甘孜州传媒中心主办       热线:0836-5124430       
【书香甘孜 美文鉴赏】 我的故乡情
2019-06-26 09:31


营造书香社会  共建和谐甘孜 

ཚེ་དབང་རྡོ་རྗེ།   དཔལ་ཡུལ་རྫོང་རྒྱང་བསྒྲགས་བརྙན་ཁང་གི་མདོ་འཛིན་པ་དང་ཡིག་སྒྱུར་བ།

泽旺多吉  白玉县电视台主持人兼汉藏翻译工作

༄༅།། ང་དང་ངའི་ཕ་ཡུལ།   

   

༄༅།། ང་དང་ངའི་ཕ་ཡུལ། 

                གྱེར་འདོན་བ། ཚེ་དབང་རྡོ་རྗེ།

སྲིད་པའི་ཁམས་སུ་སླེབས་པ་ནས་བཟུང་།

ང་རང་ཁྱེད་དང་འབྲེལ་ནས་ཡོད།

ངའི་ཆེས་ཐོག་མའི་པང་ཁུག་ཁྱེད་ཡིན།

ཆེས་ཐོག་མའི་ངུ་སྐད་གྲགས་ས་ཡང་ཁྱེད་ཡིན།

ཕ་ཡུལ་ལགས།

ངའི་སེམས་དབུས་ཀྱི་ཕྱི་གསལ་ནང་གསལ་གྱི་མུ་ཏིག་རྡོག་གཅིག

 ང་རང་ནར་སོན་པའི་བརྒྱུད་རིམ་ཁྲོད།

ཁྱེད་ནི་ངའི་ཆེས་དྭངས་གཙང་གི་བྱིས་དུས་རོལ་མྱོང་བྱེད་ས་དང་།

ཆེས་བརྗེད་དཀའ་བའི་རྩེད་ར་སྤུངས་ས་དེའང་ཁྱེད་ཡིན།

ཕ་ཡུལ་ལགས།

ངའི་སེམས་གཏིང་གི་ཕྱིར་དྲན་ཀློང་གི་ཕ་ས་སྣུམ་པོ།

 རྒྱུས་མེད་མི་ཡུལ་ལ་འགྲིམས་པ་ནས་བཟུང་།

ཁྱེད་ཀྱིས་བདག་ལ་དྲན་གདུང་གི་བྲོ་བ་དེ་ཤེས་སུ་བཅུག་པ་དང་།

ཁྱེད་ཀྱི་ཡོད་ཚད་ནི་ངའི་ཡོད་ཚད་དེ།

ཁྱེད་ནི་ངའི་ཆེས་བརྩེ་བའི་ཞིང་ས་གྲུ་བཞི་དེའོ།

ཕ་ཡུལ་ལགས།

ངའི་རྟག་བརྟན་དང་རེ་འདུན་ལ་སྤྲུལ་བའི་དྲན་ཤིང་ཉག་གཅིག

 གལ་ཏེ།ང་རང་ཤི་སོང་ན།

ངའི་བེམ་པོ་ཁྱེད་ཀྱི་སྤང་གཤོངས་ལ་འཐིམ་དགོས།

ང་རང་གཏན་དུ་ཁྱེད་དང་འདྲེས་དགོས།

དེ་ནས་ཁྱེད་ཀྱིས་ངའི་ཡོད་ཚད་རྟོགས་སྲིད་ལ་ངས་ཀྱང་ཁྱེད་ཀྱི་ཡོད་

ཚད་ལ་མྱོང་ཆོག་ངེས་རེད།

ཨོ། ཤེས་སོང་ཕ་ཡུལ་ལགས།

ངས་འདས་མ་ད་གསུམ་ལ་གླེང་བཞིན་པ་ནི་ཁྱེད་ཡིན་ལ།

ངའི་འདས་མ་ད་གསུམ་ལ་འབྲེལ་ཡོད་པའང་ཁྱེད་ཁོ་ནའོ།

ཕ་ཡུལ་ལགས། དཔལ་ཡུལ།

ངའི་སེམས་ནང་གི་འགྱུར་མེད་ཀྱི་ཕ་ས།

བརྗེད་མེད་ཀྱི་ཕ་ཡུལ།


播音:泽旺多吉

编审:邓珠 、曲扎

责编:洛绒志玛

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换