པདྨ་ཚེ་བརྟན་ནི་༡༩༦༩ལོའི་ཟླ་བཅུ་གཉིས་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐུ་འཁྲུངས་ཤིང་། སྔ་གཞུག་ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན། ཁོང་ཉིད་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། བཟོ་བདག་བཅས་ཡིན་ལ། ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་སློབ་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་མཛེས་རྩལ་སློབ་གླིང་གི་གློག་བརྙན་སློབ་གླིང་གི་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན་པ་རེད།
万玛才旦,1969年12月出生于青海海南藏族自治州贵德县,先后毕业于西北民族大学、北京电影学院,电影导演、编剧、制作人,中国导演协会会员,中国电影家协会会员,中国电影文学学会会员,中国美术学院电影学院教授、博士生导师。
པདྨ་ཚེ་བརྟན་ལགས་ཀྱིས་༡༩༩༡ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་སྤེལ་འགོ་ཚུགས་ཤིང་། ཁོང་གི་རྒྱ་ཡིག་གི་བརྩམས་སྒྲུང་ཕྱོགས་སྒྲིག་༼ཡུལ་གྱར་གླུ་པའི་རྨི་ལམ་༽དང་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽ ༼ཐར་ལོ།༽ ༼ལག་དམར།༽ ༼ཨོ་རྒྱན་གྱི་སོ༽ ༼པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་༽བཅས་ཡོད་ལ། བོད་ཡིག་བརྩམས་སྒྲུང་ཕྱོགས་སྒྲིག་༼བསླུ་བྲིད།༽ ༼ གྲོང་ཁྱེར་གྱི་འཚོ་བ༽ ༼གངས༽་བཅས་ཡོད་ལ། བསྒྱུར་རྩོམ་ལ་༼བཤད་ནས་ཚར་རྒྱུ་མེད་པའི་གཏམ་རྒྱུད་༽དང་༼སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་སྒྲིག ༽སོགས་ཡོད།
1991年,万玛才旦开始发表文学作品。他著有汉语小说集《流浪歌手的梦》《嘛呢石,静静地敲》《塔洛》《撞死了一只羊》《乌金的牙齿》《故事只讲了一半》,藏语小说集《诱惑》《城市生活》《岗》。主要翻译作品集有《西藏:说不完的故事》《德本加小说集》等。
༢༠༠༢ལོར་ཁོང་གིས་གློག་བརྙན་གསར་རྩོམ་འགོ་བཙུགས་ཤིང་། ཆེས་ཐོག་མའི་བརྙན་ཐུང་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽ནས་འགོ་བརྩམས་ནས། ཆར་རྗེས་ཤ་མོ་རྡོལ་བ་བཞིན་ཁོང་གི་གློག་བརྙན་བརྩམས་ཆོས་ས་ཁྱབ་རྡོ་ཁྱབ་གྱུར། སྔ་གཞུག་བརྙན་ཐུང་༼རྩྭ་ཐང་༽དང་ཟློས་གར་གློག་བརྙན་རིང་གྲས་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽དང་༼ཁྱི་རྒན།༽ ༼འཚོལ།༽ ༼གཡང་མདའ།༽ ༼ཐར་ལོ།༽ ༼ལག་དམར།༽ ༼དབུགས་ལྒང་།༽སོགས་བརྩམས་ཆོས་མང་པོ་ཕབ་བསྐྲུན་བྱས་ནས་རྒྱལ་སྤྱིའི་བྱ་དགའ་གལ་ཆེན་མང་པོ་རག ད་ལོའི་ཟླ་གསུམ་པར་སི་ཁྲོན་འབའ་ཐང་ནས་རང་གིས་རྩོམ་སྒྲིག་དང་འཁྲབ་ཁྲིད་གནང་བཞིན་པའི་གློག་བརྙན་གསར་པ་༼སིང་སྤང་བཀྲ༽ཡི་སྔོན་གྱི་ཕབ་བསྐྲུན་གྲུབ་ཡོད།
2002年,万玛才旦开始尝试影视创作。从编导第一部短片《静静的嘛呢石》开始,他进入了旺盛的电影创作期,先后拍摄了短片《草原》、剧情长片《静静的嘛呢石》《老狗》《寻找智美更登》《五彩神箭》《塔洛》《撞死了一只羊》《气球》等影片,并斩获多个重要国际奖项。今年3月,自编自导的新片《陌生人》在四川巴塘县完成了前期拍摄。
རྩོམ་རིག་གསར་རྩོམ་དང་གློག་བརྙན་གསར་རྩོམ་སོགས་ཕྱོགས་གང་ཅིའི་ཐད་ནས་ཁོང་གི་བརྩམས་ཆོས་ནང་དུ་བོད་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ལ། ཁོང་གི་བརྩམས་ཆོས་ལས་ང་ཚོས་རི་ཁ་བའི་ལྗོངས་ཀྱི་མཛེས་སྡུག་དང་ལྷད་མེད་དྭངས་གཙང་མཐོང་ཐུབ།
无论是文学写作还是电影创作,万玛才旦的作品里洋溢着对青藏高原挥之不去的热爱与关注。透过他的作品,我们看到了一个真实、美丽的雪域高原,一个让世界向往的香巴拉。
སྐྱེས་ཆེན་ཞིག་འདི་ལྟར་བཞུད་སོང་། ང་ཚོ་དང་ཡེ་ནས་གྱེད་སོང་།
ཁོང་གིས་གློག་བརྙན་དང་རྩོམ་རིག་བྱ་གཞག་ལ་བྱས་རྗེས་བཞག་ཡོད།
མི་རིགས་ལ་བྱས་རྗེས་བཞག་ཡོད།
斯人已逝,不胜感慨
今天不谈电影,我们送您回家
送您回到那个被风刮过的故乡
ཡོང་ཁུངས། འཆི་མེད་ཀྱི་གླེང་མོལ།
