甘孜州传媒中心主办       热线:0836-5124430       
༄༅། །ཏང་གི་ཚོགས་ཆེན་ཉི་ཤུ་པའི་དྲི་གཞི་བརྒྱ་ཐམ་པ།党的二十大报告100道题
2023-05-10 10:17

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

གཟིགས་་་་

ཁམས་པའི་དཔལ་ཡོན།

དྭངས་གཙང་གི་དཀར་མཛེས། 

党的二十大报告100道题

༄༅། །ཏང་གི་ཚོགས་ཆེན་ཉི་ཤུ་པའི་དྲི་གཞི་བརྒྱ་ཐམ་པ།


01

中国共产党第二十次全国代表大会,是在全党全国各族人民迈上全面建设社会主义现代化国家新征程、向(  )奋斗目标进军的关键时刻召开的一次十分重要的大会。

答案:第二个百年


ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི། ཏང་ཡོངས་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་བགྲོད་ལམ་གསར་པར་བསྐྱོད་པ་དང་། ________འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད། 

 དྲིས་ལན། ལོ་བརྒྱ་གཉིས་པའི་ 

02

党的二十大的主题是:高举中国特色社会主义伟大旗帜,全面贯彻新时代中国特色社会主义思想,弘扬伟大建党精神,自信自强、守正创新,(  )、勇毅前行,为全面建设社会主义现代化国家、全面推进中华民族伟大复兴而团结奋斗。

 答案:踔厉奋发 


ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་དག་སྲུང་གསར་གཏོད། ________ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན། 

 དྲིས་ལན། ངར་སེམས་ཆེར་སྐྱེད། 

03

我们隆重庆祝中国共产党成立一百周年、中华人民共和国成立七十周年,制定(  )历史决议,在全党开展党史学习教育。

 答案:第三个 


ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ཏེ། ལོ་རྒྱུས་ཀྱི་གྲོས་ཆོད________གཏན་འབེབས་བྱས་ཤིང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ཡིན།

 དྲིས་ལན། ཐེངས་གསུམ་པ། 

04


面对突如其来的新冠肺炎疫情,我们坚持人民至上、(  ),坚持动态清零不动摇,开展抗击疫情人民战争、总体战、阻击战,最大限度保护了人民生命安全和身体健康,统筹疫情防控和经济社会发展取得重大积极成果。


答案:生命至上 


གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། ང་ཚོས་མི་དམངས་བླ་ན་མེད་པ་དང་། ________རྒྱུན་འཁྱོངས་བྱས་ཤིང་། འགུལ་རྣམ་གཙང་སེལ་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། བཀག་འགོག་དམག་འཐབ་སྤེལ་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་པ་དང་། རིམས་ནད་འགོག་སྡོམ་ལ་གཅིག་གྱུར་བཀོད་འདོམས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་བླངས།

 དྲིས་ལན། ཚེ་སྲོག་བླ་ན་མེད་པ། 

05

十年来,我们经历了对党和人民事业具有重大现实意义和深远历史意义的三件大事:一是迎来中国共产党成立一百周年,二是中国特色社会主义进入(  ),三是完成脱贫攻坚、全面建成小康社会的历史任务,实现第一个百年奋斗目标。

 答案:新时代 


ལོ་ངོ་བཅུའི་རིང་ལ། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་ཡོད་དེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་མ་བྱས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས________བསྐྱོད་པ། གསུམ་ནི་དབུལ་ཐར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་ལས་འགན་ལེགས་འགྲུབ་བྱུང་སྟེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས། 

 དྲིས་ལན། དུས་རབས་གསར་པར། 

06

我们创立了新时代中国特色社会主义思想,明确坚持和发展中国特色社会主义的基本方略,提出一系列治国理政新理念新思想新战略,实现了马克思主义中国化时代化(  )。

 答案:新的飞跃 


ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཁ་གསལ་གཏན་འཁེལ་བྱས་ཏེ། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི________མངོན་འགྱུར་བྱས། 

དྲིས་ལན། མཆོང་སྐྱོད་གསར་པ། 

07

我们经过接续奋斗,实现了小康这个中华民族的千年梦想,打赢了人类历史上规模最大的脱贫攻坚战,全国八百三十二个贫困县全部摘帽,近(  )农村贫困人口实现脱贫,九百六十多万贫困人口实现易地搬迁。

 答案:一亿 


ང་ཚོས་མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་ཕུགས་འདུན་འབྱོར་འབྲིང་ཅན་མངོན་འགྱུར་བྱས་ཤིང་། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་དབུལ་བོ་རྫོང་བརྒྱད་བརྒྱ་སོ་གཉིས་ཚང་མས་དབུལ་ཞྭ་དོར་པས། ཞིང་སྡེའི་དབུལ་བོའི་མི་གྲངས________ལྷག་དབུལ་ཕོངས་ལས་ཐར་པ་མ་ཟད། དབུལ་བོ་མི་གྲངས་ཁྲི་དགུ་བརྒྱ་དང་དྲུག་ཅུ་ལྷག་ཡུལ་གཞན་གནས་སྤོར་བྱས།  

 དྲིས་ལན། དུང་ཕྱུར་གཅིག 

08

国内生产总值从五十四万亿元增长到一百一十四万亿元,我国经济总量占世界经济的比重达百分之十八点五,提高七点二个百分点,稳居世界(  )。

 答案:第二位 


རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལྔ་བཅུ་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་དང་བཅུ་བཞིའི་བར་འཕར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་དཔལ་འབྱོར་བསྡུར་ཚད་ཀྱི་བརྒྱ་ཆའི་བཅོ་བརྒྱད་དང་ཚེག་ལྔ་ཟིན་ཞིང་། བརྒྱ་ཆའི་གྲངས་བདུན་དང་ཚེག་གཉིས་འཕར་ཏེ། འཛམ་གླིང་གི________བརྟན་པོར་གནས་ཡོད།

 དྲིས་ལན། ཨང་གཉིས་པར། 

09

我国制造业规模、外汇储备稳居世界(  )。

答案:第一 


རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་རྒྱ་དང་ཕྱི་དངུལ་གསོག་འཇོག་འཛམ་གླིང་གི________བརྟན་པོར་གནས་ཡོད། 

 དྲིས་ལན། ཨང་དང་པོར། 

10

基础研究和原始创新不断加强,一些关键核心技术实现突破,战略性新兴产业发展壮大,载人航天、探月探火、深海深地探测、超级计算机、卫星导航、量子信息、核电技术、大飞机制造、生物医药等取得重大成果,进入(  )国家行列。

 答案:创新型 

རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཁག་ཅིག་ལ་འགག་སྒྲོལ་བྱུང་ཞིང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་། མི་སྡོད་མཁའ་སྐྱོད་དང་། ཟླ་བའི་གོ་ལ་དང་སྐར་མ་མིག་དམར་ལ་རྟོག་ཞིབ། སྐམ་མཚོར་བརྟག་འཇལ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། རྡུལ་གློག་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པས། ________གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད།

དྲིས་ལན། གསར་གཏོད་ཅན།

11

我国成为一百四十多个国家和地区的主要贸易伙伴,货物贸易总额居(  ),吸引外资和对外投资居世界前列,形成更大范围、更宽领域、更深层次对外开放格局。

 答案:世界第一 

རང་རྒྱལ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུ་ལྷག་གི་ཉོ་ཚོང་གྲོགས་པོ་གཙོ་བོར་གྱུར་ཞིང་། དངོས་ཟོག་ཉོ་ཚོང་གི་བསྡོམས་འབོར________སླེབས། ཕྱི་དངུལ་འགུག་པ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་གྲངས་འཛམ་གླིང་གི་སྔོན་གྲས་སུ་སླེབས་ཡོད་པས། ཁྱབ་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཆགས་ཡོད།

དྲིས་ལན། འཛམ་གླིང་གི་ཨང་དང་པོར། 

12


坚持走中国特色社会主义政治发展道路,全面发展(  ),社会主义民主政治制度化、规范化、程序化全面推进。

答案:全过程人民民主

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས________འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། 

དྲིས་ལན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ། 


13

居民人均可支配收入从一万六千五百元增加到(  )。

答案:三万五千一百元

སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་གཏོང་ཆོག་པའི་ཡོང་སྒོ་སྒོར་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ནས________ཡི་བར་འཕར་ཡོད། 

དྲིས་ལན།  སུམ་ཁྲི་ལྔ་སྟོང་ཆིག་བརྒྱ། 


14

人民群众获得感、幸福感、安全感更加充实、更有保障、更可持续,(  )取得新成效。

答案:共同富裕

མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་གསུམ་སྔར་བས་ཕུན་སུམ་ཚོགས་པོར་གྱུར་ཞིང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་བས། ________ཕན་འབྲས་གསར་པ་ཐོབ། 

དྲིས་ལན། མཉམ་དུ་ཕྱུག་པོར་འགྱུར་བར། 


15

坚持绿水青山就是(  )的理念,坚持山水林田湖草沙一体化保护和系统治理,全方位、全地域、全过程加强生态环境保护,生态环境保护发生历史性、转折性、全局性变化,我们的祖国天更蓝、山更绿、水更清。

 答案:金山银山

ཆུ་དྭངས་རི་སྔོ་ནི________ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡོངས། བརྒྱུད་རིམ་ཡོངས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ་དང་། ཆུ་བོ་སྔར་ལས་དྭངས་ཡོད། 

དྲིས་ལན། གསེར་རི་དངུལ་རི། 

16

贯彻(  ),以坚定的意志品质维护国家主权、安全、发展利益,国家安全得到全面加强。

答案:总体国家安全观

________ལག་ལེན་མཐར་ཕྱིན་བྱས་ཤིང་། བློ་རྩ་བརྟན་པོའི་གཤིས་རྒྱུད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱས་པས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱོན་ཡོངས་ནས་ཤུགས་ཇེ་དྲག་ཏུ་སོང་། 

དྲིས་ལན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། 

17

共建共治共享的社会治理制度进一步健全,扫黑除恶专项斗争取得阶段性成果,有力应对一系列重大自然灾害,(  )建设迈向更高水平。

答案:平安中国

མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཞིང་། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། རང་བྱུང་གི་གནོད་འཚེ་ཚབས་ཆེན་མང་པོར་ནུས་ལྡན་སྒོས་ཁ་གཏད་པས________འཛུགས་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་། 

 དྲིས་ལན། བདེ་འཇགས་ཀྲུང་གོ


18

全面准确推进“一国两制”实践,坚持“一国两制”、“港人治港”、“澳人治澳”、(  )的方针。

 答案:高度自治 

ཁྱོན་ཡོངས་ནས་ཡང་དག་སྒོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐུལ་འདེད་བཏང་ཞིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བའི”________བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས། 

དྲིས་ལན། ཚད་མཐོའི་རང་སྐྱོང་། 

19

全面推进中国特色大国外交,推动构建人类命运共同体,坚定维护国际公平正义,毫不动摇反对任何单边主义、保护主义、(  )。

答案:霸凌行径

ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བཅས་བྱས་ཏེ། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། ________བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།  

དྲིན་ལན། བཙན་ཤེད་བྱ་སྤྱོད། 


20

开展了史无前例的反腐败斗争,以“得罪千百人、不负十四亿”的使命担当祛疴治乱,不敢腐、(  )、(  )一体推进。

答案:不能腐、不想腐

ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ། “མི་སྟོང་ཕྲག་ལ་ཕོག་ཐུག་བཏང་ཡང་།     མི་དུང་ཕྱུར་བཅུ་བཞི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་པའི”འགན་འཁྲི་ཕྲག་ཏུ་འཁུར་ནས། རུལ་སུངས་བྱེད་མི་ཕོད་པ་དང་། ________བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་།  

 དྲིས་ལན། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ། 


21

“打虎”、“拍蝇”、(  )多管齐下,反腐败斗争取得压倒性胜利并全面巩固,消除了党、国家、军队内部存在的严重隐患。

答案:“猎狐”

“སྟག་རྡུང”“སྦྲང་གསོད”________བཅས་མཉམ་འཛིན་བྱས་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་སྟེ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་བསལ། 

དྲིས་ལན། “ཝ་རྔོན། ”

22

经过不懈努力,党找到了(  )这一跳出治乱兴衰历史周期率的第二个答案,确保党永远不变质、不变色、不变味。    

答案:自我革命

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས________བྱེད་པ་དེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་མཚམས་འཁོར་རྒྱ་ནས་ཐར་བར་བྱེད་པའི་ཐབས་ཤེས་གཉིས་པ་འདི་རྙེད་ནས་ཏང་འདི་ཉིད་དུས་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བའི་འགན་ལེན་བྱས། 

དྲིས་ལན། རང་ངོས་གསར་བརྗེ།


23

新时代的伟大成就是(  )一道拼出来、干出来、奋斗出来的!

答案:党和人民

དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི________ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན། 

དྲིས་ལན། ཏང་དང་མི་དམངས། 


24

新时代十年的伟大变革,在党史、新中国史、改革开放史、(  )、中华民族发展史上具有里程碑意义。

答案:社会主义发展史

དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དེར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས། ________ཀྲུང་ཧྭ་མི་རིགས་གོང་སྤེལ་གྱི་ལོ་རྒྱུས་བཅས་ཀྱི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། 

 དྲིས་ལན། སྤྱི་ཚོགས་རིང་ལུགས་གོང་སྤེལ་གྱི་ལོ་རྒྱུས། 


25

中国共产党为什么能,中国特色社会主义为什么好,归根到底是马克思主义行,是(  )的马克思主义行。

答案:中国化时代化

ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དགོས་དོན། དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་། ________________གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད། 

དྲིས་ལན། ཀྲུང་གོ་ཅན་དང་དུས་རབས་ཅན། 

26

拥有马克思主义科学理论指导是我们党坚定信仰信念、把握历史主动的(  )。

答案:根本所在

མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ནི་རང་རེའི་ཏང་གི་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་པའི________ཡིན། 

དྲིས་ལན། གཞི་རྩ། 

27

一切从实际出发,着眼解决新时代改革开放和社会主义现代化建设的实际问题,不断回答中国之问、世界之问、(  )、时代之问,作出符合中国实际和时代要求的正确回答,得出符合客观规律的科学认识,形成与时俱进的理论成果,更好指导中国实践。

答案:人民之问

ཡོད་ཚད་དངོས་ཡོད་ལ་གཞིགས་པ་དང་། དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གནད་དོན་དངོས་ཐག་གཅོད་པར་དམིགས་ཏེ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། ________དུས་རབས་ཀྱི་དྲི་བ་བཅས་ལ་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་བླང་བྱ་དང་མཐུན་པའི་ལན་ཡང་དག་པ་བཏབ་སྟེ། ཕྱིའི་ཆོས་ཉིད་ཀྱི་ཚན་རིག་དང་མཐུན་པའི་ངོས་འཛིན་ཐོབ་པ་དང་། དུས་བསྟུན་མདུན་སྐྱོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཐོབ་སྟེ་ཀྲུང་གོའི་ལག་ལེན་ལ་སྔར་ལས་ཁྲིད་སྟོན་ལེགས་པོ་བྱས། 

དྲིས་ལན། མི་དམངས་ཀྱི་དྲི་བ། 

28

从现在起,中国共产党的中心任务就是团结带领全国各族人民全面建成社会主义现代化强国、实现第二个百年奋斗目标,以(  )全面推进中华民族伟大复兴。

答案:中国式现代化

ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཏེ། ________གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་ཡིན། 

དྲིས་ལན། ཀྲུང་གོ་རྣམ་པའི་དེང་རབས་ཅན། 


29

中国式现代化,是(  )领导的社会主义现代化,既有各国现代化的共同特征,更有基于自己国情的中国特色。

答案:中国共产党

ཀྲུང་གོ་རྣམ་པའི་དེང་རབས་ཅན་ནི________གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ཡོད་ལ། རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡོད། 

དྲིས་ལན། ཀྲུང་གོ་གུང་ཁྲན་ཏང་། 

30

未来(  )是全面建设社会主义现代化国家开局起步的关键时期。

答案:五年

མ་འོངས་པའི________ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམ་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། 

དྲིས་ལན། ལོ་ལྔ། 

31

我国发展进入战略机遇和风险挑战并存、不确定难预料因素增多的时期,各种“黑天鹅”、(  )事件随时可能发生。

答案:“灰犀牛”

རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ། ངེས་མེད་དང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། “ངང་དཀར་ནག”དང________དོན་རྐྱེན་སྣ་ཚོགས་འབྱུང་ཉེན་ཡོད། 

དྲིས་ལན། “བསེ་རུ་སྐྱ་བོའི”

32

我们必须增强忧患意识,坚持(  ),做到居安思危、未雨绸缪,准备经受风高浪急甚至惊涛骇浪的重大考验。

答案:底线思维

ང་ཚོས་ངེས་པར་དུ་ཕྱིས་གྱོང་སྔ་དྲན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ________རྒྱུན་འཁྱོངས་བྱས་ཏེ་བདེ་སྡོད་ཉེན་བསམ་དང་ཆར་སྔོན་ཁང་གསོ་བྱེད་དགོས་ལ། རླུང་ཆེན་དྲག་རླབས་དང་ཐ་ན་འཇིགས་སྣང་ཆེ་བའི་རྦ་རླབས་ཀྱི་གདོང་བསུ་བའི་གྲ་སྒྲིག་བྱེད་དགོས། 

དྲིས་ལན། ཚད་མཐའ་འཛིན་སེམས། 


33

 坚持以(  )的发展思想。不断实现发展为了人民、发展依靠人民、发展成果由人民共享,让现代化建设成果更多更公平惠及全体人民。

答案:人民为中心

________འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་འགྲོ་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ཟམ་མི་ཆད་པར་མངོན་འགྱུར་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བོ་དང་སྔར་ལས་ཀྱང་དྲང་བདེན་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་པར་བྱ་དགོས། 

 དྲིས་ལན། མི་དམངས་ལྟེ་བར་འཛིན་པའི། 

34

(  )是全面建设社会主义现代化国家的首要任务。

答案:高质量发展

________ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་དང་པོ་ཡིན། 

དྲིས་ལན། སྤུས་ཚད་མཐོ་བའི་འཕེལ་རྒྱས། 


35

没有坚实的(  )基础,就不可能全面建成社会主义现代化强国。

答案:物质技术

________གྱི་རྨང་གཞི་བརྟན་པོ་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མི་ཐུབ། 

 དྲིས་ལན། དངོས་པོའི་ལག་རྩལ། 

36

坚持把发展经济的着力点放在(  )上,推进新型工业化,加快建设制造强国、质量强国、航天强国、交通强国、网络强国、数字中国。

答案:实体经济

དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ________སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཟོ་ལས་ཅན་གསར་བ་སྐུལ་སྤེལ་གཏོང་བ་དང་། བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ། སྤུས་ཚད་མཐོ་བའི་སྟོབས་ལྡན་རྒྱལ་ཁབ། འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་གཞིའི་ཀྲུང་གོ་བཅས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། 

དྲིས་ལན། དངོས་གཞིའི་དཔལ་འབྱོར། 

37

全方位夯实粮食安全根基,牢牢守住(  )亩耕地红线。

答案:十八亿

འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་བརྟན་དུ་བཏང་སྟེ་རྨོ་ཞིང་མུའུ________ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། 

ལན་དུ། དུང་ཕྱུར་བཅོ་བརྒྱད། 


38

深化农村土地制度改革,赋予农民更加充分的财产权益。保障进城落户农民合法土地权益,鼓励依法自愿(  )。

答案:有偿转让

གཏིང་ཟབ་སྒོས་ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་བྱས་ཏེ་ཞིང་པར་སྔར་ལས་མང་པོའི་རྒྱུ་ནོར་ཁེ་དབང་སྤྲོད་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་ས་ཞིང་གི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། ཁྲིམས་ལྟར་རང་མོས་ངང________བྱེད་པར་སྐུལ་མ་གཏོང་དགོས། 

ལན་དུ། རྔན་ཡོད་བརྒྱུད་སྤྲོད། 

39

深入实施(  )战略、区域重大战略、主体功能区战略、新型城镇化战略,优化重大生产力布局,构建优势互补、高质量发展的区域经济布局和国土空间体系。

答案:区域协调发展

________________འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བའི་འཐབ་ཇུས་བཅས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་ཀྱི་སྒྲིག་བཀོད་གལ་ཆེན་ཇེ་ལེགས་སུ་གཏོང་བ། བཟང་ཆ་གསབ་རེས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་སྒྲིག་བཀོད་དང་རྒྱལ་ཁོངས་བར་སྟོང་མ་ལག་འཛུགས་དགོས།

དྲིས་ལན། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི། 

40

加快建设贸易强国。营造市场化、法治化、(  )一流营商环境。

答案:国际化

ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ཚོང་ར་ཅན་དང་། ཁྲིམས་ལུགས་ཅན། ________བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲས་ཤིག་བསྐྲུན་དགོས། 

དྲིས་ལན། རྒྱལ་སྤྱི་ཅན། 

41

教育、科技、人才是全面建设社会主义现代化国家的(  )、(  )支撑。

答案:基础性、战略性

སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅནགྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི_______དང________གྱི་གདུང་འདེགས་ལྟ་བུ་ཡིན། 

དྲིས་ལན། རྨང་གཞིའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། 

42


要坚持教育优先发展、科技自立自强、人才引领驱动,加快建设(  )、科技强国、人才强国,坚持为党育人、为国育才,全面提高人才自主培养质量,着力造就拔尖创新人才,聚天下英才而用之。

答案:教育强国

སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གྱི་རང་ཚུགས་རང་སྤེལ། ཤེས་ལྡན་མི་སྣས་སྣེ་ཁྲིད་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ________དང་། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ། ཏང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས། ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ་གནམ་འོག་གི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུ་དགོས། 

དྲིས་ལན། སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན། 

43

推进(  ),建设全民终身学习的学习型社会、学习型大国。

答案:教育数字化

________དུ་འགྱུར་བར་སྐུལ་འདེད་བཏང་སྟེ་དམངས་ཡོངས་ཀྱིས་ཚེ་གང་བོར་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས། 

དྲིས་ལན། སློབ་གསོ་གྲངས་འཛིན་ཅན། 

44

坚持(  )在我国现代化建设全局中的核心地位。

答案:创新

རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་སྲོག་ཤིང་གི་གོ་གནས་འཛིན་པའི________རྒྱུན་འཁྱོངས་བྱེད་དགོས། 

དྲིས་ལན། གསར་གཏོད། 

45

完善党中央对科技工作统一领导的体制,健全新型举国体制,强化国家(  ),优化配置创新资源,提升国家创新体系整体效能。

答案:战略科技力量

ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་བ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི________ཇེ་དྲག་ཏུ་གཏོང་བ། གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་དང་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས། 

དྲིས་ལན། ཚན་རྩལ་འཐབ་ཇུས་སྟོབས་ཤུགས། 

46

(  )是社会主义民主政治的本质属性,是最广泛、最真实、最管用的民主。

答案:全过程人民民主

________ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། དམངས་གཙོ་ཆེས་རྒྱ་ཆེ་བ་དང་། ཆེས་བདེན་པ། ཆེས་སྤྱོད་གོ་ཆོད་པ་ཞིག་ཡིན། 

དྲིས་ལན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ། 

47

必须坚定不移走中国特色社会主义政治发展道路,坚持(  )、人民当家作主、依法治国有机统一。

答案:党的领导

ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་། ________དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་དགོས། 

དྲིས་ལན། ཏང་གི་མགོ་ཁྲིད། 

48

要健全(  )制度体系,扩大人民有序政治参与,保证人民依法实行民主选举、民主协商、民主决策、民主管理、民主监督。

答案:人民当家作主

________ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་པའི་རྒྱ་ཆེ་རུ་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོ་འདེམས་བསྐོ་དང་། དམངས་གཙོ་གྲོས་མོལ། དམངས་གཙོ་ཇུས་གཅོད། དམངས་གཙོ་དོ་དམ། དམངས་གཙོ་ལྟ་སྐུལ་བཅས་བྱེད་པར་ཁེག་ཐེག་བྱ་དགོས། 

དྲིས་ལན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི། 


49

坚持和完善中国共产党领导的多党合作和政治协商制度,完善(  )和委员联系界别群众制度机制。

答案:人民政协民主监督

ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ________དང་ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། 

དྲིས་ལན། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། 

50

完善(  )制度,拓宽基层各类群体有序参与基层治理渠道,保障人民依法管理基层公共事务和公益事业。

答案:办事公开

________ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཚོགས་སྤྱི་སོ་སོ་གོ་རིམ་ལྡན་པའི་ངང་གཞི་རིམ་གྱི་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། མི་དམངས་ཀྱིས་གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་ཁྲིམས་ལྟར་དོ་དམ་བྱེད་པར་འགན་སྲུང་བཅས་བྱེད་དགོས། 

དྲིས་ལན། ལས་སྒྲུབ་ཡོངས་བསྒྲགས། 


51

健全以(  )为基本形式的企事业单位民主管理制度,维护职工合法权益。

答案:职工代表大会

________གཞི་རྩའི་རྣམ་པར་གྱུར་པའི་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།     

དྲིས་ལན། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན། 

52

(  )是国家治理的一场深刻革命,关系党执政兴国,关系人民幸福安康,关系党和国家长治久安。

答案:全面依法治国

________ནི་རྒྱལ་ཁབ་སྐྱོང་བའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་ཞིང་། ཏང་གི་སྲིད་སྐྱོང་རྒྱལ་དར་དང་། མི་དམངས་ཀྱི་བདེ་སྐྱིད་བདེ་ཐང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་དང་འབྲེལ་བ་ཡོད། 

དྲིས་ལན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། 


53

必须更好发挥法治(  )、稳预期、利长远的保障作用,在法治轨道上全面建设社会主义现代化国家。

答案:固根本

ངེས་པར་དུ་ཁྲིམས་སྐྱོང་གི________དང་། སྔོན་དཔག་བརྟན་པོ་དང་ཡུན་རིང་ལ་ཕན་པའི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། 

དྲིས་ལན། རྩ་བ་བརྟན་པོ། 

54

坚持法治国家、法治政府、(  )一体建设,全面推进科学立法、严格执法、公正司法、全民守法,全面推进国家各方面工作法治化。

答案:法治社会

ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ________བཅས་རྒྱུན་འཁྱོངས་བྱེད་དགོས། གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་དང་། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག་དང་དམངས་ཡོངས་ཀྱིས་ཁྲིམས་སྲུང་བྱས་ཏེ་རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། 

དྲིས་ལན། ཁྲིམས་སྐྱོང་སྤྱི་ཚོགས། 

55

转变政府职能,优化政府职责体系和组织结构,推进机构、职能、权限、程序、责任(  ),提高行政效率和公信力。

答案:法定化

སྲིད་གཞུང་གི་འགན་ནུས་འཕོ་བསྒྱུར་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། སྒྲིག་གཞི་དང་། འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས________དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྲིད་འཛིན་གྱི་ལས་ཕྱོད་དང་སྤྱི་རྟོན་ནུས་ཤུགས་མཐོ་རུ་གཏོང་དགོས། 

ལན། ཁྲིམས་བཀོད་ཅན། 


56

深化行政执法体制改革,全面推进严格规范(  )执法,加大关系群众切身利益的重点领域执法力度,完善行政执法程序,健全行政裁量基准。

答案:公正文明

སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ________བཅས་ཀྱི་ཁྲིམས་བསྟར་ནན་པོ་དང་ཚད་ལྡན་དུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་འཛིན་ཁྲིམས་བསྟར་གོ་རིམ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཆད་གཅོད་ཚད་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། 

དྲིས་ལན། དྲང་གཞག་དཔལ་ཡོན། 

57

深化司法体制综合配套改革,全面准确落实司法责任制,加快建设(  )的社会主义司法制度,努力让人民群众在每一个司法案件中感受到公平正义。

答案:公正高效权威

ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་ཟབ་སྤེལ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་གནད་འཁེལ་བྱེད་པ། ________དང་། ________། ________ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་གྱིས་བཙུགས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་ནས་དྲང་སྙོམས་དྲང་བདེན་ཉམས་སུ་མྱོང་དུ་འཇུག་གང་ཐུབ་བྱེད་དགོས། 

དྲིས་ལན། དྲང་གཞག ལས་ཕྱོད་ཆེ་བ། དབང་གྲགས། 

58

弘扬社会主义法治精神,传承中华优秀传统法律文化,引导全体人民做社会主义法治的忠实崇尚者、自觉遵守者、(  )。

答案:坚定捍卫者    

སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་ཁྲིམས་ལུགས་རིག་གནས་རྒྱུན་འཛིན་གཏོང་བ། མི་དམངས་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་བློ་དཀར་བའི་གོང་བཀུར་བྱེད་མཁན་དང་། རང་རྟོགས་ལྡན་པའི་བརྩི་སྲུང་བྱེད་མཁན། ________བཅས་བྱེད་པར་ཁྲིད་སྟོན་བྱ་དགོས། 

དྲིས་ལན། བློ་རྩ་བརྟན་པའི་སྲུང་སྐྱོང་བྱེད་མཁན། 

59

全面建设社会主义现代化国家,必须坚持中国特色社会主义文化发展道路,增强文化自信,围绕(  )、聚民心、育新人、兴文化、展形象建设社会主义文化强国。

答案:举旗帜

སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ________དང་། དམངས་སེམས་གཅིག་སྡུད། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་བསྐྲུན་པ་བཅས་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། 

དྲིས་ལན། དར་ཆ་སྒྲེང་བ། 

60

我们要坚持(  )在意识形态领域指导地位的根本制度。

答案:马克思主义

ང་ཚོས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་དུ________ཀྱི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས། 

དྲིས་ལན། མར་ཁེ་སི་རིང་ལུགས། 

61

牢牢掌握党对意识形态工作(  ),全面落实意识形态工作责任制,巩固壮大奋进新时代的主流思想舆论。

答案:领导权

འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་ཁྲོད་ཀྱི________དམ་པོར་འཛིན་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པར་ངར་སྐྱོད་བྱེད་པའི་གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། 

ལན། མགོ་ཁྲིད་དབང་ཆ། 

62

弘扬以伟大建党精神为源头的中国共产党人精神谱系,用好红色资源,深入开展社会主义核心价值观宣传教育,深化(  )、集体主义、社会主义教育,着力培养担当民族复兴大任的时代新人。

答案:爱国主义

ཏང་འཛུགས་ཀྱི་རླབས་ཆེན་དགོངས་དོན་མགོ་ཁུངས་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་དར་སྤེལ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་གསོ་ཟབ་སྤེལ་བྱེད་པ་དང་། ________ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་གསར་ཐོན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་འདོན་དགོས། 

ལན། རྒྱལ་གཅེས་རིང་ལུགས། 

63

坚持以(  )为中心的创作导向,推出更多增强人民精神力量的优秀作品,培育造就大批德艺双馨的文学艺术家和规模宏大的文化文艺人才队伍。

答案:人民

_______ལྟེ་བར་བྱེད་པའི་གསར་རྩོམ་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་འདོན་པ་དང་། སྤྱོད་རྩལ་ཉིས་ལྡན་གྱི་རྩོམ་རིག་སྒྱུ་རྩལ་མཁས་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱེད་དགོས། 

ལན། མི་དམངས། 

64

坚守中华文化立场,提炼展示中华文明的精神标识和文化精髓,加快构建中国话语和中国叙事体系,讲好中国故事、传播好中国声音,展现(  )的中国形象。

答案:可信、可爱、可敬

ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་སྙིང་བཅུད་ཞུན་བརྡར་འགྲེམས་སྟོན་བྱས་ནས། ཀྲུང་གོའི་སྐད་ཆ་དང་ཀྲུང་གོའི་གནས་ཚུལ་བརྗོད་པའི་མ་ལག་མགྱོགས་པོར་བཙུགས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱས་ནས________བཅས་ཀྱི་ཀྲུང་གོའི་སྣང་བརྙན་མངོན་དགོས། 

ལན། ཡིད་རྟོན་རུང་བ་དང་། གཅེས་སུ་འོས་པ། བརྩི་བཀུར་ཞུ་འོས། 

65

(  )是立党为公、执政为民的本质要求。

答案:为民造福

________ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན། 

ལན། དམངས་ལ་བདེ་སྐྱིད་སྐྲུན་པ། 

66

必须坚持在发展中保障和改善民生,鼓励(  )创造美好生活,不断实现人民对美好生活的向往。

答案:共同奋斗

འཕེལ་རྒྱས་ཁྲོད་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་དང་། ________བྱས་ཏེ་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱེད་པར་སྐུལ་མ་བཏང་སྟེ། མུ་མཐུད་དུ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྙེག་མངོན་འགྱུར་བྱེད་དགོས། 

ལན། མཉམ་དུ་འབད་འཐབ། 

67

我们要实现好、维护好、发展好最广大人民根本利益,紧紧抓住人民最关心最直接最现实的利益问题,坚持尽力而为、量力而行,(  )、深入基层。

答案:深入群众

ང་ཚོས་རྒྱ་ཆེའི་མི་དམངས་ཀྱི་ཆེས་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་མི་དམངས་ཀྱི་དོ་ཁུར་ཆེ་ཤོས་དང་། ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ཏེ་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད་སྒྲུབ་པ། ________གཞི་རིམ་དུ་སྐྱོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།

ལན། མང་ཚོགས་ཀྱི་ཁྲོད་དུ་ཞུགས་པ། 

68

坚持多劳多得,鼓励勤劳致富,促进(  ),增加低收入者收入,扩大中等收入群体。

答案:机会公平

མང་ལས་མང་ཐོབ་རྒྱུན་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་ལ་སྐུལ་ལྕག་གཏོང་བ། ________ལ་སྐུལ་འདེད་བཏང་སྟེ། ཡོང་འབབ་དམའ་གྲས་ཀྱི་ཡོང་འབབ་འཕར་སྣོན་དང་། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་སྐྱེད་གཏོང་དགོས།

ལན། གོ་སྐབས་འདྲ་མཉམ། 

69

健全覆盖全民、统筹城乡、公平统一、安全规范、可持续的多层次(  )体系。

答案:社会保障

དམངས་ཡོངས་ལ་ཁེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། དྲང་གཞག་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི________མ་ལག་འཐུས་ཚང་དུ་གཏོང་དགོས། 

ལན། སྤྱི་ཚོགས་འགན་སྲུང་། 

70

坚持房子是用来住的、不是用来炒的定位,加快建立多主体供给、多渠道保障、(  )的住房制度。

答案:租购并举

ཁང་པ་ནི་སྡོད་སའི་གནས་ཡིན་པ་ལས་ཧམ་འཚོང་བྱེད་གཞི་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ནས་གཙོ་གཞི་མང་པོའི་འདོན་སྤྲོད་དང་། ཐབས་ལམ་མང་པོའི་འགན་སྲུང་། ________བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་དགོས། 

ལན། བོགས་ཉོ་མཉམ་འཛིན།

71

优化(  ),建立生育支持政策体系,降低生育、养育、教育成本。

答案:人口发展战略

____________ལེགས་སྒྱུར་དང་། ཕྲུག་སྐྱེས་རྒྱབ་སྐྱོར་གྱི་སྲིད་ཇུས་མ་ལག་བཙུགས་ནས། ཕྲུག་སྐྱེས་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་གཏོང་དགོས། 

ལན། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས། 

72

实施积极应对(  )国家战略,发展养老事业和养老产业,优化孤寡老人服务,推动实现全体老年人享有基本养老服务。

答案:人口老龄化

___________ཧུར་ཐག་གིས་གདོང་གཏོད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཁེར་འདུག་རྒན་རྒོན་གྱི་ཞབས་ཕྱི་ལེགས་འགྱུར་གཏོང་བ། རྒན་པ་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཕྱི་ལོངས་སྤྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། 

ལན། མི་འབོར་རྒན་རྒོན་ཅན། 

73

发展壮大医疗卫生队伍,把工作重点放在(  )。

答案:农村和社区

སྨན་བཅོས་འཕྲོད་བསྟེན་དཔུང་སྡེ་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ནས་བྱ་བའི་གཙོ་གནད________དུ་འཇོག་དགོས། 

ལན། གྲོང་གསེབ་དང་སྡེ་ཁུལ།

74

大自然是人类赖以生存发展的基本条件。尊重自然、顺应自然、保护自然,是全面建设社会主义现代化国家的(  )。

答案:内在要求

རང་བྱུང་ཁམས་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི________ཡིན། 

ལན། ནང་གི་བླང་བྱ། 

75

实施(  ),推进各类资源节约集约利用,加快构建废弃物循环利用体系。

答案:全面节约战略

____________ལག་བསྟར་བྱས་ཏེ། ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་བེད་མེད་དངོས་རོ་འཁོར་རྒྱུག་ངང་བེད་སྤྱོད་གཏོང་བའི་མ་ལག་མགྱོགས་པོར་བསྐྲུན་དགོས། 

ལན། ཁྱོན་ཡོངས་ནས་གྲོན་ཆུང་འཐབ་ཇུས།

76

推行草原森林河流湖泊湿地休养生息,实施好长江(  )禁渔,健全耕地休耕轮作制度。

答案:十年

རྩྭ་ཐང་དང་ནགས་ཚལ། ཆུ་བོ། མཚེའུ། བརླན་ས་བཅས་སོར་ཆུད་སྐྱེ་འཕེལ་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ལོ________རིང་འབྲི་ཆུའི་ཉ་འཛིན་མི་ཆོག་པ་ལག་བསྟར་ཡག་པོ་བྱས་ཏེ། རྨོ་ཞིང་འདེབས་འཇོག་གི་རེས་མོས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 

ལན། བཅུའི། 

77

立足我国能源资源禀赋,坚持先立后破,有计划分步骤实施(  )。

答案:碳达峰行动

རང་རྒྱལ་གྱི་ནུས་རྒྱུའི་ཐོན་ཁུངས་རང་སྤུས་ལ་གཞི་བཙུགས་ནས། སྔོན་འཛུགས་རྗེས་གཏོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འཆར་གཞི་ཡོད་པ་དང་གོ་རིམ་དབྱེ་ནས________ལག་བསྟར་བྱེད་དགོས། 

ལན། ཐཱན་རྩེར་སོན་འགུལ་སྐྱོད། 

78

坚持安全第一、预防为主,建立大安全大应急框架,完善公共安全体系,推动公共安全治理模式向(  )转型。

答案:事前预防

བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོར་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཚུབ་ཟློག་ཆེན་པོའི་སྒྲིག་གཞི་འཛུགས་པ་དང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ________བྱེད་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། 

ལན། བྱ་བ་སྔོན་འགོག

79

健全(  )的社会治理制度,提升社会治理效能。

答案:共建共治共享

_________བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས།

ལན། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད། 

80

发展壮大群防群治力量,营造(  )社会氛围,建设人人有责、人人尽责、人人享有的社会治理共同体。

答案:见义勇为

མཉམ་འགོག་མཉམ་བཅོས་བྱེད་པའི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་སྟེ། ________ཀྱི་སྤྱི་ཚོགས་སྣང་ཚུལ་འཛུགས་པ་དང་། མི་རེར་འགན་འཁྲི་ཡོད་པ་དང་། མི་རེས་འགན་ལེན་བྱེད་པ། མི་རེར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས། 

ལན། བདེན་པའི་རྒྱབ་ལངས། 

81

坚持党对人民军队的(  ),坚持政治建军、改革强军、科技强军、人才强军、依法治军。

答案:绝对领导

ཏང་གིས་མི་དམངས་དམག་དཔུང་ལ________རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་འཛུགས་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་སྟོབས་ལྡན་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་སྟོབས་ལྡན་གཏོང་བ། འཇོན་མི་ལ་བརྟེན་ནས་དམག་སྟོབས་ལྡན་གཏོང་བ། ཁྲིམས་ལྟར་དུ་དམག་སྐྱོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས། 

དྲིས་ལན། བལྟོས་མེད་མགོ་ཁྲིད་བྱེད་པ། 

82

加快军事理论现代化、军队组织形态现代化、军事人员现代化、武器装备现代化,提高捍卫(  )、安全、发展利益战略能力,有效履行新时代人民军队使命任务。

答案:国家主权

དམག་དོན་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། མཚོན་ཆའི་སྒྲིག་བཀོད་དེང་རབས་ཅན་བཅས་ཇེ་མགྱོགས་སུ་བཏང་ནས། ________དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ཀྱི་འཐས་ཇུས་ནུས་པ་མཐོར་འདེགས་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་ལས་འགན་ལག་བསྟར་ནུས་ལྡན་བྱེད་དགོས། 

དྲིས་ལན། རྒྱལ་ཁབ་ཀྱི་བདག་དབང་། 

83

解决台湾问题、实现祖国完全统一,是党矢志不渝的历史任务,是全体中华儿女的共同愿望,是实现中华民族伟大复兴的(  )。

答案:必然要求

ཐའེ་ཝན་གྱི་གནད་དོན་ཐག་བཅད་ནས་མེས་རྒྱལ་ཁ་ཚང་གཅིག་གྱུར་མངོན་འགྱུར་འབྱུང་བ་ནི། ཏང་གི་འགྱུར་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི________ཡིན། 

དྲིས་ལན། དགོས་ངེས་ཀྱི་བླང་བྱ། 

84

“(  )”方针是实现两岸统一的最佳方式,对两岸同胞和中华民族最有利。

答案:和平统一、一国两制

“________”ཀྱི་བྱེད་ཕྱོགས་ནི་མཚོ་འགག་ངོགས་གཉིས་གཅིག་གྱུར་མངོན་འགྱུར་འབྱུང་བའི་ཆེས་ལེགས་པའི་ཐབས་ལམ་ཡིན་ལ། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་དང་ཀྲུང་ཧྭ་མི་རིགས་ལ་ཁེ་ཕན་ཆེས་ཆེ་བ་ཡིན། 

དྲིས་ལན། ཞི་བདེ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། 

85

中国坚持在(  )基础上同各国发展友好合作,推动构建新型国际关系,深化拓展平等、开放、合作的全球伙伴关系,致力于扩大同各国利益的汇合点。

答案:和平共处五项原则

ཀྲུང་གོས________ཡི་རྨང་གཞིའི་སྟེང་དུ་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། གསར་བྱུང་རྒྱལ་སྤྱིའི་འབྲེལ་བ་བསྐྲུན་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་སྒོ་འབྱེད། མཉམ་ལས་ཀྱི་གོ་ལ་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་གཏོང་བ། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཁེ་ཕན་གྱི་མཉམ་འདྲེས་གནས་རྒྱ་བསྐྱེད་གཏོང་བར་འབད་བརྩོན་བྱ་དགོས། 

དྲིས་ལན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ། 

86

促进大国协调和良性互动,推动构建和平共处、总体稳定、均衡发展的(  )。

答案:大国关系格局

རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་ལེགས་ཕྱོགས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་དང་། ཞི་བདེ་མཉམ་གནས་དང་། སྤྱི་ཡོངས་བརྟན་བརླིང་། དོ་མཉམ་འཕེལ་རྒྱས་ཀྱི་________འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 

དྲིས་ལན། རྒྱལ་ཁབ་ཆེན་པོའི་འབྲེལ་བའི་གནས་སྟངས། 

87

中国积极参与全球治理体系改革和建设,践行(  )的全球治理观,坚持真正的多边主义,推进国际关系民主化,推动全球治理朝着更加公正合理的方向发展。

答案:共商共建共享

ཀྲུང་གོ་ཧུར་ཐག་གིས་གོ་ལ་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་དུ་ཞུགས་ནས། ________ཀྱི་གོ་ལ་ཡོངས་ཀྱི་བཅོས་སྐྱོང་ལྟ་བ་ལག་བསྟར་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད། གོ་ལ་ཡོངས་ཀྱི་བཅོས་སྐྱོང་དེ་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། 

དྲིས་ལན། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད། 

88

全党必须牢记,全面从严治党永远在路上,(  )永远在路上。

答案:党的自我革命

ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ལ་འཆང་དགོས་པ་ནི། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནི་ནམ་ཡང་མཚམས་མི་འཇོག་ལ། ________ནི་ཡང་ནམ་ཡང་མཚམས་མི་འཇོག

དྲིས་ལན། ཏང་གི་རང་ཉིད་གསར་བརྗེ། 

89

健全总揽全局、协调各方的党的领导制度体系,完善党中央重大决策部署落实机制,确保全党在政治立场、(  )、政治原则、政治道路上同党中央保持高度一致,确保党的团结统一。

答案:政治方向

སྤྱི་ཡོངས་སྤྱི་འདོམས་དང་། ཕྱོགས་ཡོངས་མཐུན་སྦྱོར་གྱིས་ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པའི་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པ། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ________ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་སྟེང་དུ་ཏང་ཀྲུང་དབྱང་དང་མཐོ་ཚད་གཅིག་པ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་ཁག་ཐེག་བྱེད་དགོས། 

དྲིས་ལན། ཆབ་སྲིད་ཀྱི་ཁ་ཕྱོགས། 


90

全面加强(  ),加强理想信念教育,引导全党牢记党的宗旨,自觉做共产主义远大理想和中国特色社会主义共同理想的坚定信仰者和忠实实践者。

答案:党的思想建设

ཕྱོགས་ཡོངས་ནས________ལ་ཤུགས་སྣོན་པ་དང་། ཕུགས་འདུན་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་པ། ཏང་ཡོངས་ཀྱིས་ཏང་གི་སྤྱིའི་རྩ་དོན་ཡིད་ལ་བརྟན་པོར་འཆང་བར་ཁྲིན་སྟོན་བྱེད་པ། རང་རྟོགས་ཀྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཐུན་མོང་ཕུགས་འདུན་གྱི་བློ་རྩ་བརྟན་པའི་དད་སེམས་ཅན་དང་བློ་སེམས་དག་པའི་ལག་བསྟར་མཁན་ཞིག་བྱ་དགོས། 

དྲིས་ལན། ཏང་གི་བསམ་བློའི་འཛུགས་སྐྲུན། 

91

完善党的自我革命制度规范体系。坚持制度治党、依规治党,健全党统一领导、(  )、权威高效的监督体系。

答案:全面覆盖

ཏང་གི་རང་ཉིད་གསར་བརྗེ་ཡི་ལམ་ལུགས་དང་མ་ལག་ཚད་ལྡན་ལེགས་བསྒྱུར་བྱེད་པ། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་གཏན་འབེབས་ལ་བརྟེན་ནས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གཅིག་གྱུར་མགོ་ཁྲིད་དང་། ________དབང་གྲགས་ནུས་ལྡན་གྱི་ལྟ་རྟོག་མ་ལག་འཐུས་ཚང་དུ་གཏོང་དགོས། 

དྲིས་ལན། ཁྱོན་ཡོངས་སུ་ཁེབས་པ། 

92

坚持德才兼备、(  )、五湖四海、任人唯贤,树立选人用人正确导向,选拔忠诚干净担当的高素质专业化干部,选优配强各级领导班子,加强干部斗争精神和斗争本领养成,激励干部敢于担当、积极作为。

答案:以德为先

92.སྤྱོད་ཡོན་གཉིས་ལྡན་དང་། ________ཕྱོགས་བཞི་མཚམས་བརྒྱད། མཛངས་མི་བཀོལ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། མི་འདེམས་པ་དང་མི་བཀོལ་བའི་ཕྱོགས་སྟོན་ཡང་དག་པ་འཛུགས་པ། བློ་དཀར་དང་། གཙང་མ། ཐེག་ཁུར་གྱི་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་བསྐོ་འདེམས་བྱེད་པ། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་ལེགས་འདེམས་བཀོལ་སྤྱོད་བྱེད་པ། ལས་བྱེད་པའི་འཐབ་རྩོད་སྙིང་སྟོབས་དང་འཐབ་རྩོད་ནུས་པ་གསོ་སྤེལ་ལ་ཤུགས་སྣོན་པ། ལས་བྱེད་པས་ཐེག་ཁུར་ཕོད་པ་དང་ཧུར་ཐག་ལས་སྒྲུབ་ལ་སྐུལ་སློང་བྱེད་དགོས། 

དྲིས་ལན། ཀུན་སྤྱོད་དམིགས་འཛིན། 

93

锲而不舍落实中央八项规定精神,持续深化纠治“四风”,重点纠治(  )、官僚主义,坚决破除特权思想和特权行为。

答案:形式主义

བརྩོན་འགྲུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡི་ཡོ་བསྲང་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་གཏོང་བ། ________དང་དཔོན་ཉམས་རིང་ལུགས་གཙོར་བཟུང་ནས་ཡོ་བསྲང་བཅོས་སྐྱོང་བྱེད་པ། ཁྱད་དབང་བསམ་བློ་དང་ཁྱད་དབང་སྤྱོད་ལམ་རྩ་བ་ནས་མེད་པར་བཟོ་དགོས། 

དྲིས་ལན། ཕྱི་ཚུལ་རིང་ལུགས། 

94

(  )是坚持和发展中国特色社会主义的必由之路。

答案:坚持党的全面领导

________ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན། 

དྲིས་ལན། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། 


95

(  )是实现中华民族伟大复兴的必由之路。

答案:中国特色社会主义

________ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན། 

དྲིས་ལན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། 

96

(  )是中国人民创造历史伟业的必由之路。

答案:团结奋斗

_______ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་བཞག་རླབས་ཆེན་བསྐྲུན་པའི་དགོས་ངེས་ཀྱི་བགྲོད་ལམ་ཡིན། 

དྲིས་ལན། མཐུན་སྒྲིལ་འབད་འཐབ། 

97

(  )是新时代我国发展壮大的必由之路。

答案:贯彻新发展理念

________ནི་དུས་རབས་གསར་པར་རང་རྒྱལ་འཕེལ་རྒྱས་སྟོབས་ལྡན་དུ་འགྲོ་བའི་དགོས་ངེས་ཀྱི་བགྲོད་ལམ་ཡིན། 

དྲིས་ལན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། 

98

(  )是党永葆生机活力、走好新的赶考之路的必由之路。

答案:全面从严治党

________ནི་ཏང་གི་གསོན་ཉམས་ངར་ཤུགས་རྒྱུན་འཁྱོངས་བྱེད་པ་དང་རྒྱུགས་སྤྲོད་ལམ་ཁ་གསར་པར་ལེགས་པོར་བགྲོད་པའི་དགོས་ངེས་ཀྱི་བགྲོད་ལམ་ཡིན། 

དྲིས་ལན། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ། 

99

全党要把(  )作为战略性工作来抓,用党的科学理论武装青年,用党的初心使命感召青年,做青年朋友的知心人、青年工作的热心人、青年群众的引路人。

答案:青年工作

ཏང་ཡོངས་ཀྱིས________དེ་འཐབ་ཇུས་རང་བཞིན་གྱི་བྱ་བར་བརྩིས་ནས་འཛིན་དགོས་ལ། ཏང་གི་ཚན་རིག་གཞུང་ལུགས་བཀོལ་ནས་ན་གཞོན་ལ་དྲག་ཆས་སྤྲས་བ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བཀོལ་ནས་ན་གཞོན་ལ་འབོད་སྐུལ་གཏོང་བ། ན་གཞོན་གྲོགས་པོའི་བློས་ཐུབ་གྲོགས་པོ་དང་། ན་གཞོན་བྱ་བའི་སྤྲོ་སེམས་ཅན། ན་གཞོན་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱེད་དགོས། 

དྲིས་ལན། ན་གཞོན་བྱ་བ། 

100

广大青年要坚定不移听党话、跟党走,怀抱梦想又脚踏实地,敢想敢为又善作善成,立志做(  )、(  )、能吃苦、肯奋斗的新时代好青年,让青春在全面建设社会主义现代化国家的火热实践中绽放绚丽之花。

答案:有理想、敢担当

རྒྱ་ཆེའི་ན་གཞོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ངག་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ཕུགས་བསམ་སེམས་སུ་ཉར་ཞིང་གོམ་པ་ནན་སྤོ་བྱེད་པ་དང་། བསམ་ཕོད་པ་སྒྲུབ་ཕོད་པ་དང་སྒྲུབ་མཁས་པ་འགྲུབ་མཁས་པར་བྱེད་པ། ________དང་________སྡུག་མྱངས་ཐུབ་པ། འབད་འཐབ་བྱེད་པ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་པར་དམ་བཅའ་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དུ་ལང་ཚོའི་མེ་ཏོག་རྣམ་པར་བཞད་དུ་འཇུག་པ་བཅས་བྱེད་དགོས། 

ཡོང་ཁུངས། རྨ་ལྷོའི་མི་རིགས་སྐད་ཡིག་གི་སྤྱི་སྟེགས།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换