甘孜州传媒中心主办       热线:0836-5124430       
【书香甘孜 美文鉴赏】作为一名人民教师而自豪!
2019-06-26 15:35

 


营造书香社会  共建和谐甘孜 


བསོད་ནམས་ལྷ་མོ།  འདབ་པ་རྫོང་རྒྱང་བསྒྲགས་བརྙན་ཁང་གི་མདོ་འཛིན་པ་དང་ཡིག་སྒྱུར་བ།

色郎拉姆  稻城县电视台主持人兼汉藏翻译工作

༄༅།། ཁྱེད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤོག  

   


     བོང་སྟག་རི་ལུ།  

སློབ་ཁང་ནི་མི་ཡུལ་གྱི་ཆེས་དྭངས་གཙང་གི་ཁོར་ཡུག་དེ་ཡིན་ལ།  

སློབ་མ་ནི་མི་ཡུལ་གྱི་ཆེས་ལྷད་མེད་ཀྱི་འགྲོ་རོགས་དེ་ཡིན།  

མི་ཚེ་གང་བོར་དགེ་རྒན་གྱིས་ཤིག  

སློབ་ཁང་གྲུ་བཞིའི་ནང་ནས། 

ཁྱོས་གཞན་གྱི་ཁ་ངོ་སྲུང་མི་དགོས། 

གཞན་སྐྱོན་ཁབ་མིག་འཚོལ་མི་དགོས།

ཡར་ལས་མར་ལས་བྱེད་མི་དགོས། 

ཁ་ཡག་ངོ་དགའ་བཤད་མི་དགོས། 

ཆེས་ཡིད་དུ་འོང་བའི་ངོ་གདོང་དང་།

ཆེས་ལྷད་མེད་ཀྱི་བསམ་བློ།  

ཆེས་ལྷད་མེད་ཀྱི་སྐད་ཆ་དེ་དག་འཚོལ་ནས། 

ཁྱེར་རང་།

མི་ཚེ་གང་བོར་ཆེས་ལྷད་མེད་ངང་འཚོ་ཆོག

ཁྱེད་རང་།  

མི་ཚེ་གང་བོར་དགེ་རྒན་གྱིས་ཤིག

རེ་འགས་གླེང་ན། 

དགེ་རྒན་ནི་ཆེས་ཚེགས་ལྗི་བའི་ལས་ཀ་ཞིག་ཡིན་ཟེར།  

རེ་འགས་གླེང་ན།

དགེ་རྒན་ནི་ཆེས་ཐབས་སྡུག་པའི་ལས་ཀ་ཞིག་ཡིན་ཟེར། 

རེ་འགས་གླེང་ན།

དགེ་རྒན་ནི་གཟི་བརྗིད་ཀྱི་ལས་ཀ་ཞིག་ཡིན་ཟེར། 

ང་རང་སྐད་ཆ་དེ་གསུམ་ལས་ཕྱིར་མར་འཐད་དེ། 

ངས་དགེ་རྒན་གྱི་ལས་ཀ་གཉེར་ནས་མི་ལོ་བཅུ་འགོར་ཞིང་། 

དགེ་རྒན་གྱི་ལས་ཀ་བཏང་ནས་མི་ལོ་ལྔ་འགོར་བའི་རིང་འདིར། 

ངས་ཡང་བསྐྱར་དགེ་རྒན་གྱི་ལས་ཀ་དྲན་ཡོང་། 

དགེ་རྒན་གྱི་ལས་ཀ་ནི་མི་ཡུལ་གྱི་ཆེས་མཛེས་པའི་ལས་ཀ་དེ་ཡིན་ལ།   

དགེ་རྒན་གྱི་ལས་ཀ་ནི་མི་ཡུལ་གྱི་ཆེསདྭངས་གཙང་གི་ཁོར་ཡུག་དེ་ཡིན་པས།  

སྙིང་ཉེ་བའི་སློབ་མ་ཚོ་ནི་མི་ཡུལ་གྱི་ཆེས་བློས་ཐུབ་ཀྱི་གྲོགས་པོ་དག་ཡིན།  

སློབ་མ་ཚོའི་ཆེད་དུ།  ཞོགས་པས་ཆུ་ཚོད་ལྔ་དྲུག་ནས། 

ཁྱེད་རང་ལུས་རྩལ་སྦྱོང་བརྡར་ལ་འགྲོ་དགོས། 

གཞན་དོན་ཡིན་པ་འདྲ་བའི་སྦྱོང་བརྡར་འདིས།

ཁྱེད་ལ་ལེ་ལོ་དང་སྒྱིད་ལུག་དོར་དུ་བཅུག  

སློབ་མ་ཚོའི་ཆེད་དུ།  

མཚན་མོའི་ཆུ་ཚོད་བཅུ་གཅིག་བར།  

སློབ་ཁྲིད་ཟིན་བྲིས་འབྲི་དགོས།  

གཞན་དོན་ཡིན་པ་འདྲ་བའི་ལས་ཀ་འདིས།  

ཁྱེད་ཀྱི་ཤེས་རིག་དང་བསམ་བློ་རྒྱས་སུ་བཅུག

བར་གླགས་འདི་ནས།  

ཁྱེད་ལ་ཉི་མ་སུམ་བརྒྱ་དྲུག་ཅུ་དང་། 

ལོ་འཁོར་ཟླ་བ་བཅུ་གཉིས་ལ། 

ཇ་ཁ་ཆང་ཁ་ཉུལ་ཁོམ་མེད།  

འ་འུར་རྩེད་འཇོ་རོལ་ཁོམ་མེད།  

ཁྱེད་ལ་གྲོགས་པོ་ཉུང་།    ཁྱེད་ལ་ངོ་ཤེས་ཉུང་།  

དེས་བས།       ཁྱེད་ཀྱིས།  

འཇིག་རྟེན་གྱི་གཡོ་ཟོལ་སློབ་མི་དགོས། 

ཚུལ་འཆོས་སློབ་མི་དགོས།  རྫན་རྫུན་སློབ་མི་དགོས།   

ཆེས་དྭངས་གཙང་གི་ཁོར་ཡུག་དེ་ནས།

ཆེས་དག་གཙང་གི་སློབ་མ་དག་བསྐྱངས་པས་ཆོག་ནི།  

ཁྱེད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤིག   

ཟླ་ཕོགས་ཉུང་སོང་བསམ་ནསའཁང་ར་མ་སྐྱེ།  

ཟླ་ཕོགས་དེ་ལས་མང་ན་ཁྱེད་ཀྱི་རང་གཤིས་འགྱུར་འགྲོ

ཁང་མིག་ཆུང་སོང་བསམ་ནས་འཁང་ར་མ་སྐྱེ།

ཁང་མིག་དེ་ལས་ཆེ་ན་ཁྱེད་ཀྱི་ཧམ་པ་འཕེལ་འགྲོ།

འཚོ་བ་ཐབས་ཆག་བསམ་ནས་འཁང་ར་མ་སྐྱེ། 

འཚོ་བ་དེ་ལས་ལེགས་ན་ཁྱེད་ཀྱི་སྙན་ངག་བོར་འགྲོ

ཁྱེད་རང་།  མི་ཚེ་གང་བོར་དགེ་རྒན་གྱིས་ཤིག

སློབ་ཆུང་དགེ་རྒན་ཡིན་ཡང་ཆོག་ལ།  

སློབ་འབྲིང་དགེ་རྒན་ཡིན་ཡང་ཆོག་སྟེ། 

སློབ་ཆེན་དགེ་རྒན་ཡིན་ཡང་ཆོག

གང་ལྟར།  ཁྱེད་རང་དགེ་རྒན་གྱིས་དང་།  

ཨ་མས་བྱིན་པའི་རང་གཤིས་དེ་འབོར་མི་སྲིད། 

ཨ་ཕས་བསྩལ་བའི་ལྷག་བསམ་དེ་འབོར་མི་སྲིད། 

ནམ་ཞིག་ཁྱེད་རང་ཐང་ལ་འགྱེལ་རྩིས་ཡོད་དུས།  

མཐའ་ནས་སྐྱོར་མཁན་དེ།   ཁྱེད་ཀྱི་སློབ་མ་ཡོད་ངེས།  

ནང་ཞིག་ཁྱེད་རང་རླུང་གིས་ཁུར་ལ་ཉེ་དུས། 

ལག་པས་འཛིན་མཁན་དེ།  ཁྱེད་ཀྱི་སློབ་མ་ཡོད་ངེས།  

ནམ་ཉི་མ་ཞིག་ལ།  ལས་འཁྱུར་ངལ་གསོ་བྱས་རྗེས། 

དཔོན་པོ་ཡིན་ཟེར་བ་དག་རྒྱུ་ནོར་གྱི་དོང་ལས་ཐར་མ་ཐུབ་པར་ལུས་དུས།

རིག་རྒོད་ཡིན་ཟེར་བ་དག་གཡོ་ཟོལ་གྱི་དྲ་ལས་ཐར་མ་ཐུབ་པར་ལུས་དུས། 

ཚོང་བདག་ཡིན་ཟེར་བ་དག་དངུལ་བུན་གྱི་རྒྱ་ལས་ཐར་མ་ཐུབ་པར་ལུས་དུས། 

ཁྱེད་ཁོ་ན།  

མི་ཡུལ་གྱི་ཆེས་དྭངས་གཙང་གི་མི་དེ་ཡིན། ཆེས་སེམས་ཁུར་ཉུང་བའི་མི་དེ་ཡིན།  

དེ་བས།   ཁྱེད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤིག།  


播音:色郎拉姆

编审:邓珠 、曲扎

责编:洛绒志玛

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换