ཉེ་ཆར། ས་ཆ་མང་པོའི་དྲོད་ཚད་ད་ལོའི་ལོ་སྨད་ཀྱི་དམའ་ཤོས་སུ་སླེབས་ཡོད་ཅིང་། གྲང་ངར་ལ་འཇིགས་པའི་མིས་རང་གི་གོས་ཚང་མ་གྱོན་འདོད་སྐྱེས་ཀྱི་ཡོད། བྱ་སྤུའི་གོས་གྱོན་པ་ཙམ་མ་ཟད། ད་དུང་བལ་གོས་དང་ནང་འཇམ་སོགས་བརྩེགས་ནས་གྱོན་བཞིན་ཡོད།
ཡིན་ནའང་། གོས་བརྩེགས་ཏེ་གྱོན་ན་གཏོས་ཆེ་བ་མ་ཟད། སེམས་ནང་བསམ་པའི་དྲོད་འཁོལ་ཡང་སྐྱེ་ཡི་མེད། ཡང་སྙིང་ཇི་ལྟར་གྱོན་ན་ད་གཟོད་དྲོད་འཁོལ་ལྡན་ནམ།
དྲོད་འཛིན་གྱི་འགག་རྩ་ནི་འོས་འཚམ་གྱི་སོབ་སོབ་ཡིན།
དྲོད་འཛིན་ཐུབ་པའི་འགག་རྩ་ནི་གོས་ཀྱི་མཐུག་ཚད་རན་པ་མ་ཟད། མཁའ་རླུང་བང་རིམ་འདང་ངེས་ཡོད་པར་ཐུག་ཡོད།
མཁའ་རླུང་བང་རིམ་ནི་གོས་དང་མིའི་ལུས་པོའི་བར་དུ་མཁའ་རླུང་བར་གསེང་ཡོད་པར་ཟེར་ཞིང་། ང་ཚོའི་ལུས་པོས་དུས་རྟག་ཏུ་དྲོད་འདོན་བཞིན་ཡོད་ལ། མིའི་ལུས་པོ་དང་ཕྱི་རོལ་ཁོར་ཡུག་གི་དྲོད་ཁྱད་དབང་གིས་ང་ཚོས་ཀྱང་དུས་རྟག་ཏུ་དྲོད་འགྱེད་བཞིན་ཡོད། མིའི་ལུས་པོས་རྒྱུན་ཆད་མེད་པར་དྲོད་འགྱེད་པས། མཁའ་རླུང་དལ་གྱིས་ཇེ་དྲོད་དུ་བཏང་བ་དང་ཆབས་ཅིག མཁའ་རླུང་གིས་དྲོད་འཛིན་རིམ་པའི་ནུས་པ་ཐོན་བཞིན་ཡོད།
གལ་ཏེ་དྲོད་འགྱེད་ཚད་མགྱོགས་དྲག་ན། དྲོད་འདོན་པའི་མྱུར་ཚད་ཀྱིས་རྗེས་མི་ཟིན་པས། ང་ཚོར་གྲང་བའི་ཚོར་བ་སྐྱེ་སྲིད། གལ་ཏེ་དྲོད་མི་འགྱེད་པའམ་དྲོད་འགྱེད་པའི་འགྲོས་ཚད་འགོར་དྲག་ན། ང་ཚོས་བཏོན་པའི་དྲོད་ནུས་ཚང་མ་ལུས་པོའི་མཐའ་འཁོར་དུ་འདུས་པས། རང་བཞིན་གྱིས་དྲོ་སོབ་སོབ་ཏུ་འགྱུར་ངེས།
“སན་ཝས་ཆི”ལྟར་གོས་གྱོན་སྟངས་ཁོང་དུ་ཆུད་ན། བདེ་ཞིང་དྲོ།
ང་ཚོས་གོས་གྱོན་སྐབས། གོས་ཀྱི་རྒྱུ་ཆའི་ཚི་སྣའི་བར་དུ་མཁའ་རླུང་གསོག་ཐུབ་པ་མ་ཟད། བརྩེགས་རིམ་དང་བརྩེགས་རིམ་བར་གྱི་བར་སྟོང་དུའང་མཁའ་རླུང་གསོག་ཐུབ། འོ་ན། བརྩེགས་རིམ་ཇི་ཙམ་མང་ན། ལྭ་བའི་ནང་དུ་གསོག་པའི་མཁའ་རླུང་དེ་བས་མང་བས། སྤྱི་ཡོངས་ཀྱི་དྲོད་འཛིན་རང་བཞིན་ཡང་དེ་བས་ཆེ་བ་ཡོད་དམ།
ང་ཚོས་མིའི་ལུས་པོ་ཀ་ཟླུམ་དབྱིབས་ཤིག་ཏུ་དཔེར་བླངས་ན། གོས་ཀྱི་ཁ་གྲངས་ཇི་ལྟར་མང་ན། གྱོན་གོས་རེ་རེའི་བར་དུ་བར་གསེང་འབྱུང་ཞིང་། བར་གསེང་གསར་པར་ཡང་མཁའ་རླུང་གཤོང་ཐུབ། མཇུག་མཐར་མཐུག་ཅིང་ལྕི་བའི་མཁའ་རླུང་རིམ་པ་ཞིག་ཆགས་སྲིད།
འོན་ཏེ་རླུང་རིམ་མཐུག་དྲག་ན། ནང་ནས་ཕྱིའི་བར་མངོན་གསལ་གྱི་དྲོད་ཁྱད་འབྱུང་སྲིད་ཅིང་། དེས་མཁའ་རླུང་འཁོར་རྒྱུག་ལས“ཚ་དྲོད་གཏད་རྒྱུག”འབྱུང་དུ་འཇུག་སྲིད། “ཚ་དྲོད་གཏད་རྒྱུག”བྱུང་མ་ཐག་དྲོད་ནུས་ཤོར་ཚད་དེ་བས་མགྱོགས་སུ་འགྲོ་ངེས་ཡིན།
དྲོད་ཁྱད་དབང་གིས“ཚ་དྲོད་གཏད་རྒྱུག”འབྱུང་བ་མ་གཏོགས། གོས་ཀྱི་བརྩེགས་རིམ་མང་དྲག་ན་རླུང་རིམ་སྲབ་ཏུ་གཏོང་སྲིད་པ་དང་། བརྩེགས་རིམ་ཚད་ངེས་ཅན་ཞིག་ཏུ་སླེབས་རྗེས། གོས་ཀྱི་བང་རིམ་བར་གྱི་མཁའ་རླུང་གསོག་ཚད་དེ་ལས་ལྡོག་ནས་གོས་ཀྱི་བརྩེགས་རིམ་མང་དུ་ཕྱིན་པ་དང་བསྟུན་ནས་ཉུང་དུ་འགྲོ་ངེས་ཡིན།
དེར་བརྟེན། གོས་མང་པོ་བརྩེགས་ནས་གྱོན་མི་ཉན་པ་དང་། དགུན་དུས་དོག་དྲག་པའི་གོས་ཀྱང་གྱོན་མི་འོས། ལྷག་པར་དུ་ཁ་གོན་ཅུང་ལྷུག་ཙམ་ཡིན་དགོས། དེ་ལྟར་གྱོན་ན་བདེ་སྣང་མཐོ་རུ་འགྲོ་ལ། དྲོད་ཚད་ཀྱང་མཐོ་རུ་འགྲོ་ཐུབ།
ཁ་གོན་དུ་བྱ་སྤུའི་གྱོན་གོས་དང་། སྲིང་བལ་གྱི་གོས། ཁུ་ལུའི་གོས་རིང་སོགས་རླུང་འགོག་ནུས་པ་ངེས་ཅན་ལྡན་པའི་གོས་གདམ་དགོས།
བར་དུ་འབོལ་པོ་དང་སོབ་སོབ་ཀྱི་ཁུ་ལུ་དང་བྱ་སྤུའི་ནང་གོས་སོགས་གདམ་དགོས།
ནང་དུ་རླན་བཤེར་སིམ་ཤུགས་ཆེ་ཞིང་དབུགས་རྒྱུ་སླ་བའི་ཤ་སྦྱར་དྲོད་སྲུང་གོས་དང་མྱུར་སྐམ་གོས། ཡོ་ལྭ་སོགས་བདམས་ན། བརླན་དང་དབུགས་འཕྲལ་མར་རྒྱུ་ནས། བརླན་གཤེར་གོས་ཀྱི་ནང་གསོག་ཏུ་འཇུག་གི་མེད་དོ། །
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཏོང་སྦྱོར་ལྟེ་གནས།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། དོན་འགྲུབ་ཕུན་ཚོགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
