི་ལུ་བ་ནི་ཉིན་ལྔ་དྲུག་ལ་བྱུང་བཞིན་ཡོད་།གང་ལྟར།གློ་ལུ་བ་ནི་ལུས་ཁམས་སླར་སོས་འབྱུང་བའི་བརྒྱུད་རིམ་ཞིག་ཡིན་ཏེ།དེས་རིམས་ཁེགས་ཕྲ་ཕུང་དང་ནད་དུག་གི་གཡུལ་ར་གཙང་ཕྱགས་བྱེད་ཀྱིན་ཡོད་དེ།དབུགས་ལམ་སླར་སོས་བྱེད་པའི་གོ་རིམ་ཞིག་ཡིན།སླར་སོས་བྱས་པ་ཅུང་འགོར་བའི་མི་ཚོགས་ཀྱིས་ཀྱང་སེམས་ཁུར་བྱ་མི་དགོས་ཏེ།ཆེས་ཡུན་རིང་ནའང་ཉིན་14ཙམ་ལས་མི་འགོར་བར་དྲག་ཏུ་འགྲོ་བཞིན་ཡོད་དོ།།
多长时间咳嗽会消失?
答
有人两三天咳嗽就会消失,有人需要三五天。实际上,咳嗽是一个康复的过程,是打扫“战场”、修复气道的过程。恢复慢一点的人也不用太担心,根据经验,一般都会在十四天内康复。
5 གལ་ཏེ།རྒྱུན་མཐུད་དུ་ལུ་ན་གློ་ཚད་དུ་འགྱུར་ཉེན་ཡོད་དམ།
ལན།
གློ་ལུ་བ་དང་གློ་ཚད་གཉིས་ནི་གོ་དོན་མི་འདྲ་བ་གཉིས་ཡིན་ཏེ།གློ་ལུ་བ་དེ་ནད་ཡམས་གང་རུང་ཞིག་གི་ནད་རྟགས་ཙམ་ཡིན་པ་ལས།དེ་ནད་ཅིག་མིན།གློ་ལུ་བར་རྒྱུ་རྐྱེན་མང་པོས་བསྐྱེད་སྲིད་རུང་།གློ་ལུ་བ་རྐྱང་རྐྱང་གིས་གློ་ཚད་བསྐྱེད་བཞིན་མེད།ནད་དུག་དང་ནད་སྲིན་སོགས་ནད་གཞིའི་རིགས་དབུགས་ལམ་དུ་འཚང་བའི་སྐབས་སུ་གློ་ལུ་བ་རེད་ལ།དབུགས་ལམ་ལ་གཉན་ཚད་རྒྱས་པའི་སྐབས་སུ་ད་གཟོད་གློ་ཚད་དུ་འགྱུར་བ་རེད།ཡང་གཅིག་བྱས་ན།གློ་ལུ་བ་ནི་གློ་ཚད་ཀྱི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ནོ།།
一直咳会不会引发肺炎?
答
咳嗽和肺炎是不同的概念。咳嗽仅是疾病的症状,不是一种疾病,咳嗽可以由多种原因引起。咳嗽本身不会引起肺炎。当病毒细菌等病原体仅累及上呼吸道时,通常就会出现咳嗽。而当炎症累及下呼吸道,就可能发展成为肺炎。咳嗽也是肺炎最常见的临床表现之一。
6 ཐབས་ལམ་གང་དག་གིས་གློ་ལུ་བ་མཚམས་གཅོད་ཐུབ་བམ།
ལན།
ཆུ་མང་ཙམ་འཐུང་བ་དང་།ངལ་གོས་ཡག་པོ་བྱ་བ།ལས་ཚེགས་ཆེ་རུ་མི་འཇུག་པ།བུང་སྦྲང་ངམ་ཞུ་མཁན་གྱི་ཁན་དྲ།ཆང་བ་ལི་སོགས་ཀྱིས་ཁུ་བ་བསྐོལ་ནས་འཐུང་བའམ།ཡང་ན།ཁོར་ཡུག་ལ་རླན་གཤིས་འབབ་ཏུ་བཅུག་ནའང་ལུ་བ་འགོག་པར་ཕན་པ་ཡོད།གལ་ཏེ།གློ་ལུ་བའི་གནས་ཚུལ་ཡོད་རུང་།ཉེ་འཁོར་དུ་ཆུ་འཐུང་རྒྱུ་མེད་ན།བསྟུད་མར་མཆིལ་མ་མིད་པའི་ཐབས་ལམ་སྤྱད་ནས་ལུ་བ་འགོག་པར་བྱ་ཆོག དེའི་སྐབས་སུ་དུ་བ་འཐེན་མི་རུང་ལ།ཁོར་ཡུག་འབག་བཙོག་དང་དྲི་ངན་ཡོད་པའི་ཁོར་ཡུག་དང་རིང་དུ་བཀྱེད་དགོས། ད་དུང་ལུ་སྨན་འཐུང་ནས་གནད་དོན་སེལ་བར་བྱས་ཀྱང་ཆོག
哪些措施可以应对咳嗽不止?
答
建议多喝水、多休息、避免劳累,饮用蜂蜜水或用枇杷膏、梨等熬制的汤,以及给环境加湿等,有利于缓解咳嗽。如果想咳嗽,但身边没有水,可以尝试反复吞咽。同时,要避免吸烟,远离污染及有刺激性气味的环境。此外,也可对症服用镇咳药物。
7 ལུ་བའི་ཚད་ག་ཚད་དུ་སླེབས་སྐབས་སྨན་ཁང་དུ་འགྲོ་དགོས་སམ།
ལན།
གལ་ཏེ།གློ་ལུ་བ་དེས་འཚོ་བ་དང་གཉིད་པ་སོགས་ལ་ཤུགས་རྐྱེན་ཐེབས་སྐབས།སྨན་ཁང་གི་དབུགས་ལམ་ཚན་ཁག་གི་སྨན་པར་བསྟེན་པའམ།དྲྭ་ལམ་ནས་འབྲེལ་ཡོད་འདྲི་རྨེད་བྱ་ཆོགགལ་ཏེ།ལུ་བའི་ཁྲོད་དུ་ཁྲག་འདྲེས་པའམ།མཚན་མོའི་སྐབས་སུ་ལུ་བའམ།ལུས་ཚུགས་བསྒྱུར་སྐབས་ལུ་བའི་གནས་ཚུལ་ཚབས་ཇེ་ཆེར་སོང་བའམ།ལུད་པའི་ཁྲོད་དུ་རྣག་གཤིས་ཅན་མང་པོ་ཡོད་པའམ།གློ་ལུ་བའི་དུས་ཡུན་ཉིན་གསུམ་ལས་བརྒལ་ན་སྨན་ཁང་དུ་འགྲོ་བར་འོས་སྦྱོར་ཡོད།
咳到什么程度需要去医院就诊?
答
如果咳嗽影响了生活、睡眠等,建议及时到医院呼吸科就诊或线上问诊。如果出现咳血(痰中带血)、夜间或改变体位时咳嗽加重,咳大量黄脓痰,或咳嗽超过3周时,建议去医院就诊。
8 བྱིས་པར་ཚད་པ་རྒྱས་པ་དང་གློ་ལུ་ན།ལམ་སང་སྨན་ཁང་དུ་འགྲོ་དགོས་སམ།
ལན།
སྤྱིར་ཚ་བ་རྒྱས་པ་དང་གློ་ལུ་བའི་གནས་ཚུལ་ཡོད་རུང་།བྱིས་པའི་རྣམ་རིག་དྭངས་མོ་ཡིན་ན།སྨན་ཁང་དུ་འགྲོ་མི་དགོས་པར་རང་ཁྱིམ་ནས་འབྲེལ་ཡོད་གནད་དོན་སེལ་ཐབས་བྱས་པས་ཆོགགལ་ཏེ།ཚ་བ་རྒྱས་པའི་གནས་ཚུལ་ཉིན་3ལས་བརྒལ་བ་དང་།གློ་ལུ་བའི་གནས་ཚུལ་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་བ།དེས་འཚོ་བ་དང་གཉིད་པ་སོགས་ལ་ཤུགས་རྐྱེན་ཐེབས་པའི་སྐབས་སུ། ད་དུང་བྱིས་པ་ཁག་ཅིག་ལ་དབུགས་ཧལ་བ་དང་།དབུགས་མི་བདེ་བ།སྐད་འཛེར་བ་སོགས་ཀྱི་ནད་རྟགས་བྱུང་ན།ལམ་སང་དུ་སྨན་ཁང་ནང་སོང་ན་དགའ།
孩子发烧咳嗽,需要马上去医院吗?
答
如果孩子虽有发烧咳嗽等症状,但精神挺好,可以在家继续观察、对症处理。但是出现发烧持续3天以上没有好转;咳嗽加重,影响到日常生活和睡眠;还有一部分孩子喘息、呼吸增快,甚至呼吸困难,有明显的声音嘶哑等,要及时就诊。
9 གློ་ལུ་ཚབས་ཆེན་བྱུང་སྐབས་དྲང་པོར་གན་རྐྱལ་དུ་ཉལ་རུང་ངམ།
ལན།
གློ་ལུ་བའི་སྐབས་སུ་དྲང་པོར་གན་རྐྱལ་དུ་ཉལ་ན་དབུགས་ལམ་དུ་ཟགས་ཐོན་དངོས་རྫས་འཚང་ནས་གློ་ལུ་བའི་ཚབས་ཇེ་ཆེ་རུ་འགྱུར་སྲིད་པས།མགོ་སྔས་ཅུང་མཐོན་པོ་འཇོག་དགོས།མགོ་སྔས་མི་འདྲ་བ་གཉིས་བཀོལ་བ་སྟེ།སྐེ་ཞབས་ཀྱི་མགོ་སྔས་འཕྲེད་དུ་འཇོག་པ་དང་།རྒྱབ་གཞུང་གི་མགོ་སྔས་ཐུར་དུ་འཇོག་པའི་ཐབས་ལམ་སྤྱད་ནས།དབྱིན་ཡིག་་གི་ཡིག་འབྲུ་Tཡི་རྣམ་པ་ལྟར་ཡོང་བ་བྱས་ན།དབུགས་ལམ་དྲང་ཐད་དུ་ཡོང་བ་དང་།ལུ་བ་ལུ་ཐུབ་པར་ཕན་པ་ཡོད་པར་བཤད་དོ།།
咳嗽严重时可以平躺吗?
答
咳嗽严重时平躺,呼吸道分泌物容易积聚,会加重咳嗽。可考虑垫高头部,将头颈和背部从高到低同时垫高,比如用两个枕头,头部枕头横放,背部枕头竖放,呈T字形,这样有利于呼吸通畅、咳嗽排痰。
10 མི་གང་དག་གིས་ཤུགས་ཆེན་པོས་ལུ་མི་རུང་ངམ།
ལན།
གློ་ལུ་བའི་སྐབས་སུ་གྲེ་བ་རྐྱང་རྐྱང་གིས་ཤུགས་ཕུད་ནས་ལུ་མི་རུང་སྟེ།དེ་ལྟར་བྱས་ན།དབུགས་ལམ་གྱི་ཟགས་ཐོན་དག་གཙང་སེལ་བྱ་མི་ཐུབ་པར་མ་ཚད།ད་དུང་མིད་པ་ན་བ་དང་།སྐད་འཛེར་བའི་ཉེན་ཁ་ཡོད་ལ།ལྷག་པར་དུ་ཀླད་པའི་ཁྲག་རྩ་ཐེད་ཡོད་པའམ།འཚང་ཡོད་པའམ།ཁྲག་རྩའི་ནང་དུ་འབྲས་སྐྲན་སྐྱེ་ཡོད་པའི་ནད་པ་ཡིན་ན།ཤུགས་ཕུད་ནས་ལུ་བ་ནི་དེ་ལས་ཀྱང་འཛེམ་དགོས་པའི་དོན་དག་ཅིག་ཡིན་ནོ།།
哪些人群要避免用力咳嗽?
答
不要光凭嗓子用力咳嗽,这样不仅不能有效清理呼吸道分泌物,还会导致咽痛、声音嘶哑。尤其有脑血管破裂、栓塞或血管瘤病史者,更应避免用力咳嗽。
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། སྐལ་བཟང་ཆོས་གྲགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
ཡོང་ཁུངས། བོད་སྐད་ཨེ་འགོག་ཞབས་ཞུ་ལྟེ་གནས།
