甘孜州传媒中心主办       热线:0836-5124430       
སྲིད་གཞུང་གི་ལས་དོན་སྙན་ཞུ་སྐད་གཉིས་མ།
2023-03-07 09:19

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ། 

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ། 

3月5日,李克强总理向十四届全国人大一次会议作政府工作报告,要点如下:

ཟླ་3ཚེས་5ཉིན། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། གཙོ་གནད་ཁག་གཅིག་གཤམ་གསལ།

一、过去一年和五年工作回顾

གཅིག འདས་ཟིན་པའི་ལོ་གཅིག་དང་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་བལྟས་པ།

  过去一年:全年国内生产总值增长3%全年增值税留抵退税超过2.4万亿元脱贫人口务工规模超过3200万人

ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་3%འཕར་བ།

ལོ་ཧྲིལ་པོར་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སྒོར་དུང་ཕྱུར་ཁྲི་2.4ལས་བརྒལ་བ།

དབུལ་སྒྲོལ་མི་འབོར་ཁྲི་3200ལྷག་ཙམ་ལ་ལས་ཀ་རག་པ།

  过去五年:

国内生产总值增加到121万亿元,五年年均增长5.2%

粮食产量连年稳定在1.3万亿斤以上

城镇新增就业年均1270多万人

经过八年持续努力,近1亿农村贫困人口实现脱贫

རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་121བར་འཕར་བ་དེ་ལོ་ལྔའི་ནང་ལོ་རེར་ཆ་སྙོམས་5.2%འཕར་བ།

འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་དུ་བརྟན་པོར་གནས་པ།

ལོ་རེར་གྲོང་ཁྱེར་དང་གྲོང་རྡལ་དུ་ཆ་སྙོམས་མི་ཁྲི་1270ལྷག་ཙམ་ལས་ཀར་ཞུགས་ཐུབ་པ།

ལོ་བརྒྱད་བསྟུད་མར་འབད་བརྩོན་བྱས་པ་བརྒྱུད། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་པ།

二、今年发展主要预期目标

གཉིས། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ།

 国内生产总值增长5%左右城镇新增就业1200万人左右居民消费价格涨幅3%左右粮食产量保持在1.3万亿斤以上

 རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བ་བྱེད་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1200ཡས་མས་ལས་ཀར་ཞུགས་ཐུབ་པ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་པ་བྱེད་རྒྱུ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ།

三、对今年政府工作的建议

གསུམ། ད་ལོའི་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་གྲོས་འགོ  

 财政:积极的财政政策要加力提效。赤字率拟按3%安排

 ནོར་སྲིད།  ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ལས་ཕན་འབྲས་ཐོན་པར་ཤུགས་རྒྱག་རྒྱུ།

 税费优惠:对现行减税降费、退税缓税等措施,该延续的延续,该优化的优化

 ཁྲལ་རིན་གཟིགས་སྐྱོང་། ད་ལྟ་ལག་ལེན་བསྟར་བཞིན་པའི་ཁྲལ་རིན་གཉིས་ཆག་དང་ཁྲལ་སློག་ཁྲལ་འགྱངས་སོགས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས་རིགས་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་དགོས་རིགས་ལེགས་བཅོས་བྱེད་རྒྱུ།

 就业:把促进青年特别是高校毕业生就业工作摆在更加突出的位置

 ལས་ཞུགས། གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ།

 疫情防控:推进疫苗迭代升级和新药研制,切实保障群众就医用药需求

 རིམས་ནད་སྔོན་འགོག་དང་ཚོད་འཛིན། རིམས་འགོག་སྨན་ཁབ་ཀྱི་ནུས་པ་ཡག་ཏུ་གཏོང་བ་དང་སྨན་རྫས་གསར་པ་འདོན་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྨན་པ་བསྟེན་པ་དང་སྨན་སྤྱོད་པའི་དགོས་མཁོ་ཏན་ཏིག་བསྐང་རྒྱུ།

 政府投资:今年拟安排地方政府专项债券3.8万亿元

 སྲིད་གཞུང་གིས་མ་དངུལ་གཏོང་བ། ད་ལོ་ས་གནས་སྲིད་གཞུང་ལ་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.8བཀོད་སྒྲིག་བྱེད་རྩིས་ཡོད་པ།

 制造业重点产业链:集中优质资源合力推进关键核心技术攻关

 བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འབྲེལ་ཐག་གཙོ་བོ། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་འགག་རྩའི་ལག་རྩལ་གཙོ་བོ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ།

 数字经济:提升常态化监管水平,支持平台经济发展

 གྲངས་འཛིན་དཔལ་འབྱོར། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ནས་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ།

 民营经济:依法保护民营企业产权和企业家权益,鼓励支持民营经济和民营企业发展壮大

 དམངས་གཉེར་དཔལ་འབྱོར། དམངས་གཉེར་ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་མཁས་ཅན་གྱི་ཁེ་དབང་ཁྲིམས་ལྟར་བསྲུངས་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་རྒྱུ།

 引进外资:推动外资标志性项目落地建设

 ཕྱི་རྒྱལ་གྱི་མ་རྩ་ནང་འདྲེན། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དོན་འཁྱོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།

 防范化解重大经济金融风险:有效防范化解优质头部房企风险,改善资产负债状况。防范化解地方政府债务风险,优化债务期限结构

 དཔལ་འབྱོར་དངུལ་རྩའི་ཉེན་ཁ་ཚབས་ཆེན་འགོག་སེལ། སྤུས་ལེགས་ཀྱི་སྣེ་འདྲེན་ས་ཁང་ཁེ་ལས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ནས་བུ་ལོན་ཟུག་པའི་གནས་བབ་ལེགས་སུ་གཏོང་རྒྱུ། ས་གནས་སྲིད་གཞུང་ལ་བུ་ལོན་ཟུག་པའི་ཉེན་ཁ་འགོག་སེལ་དང་བུ་ལོན་སྤྲོད་པའི་དུས་བཀག་ལེགས་སུ་གཏོང་རྒྱུ།

 乡村振兴:发展乡村特色产业,拓宽农民增收致富渠道

 གྲོང་གསེབ་དར་རྒྱས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས། ཞིང་པའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ།

 绿色转型:推动重点领域节能降碳,持续打好蓝天、碧水、净土保卫战

 ལྗང་མདོག་ཕྱོགས་སྒྱུར། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་འབུད་ཉུང་གཏོང་ལ་སྐུལ་འདེད་བཏང་ནས། རི་སྔོ་ཆུ་དྭངས་དང་ས་གཙང་སྲུང་སྐྱོང་རྒྱུན་མཐུད་ཡག་པོ་བྱེད་རྒྱུ། 

 教育:推进义务教育优质均衡发展和城乡一体化

 སློབ་གསོ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

 医疗:推动优质医疗资源扩容下沉和区域均衡布局

 སྨན་བཅོས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་དུ་བཏང་ནས་གཤམ་སྤྲོད་དང་ས་ཁོངས་ཀྱི་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ།

 社会保障:加强养老服务保障,完善生育支持政策体系

 སྤྱི་ཚོགས་འགན་སྲུང་།  རྒན་གསོའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་དང་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

 港澳发展:支持港澳发展经济、改善民生

 ཀང་ཨའོ་འཕེལ་རྒྱས། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་བྱེད་རྒྱུ།

 台湾问题:坚定反“独”促统,推动两岸关系和平发展,推进祖国和平统一进程

 ཐའེ་དབན་གྱི་གནད་དོན། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换