甘孜州传媒中心主办       热线:0836-5124430       
རྒྱལ་གཅེས་རིང་ལུགས་སློབ་གསོ་དྲིལ་བསྒྲགས་ཀྱི་སློབ་སྦྱོང་ཡིག་ཆ།༣爱国主义教育宣传学习资料3
2023-10-27 10:55

1.  ཏང་གི་ཆོས་ལུགས་སྲིད་ཇུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ལྡན་ཡོད། རྒྱལ་ཁབ་གང་རུང་ཞིག་གི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། དེ་བཞིན་མི་སྒེར་སུ་ཞིག་གིས་ཀྱང་སྤྱི་དམངས་ཀྱིས་ཆོས་ལུགས་ལ་དད་པ་དང་མི་དད་པའི་ཐད་བཙན་ཤེད་བྱེད་མི་ཆོག  ཆོས་དད་མཁན་གྱི་སྤྱི་དམངས་དང་ཆོས་དད་མི་བྱེད་མཁན་གྱི་སྤྱི་དམངས་སུ་ཞིག་ལའང་མཐོང་ཆུང་བྱེད་མི་ཆོག  རྒྱལ་ཁབ་ཀྱིས་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱེད་པས་སྐྱེ་བོ་སུ་ཞིག་གིས་ཀྱང་ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་སྒྲིག་སྲོལ་ལ་གཏོར་སྐྱོན་དང་སྤྱི་དམངས་ཀྱི་གཟུགས་གཞིའི་བདེ་ཐང་ལ་གནོད་སྐྱོན་གཏོང་མི་ཆོག་ལ་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ཀྱི་བྱེད་སྒོར་བཀག་འགོག་ཀྱང་བྱེད་མི་ཆོག

1、党的宗教政策

中华人民共和国公民有宗教信仰自由。任何国家机关、社会团体和个人不得强制公民信仰宗教或者不信仰宗教,不得歧视信仰宗教的公民和不信仰宗教的公民。国家保护正常的宗教活动。任何人不得利用宗教进行破坏社会秩序、损害公民身体健康、妨碍国家教育制度的活动。

2.  “ཐུན་མོང་”གཉིས།

མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་དགོས།

2、“两个共同”

各民族共同团结奋斗、共同繁荣发展。

3.  “ཁ་བྲལ་ཐབས་མེད་པ་གསུམ”

རྒྱ་རིགས་ནི་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་ནི་རྒྱ་རིགས་དང་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་བྲལ་མེད་པ་བཅས་སོ།

3、“三个离不开”

汉族离不开少数民族,少数民族离不开汉族,各少数民族之间也互相离不开。

4.  “ མོས་པ་ལྔ་”

རླབས་ཆེན་མེས་རྒྱལ་ལ་མོས་པ་དང་། ཀྲུང་ཧྭ་མི་རིགས་ལ་མོས་པ། ཀྲུང་ཧྭ་རིག་གནས་ལ་མོས་པ།  ཀྲུང་གོ་གུང་ཁྲན་ཏང་ལ་མོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མོས་པ་བཅས་ཡིན།

4、“五个认同”

对伟大祖国、中华民族、中华文化、中国共产党、中国特色社会主义的认同。

5.  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།

མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གཞི་རྩའི་ཁྲིམས་ལུགས་ལག་བསྟར་བྱེད་པ་ཞིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་དེས་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་པ་དང་འདྲ་མཉམ་དང་མཐུན་སྒྲིལ། མཉམ་རོགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཕེལ་རྒྱས་བཏང་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲ་བརྟན་དུ་གཏོང་བ་དང་མི་རིགས་རང་སྐྱོང་ས་ཁུལ་དང་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྱོང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་ཤུགས་ཆེན་ཐོན་ཡོད།1984ལོའི་ཟླ་5པའི་ཚེས་31ཉིན། སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་གཉིས་པའི་ཐོག«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས»གྲོས་འཆམ་བྱུང་ཡོད་པ་དང་1984ལོའི་ཟླ་10པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཡོད།

5、中华人民共和国民族区域自治法 

民族区域自治法是实施宪法规定的民族区域自治制度的基本法律,实行民族区域自治,对发挥各族人民当家作主的积极性,发展平等、团结、互助的社会主义民族关系,巩固国家的统一,促进民族自治地方和全国社会主义建设事业的发展,都起到巨大的作用。1984年5月31日,第六届全国人民代表大会第二次会议通过了《中华人民共和国民族区域自治法》,1984年10月1日起施行。

6.  མི་རིགས་ས་ཁོངས་རང་སྐྱོང་གི་ནང་དོན་གཙོ་བོ།

མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་གཅིག་གྱུར་དང་ས་ཁོངས་ཆ་ཚང་བ་དེ་སྔོན་འགྲོའི་ཆ་རྐྱེན་ཡིན།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ངེས་པར་གྲངས་ཉུང་མི་རིགས་འདུ་སྡོད་ཁུལ་དེ་རྨང་གཞིར་བྱས་པ་ཞིག་ཡིན།མི་རིགས་རང་སྐྱོང་ས་ཁུལ་འཛུགས་པའི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཀྱི་བདག་དབང་སྲུང་སྐྱོང་བྱ་ཆེད་ཡིན།

6.民族区域自治的主要内容

①民族区域自治以国家统一、领土完整为前提。②民族区域自治制度必须以少数民族聚居区为基础。③建立民族自治地方的目的是为了保护少数民族的权利。

7.  «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་»

2020ལོའི་ཟླ་5པའི་ཚེས་28ཉིན། སྐབས་བཅུ་གསུམ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་དམངས་དོན་ཁྲིམས་གཞུང་ཐོག་མ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་»གྲོས་ཞིབ་གྲོས་འཆམ་བྱུང་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པས་ཀྲུང་གོ་གསར་པའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།དམངས་དོན་ཁྲིམས་གཞུང་ལ་ཁྱོན་ལེའུ་7དང་དོན་ཚན་1260ཡོད། དེ་དག་ནི་སྤྱིའི་དོན་ཚན་དང་། དངོས་པོའི་བདག་དབང་། གན་རྒྱ། མི་གཤིས་དབང་ཆ། གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི། དེ་མིན་ཞར་བྱུང་དོན་ཚན་བཅས་ཡིན་པ་དང་དམངས་དོན་ཁྲིམས་གཞུང་དེ་2021ལོའི་ཟླ་1པོའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད་འདུག

7、《中华人民共和国民法典》

2020年5月28日,十三届全国人民代表大会三次会议审议通过了新中国历史上首部民法典《中华人民共和国民法典》,这是以习近平同志为核心的党中央推进全面依法治国、推进国家治理体系和治理能力现代化的重大举措,在新中国法治建设史上具有里程碑意义。民法典共7编、1260条,分为总则、物权、合同、人格权、婚姻家庭、继承、侵权责任,以及附则。民法典自2021年1月1日起实施。

8. «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་»_གཉེན་སྒྲིག་དང་ཁྱིམ་ཚང་།

«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་»_གཉེན་སྒྲིག་དང་ཁྱིམ་ཚང་ལེའུ་ལ“སྤྱིར་བཏང་གཏན་འབེབས”དང་། “གཉེན་སྒྲིག” “ཁྱིམ་ཚང་འབྲེལ་བ”  “བཟའ་ཚང་ཁ་བྲལ”  “གསོ་ཉར”བཅས་སུ་དབྱེ་ཡོད།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་»གི་གཏན་འབེབས་ལྟར་གཉེན་སྒྲིག་ཁྱིམ་ཚང་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་ཐོབ་དགོས་པ་དང་ཁྱིམ་ཚང་གིས་ཁྱིམ་སྲོལ་བཟང་པོ་འཛུགས་དགོས་པ་དང་ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་གཏོང་དགོས་པ། ཁྱིམ་ཚང་གི་ཤེས་དཔལ་གཏོད་རྒྱུར་མཐོང་ཆེན་བྱེད་དགོས། གཉེན་སྒྲིག་རང་མོས་དང་ཁྱོ་གཅིག་ཤུག་གཅིག་དང་ཕོ་མོ་འདྲ་མཉམ་གྱི་གཉེན་སྒྲིག་ལམ་ལུགས་ལག་བསྟར་བྱེད་དགོས་པ། བུད་མེད་དང་། ནར་མ་སོན་པའི་མི་སྣ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ། བཙན་ཤེད་གཉེན་སྒྲིག་དང་ཉོ་འཚོང་གཉེན་སྒྲིག དེ་བཞིན་རང་མོས་གཉེན་སྒྲིག་ལ་བཀག་འགོག་བཅས་བྱས་མི་ཆོག་ཅིང་གཉེན་སྒྲིག་ལ་ཁ་གཡར་ཏེ་རྒྱུ་ནོར་ཧམ་ལེན་དང་བཟའ་ཟླ་ཡོད་བཞིན་དུ་གཞན་དང་གཉེན་སྒྲིག་དང་ལུས་འབྲེལ་བྱས་མི་ཆོག་པ། ཁྱིམ་ཚང་ནང་རྡུང་རྡེག་བྱ་སྤྱོད་སྤེལ་མི་ཆོག་པ། ཁྱིམ་མི་ཕན་ཚུན་དབར་མནར་གཅོད་གཏོང་བ་དང་བདག་སྐྱོང་མི་བྱེད་པའི་རིགས་བྱས་མི་ཆོག་པ།

8、《中华人民共和国民法典》—婚姻家庭《中华人民共和国民法典》

婚姻家庭编分“一般规定”、“结婚”、“家庭关系”、“离婚”、“收养”。《中华人民共和国民法典》规定,婚姻家庭受国家保护,家庭应当树立优良家风,弘扬家庭美德,重视家庭文明建设。实行婚姻自由、一夫一妻、男女平等的婚姻制度。保护妇女、未成年人、老年人、残疾人的合法权益;禁止包办、买卖婚姻和其他干涉婚姻自由的行为。禁止借婚姻索取财物;禁止重婚。禁止有配偶者与他人同居;禁止家庭暴力。禁止家庭成员间的虐待和遗弃。

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换