甘孜州传媒中心主办       热线:0836-5124430       
སྙིང་དང་ཁྲག་རྩའི་ནད་ཡོད་པར་ཏོག་གསར་འགོས་ན་ཇི་ལྟར་གནང་དགོས།
2023-01-16 09:31

       དང་ཐོག དངངས་སྐྲག་གནང་རྒྱུ་མེད། མིག་སྔར་ཏོག་གསར་ནད་དུག་ཨའོ་སྨི་ཁེ་རུང་ངོ་འགྱུར་ནད་དུག་འགོས་པ་ལས་བྱུང་བའི་ནད་རྟགས་ཅུང་ཡང་བས་ནད་རྟགས་གཞིར་བཟུང་སྨན་བཅོས་གནང་ན་འགྲིག་གི་འདུག གལ་ཏེ། དུས་ཡུན་རིང་པོ་མི་བདེ་བ་བྱུང་ན་དུས་ཐོག་ཏུ་སྨན་བཅོས་གནང་བར་ཕེབས་དགོས།

       སྙིང་ནད་ཕོག་པ་ཁག་ཅིག་གིས་སྔར་རྒྱུན་བཞིན་ཚིལ་གཅོག་སྨན་དང་། ཁྲག་ཤེད་གཅོག་པའི་སྨན་སོགས་བསྟེན་གྱི་ཡོད་པ་དང་། ཏོག་གསར་ནད་དུག་འགོས་པའི་རྗེས་སུ་སྨན་དེ་དག་གཏོང་མཚམས་བཞག་ནས་སེམས་ནུས་ཡོད་རྒུས་ཏོག་གསར་ནད་དུག་ཀྱི་སྨན་བཅོས་བྱེད་དགོས་བསམ་གྱི་ཡོད། དེའི་རིགས་གཏན་ནས་གནང་རྒྱུ་མེད། མིའི་ལུས་པོར་ཏོག་གསར་ནད་དུག་འགོས་པ་ཡིན་ན་ཁྲག་འགག་པའི་སྣང་ཚུལ་ཐོན་སླ་པོ་ཡོད། སྙིང་ནད་ཕོག་མཁན་གྱི་ནད་པའི་ངོས་ནས་བརྗོད་ན། གལ་ཏེ་གློ་བུར་དུ་ཁྲག་འགག་སྔོན་འགོག་སྨན་གཏོང་མཚམས་བཞག་པ་ཡིན་ན་དུས་ཐུང་ནང་ཁྲག་འགག་ནས་སྙིང་རྩ་འགག་སྟེ་འཆི་ཉེན་ཆེན་པོ་ཡོད། ཚིལ་གཅོག་སྨན་ཡང་གློ་བུར་དུ་གཏོང་མཚམས་བཞག་པ་ཡིན་ན། ཁྲག་ཚིལ་མགྱོགས་མྱུར་ངང་འཕར་སྲིད།

       མིག་སྔའི་ནད་ཐོག་ཉམས་མྱོང་ནས་བལྟས་ན། ཚ་བ་མཐོ་པོ་རྒྱས་ན་གཞི་ནས་སྙིང་ནད་ཕོག་པའི་ནད་པའི་སྨན་བཅོས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པ་ལས་དེ་མིན་གྱི་སྨན་བཅོས་བྱ་ཐབས་ནི་སྔར་བཞིན་བདེ་འཇགས་ལྡན་པ་ཞིག་ཡིན། དཔེར་ན། རྒྱུན་དུ་སྤྱོད་པའི་ཚ་འཇོམས་དུག་སེལ་དང་། ཤ་གནད་ཀྱི་ཟུག་འཇོམས་སྨན་ལྟ་བུ་རེད།

       གལ་ཏེ་ཏོག་གསར་ནད་དུག་འགོས་པ་ཡིན་ན། སྙིང་ནད་ཕོག་པའི་ནད་པས་ཏོག་གསར་འགོས་པ་ལས་བྱུང་བའི་ནད་རྟགས་ཐོན་ན་སྨན་བཅོས་གནང་ན་འགྲིག་གི་ཡོད། གལ་ཏེ། ཚ་བ་རྒྱས་པའི་ནད་རྟགས་ཐོན་ན། ཚ་འཇོམས་སྨན་གཏོང་སྐབས་ཡིད་གཟབ་གནང་དགོས་པ་ཕུད། ད་དུང་ཆུ་མང་ཙམ་འཐུང་དགོས་ལ་དངོས་ཁམས་ཀྱི་ཚ་འཇོམས་ཐབས་ཤེས་སྤྱད་དེ་ཚ་བ་གཅོག་ཐབས་གནང་ན་འགྲིག གལ་ཏེ། མིད་པ་ན་བའི་ནད་རྟགས་ཐོན་ན། ཟ་མ་བཟའ་སྐབས་ཁ་ཚའི་རིགས་སོགས་ཀྱི་ཟས་རིགས་མཆོད་གནང་རྒྱུ་མེད། དུས་མཚུངས་སུ་མིད་པ་བདེ་རུ་གཏོང་ཆེད་ཀྱི་བྱི་རིལ་དང་སྨན་སོགས་བཏང་ན་འགྲིག གལ་ཏེ། ཟས་ཀྱི་དང་ག་ཉམས་པ་དང་ལྕེ་ཚོར་ཉམས་པའི་ནད་རྟགས་ཐོན་ན། སྐྱུར་ཆ་ཆེ་བའི་ཟས་རིགས་མང་ཙམ་མཆོད་དགོས། གཞན་ད་དུང་རྒྱུན་དུ་ཤིང་ཏོག་དང་སྔོ་ཚལ་སོས་པ་མང་ཙམ་མཆོད་དགོས།

       ཁྲག་ཤེད་མཐོ་བའི་ནད་པ་མང་པོར་ཏོག་གསར་ནད་དུག་འགོས་རྗེས། ཁྲག་ཤེད་འཕར་བའི་གནས་ཚུལ་ཐོན་གྱི་ཡོད་པས། ཁོང་ཚོས་དེ་ནི་ནད་དུག་གིས་ཁྲག་རྩར་གནོད་པ་ལས་བྱུང་བར་འདོད་ཀྱི་ཡོད། དོན་དངོས་ཐོག ཁྲག་ཤེད་འཕར་ཆག་བྱུང་བ་དེ་ནི་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད་པས་ཏོག་གསར་ནད་དུག་དང་ཐད་ཀའི་འབྲེལ་བ་ཡོད་མི་སྲིད།

       མཇུག་ཏུ་དྲན་སྐུལ་ཞུ་རྒྱུར། སྙིང་དང་ཁྲག་རྩའི་ནད་ཕོག་པར་བྲང་ཁོག་བསྡམས་པ་དང་། བྲང་ཁོག་ལ་ན་ཟུག་གཏོང་བ་སོགས་ཀྱི་ནད་རྟགས་མངོན་གསལ་དོད་པོ་ཐོན་པ་དང་། ལྷག་པར་དུ་ཏོག་གསར་ནད་དུག་འགོས་མིན་གསལ་པོ་མ་ཤེས་པའི་སྐབས་སུ་དུས་ཐོག་ཏུ་སྨན་ཁང་བསྟེན་དགོས་པ་ལས་ནར་འགྱངས་གནང་རྒྱུ་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换