སྙིང་ཁམས་ཁྲག་རྩའི་ནད་རིགས་དབང་གིས་ལོ་ལྟར་གོ་ལ་ཧྲིལ་པོ་ནས་མི་ཁྲི་1800ལྷག་གི་ཚེ་སྲོག་ཤོར་གྱི་ཡོད། ཞིབ་འཇུག་བྱས་འབྲས་ལས་མངོན་པར། དགོང་མོའི་ཆུ་ཚོད་10ནས་11བར་གཉིད་ཉལ་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་གི་ཡོད་པ་རེད།
ཞིབ་འཇུག་མི་སྣས་ཚོད་ལྟའི་ནང་ཞུགས་མཁན་རྣམས་ཚོགས་ཆུང་བཞི་རུ་བགོས་པ་སྟེ། དགོང་མོའི་ཆུ་ཚོད་10གོང་དུ་གཉིད་ཉལ་མཁན་དང་། དགོང་མོའི་ཆུ་ཚོད་10ནས་10:59བར་གཉིད་ཉལ་མཁན། དགོང་མོའི་ཆུ་ཚོད་11ནས་11:59བར་གཉིད་ཉལ་མཁན། མཚན་དགུང་གི་ཆུ་ཚོད་12པའི་རྗེས་སུ་གཉིད་ཉལ་མཁན་བཅས་མི་ཚོགས་ཁག་བཞི་ལ་བརྟག་དཔྱད་བྱས་པ་བརྒྱུད། སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་ཆུང་ཤོས་ཀྱི་མི་ཚོགས་ནི་དགོང་མོའི་ཆུ་ཚོད་10ནས་10:59བར་གཉིད་ཉལ་མཁན་གྱི་མི་ཚོགས་དེ་ཡིན་པ་རེད།
གཞན་ཡང་།
གཉིད་ཉལ་སྔ་དྲགས་པ་སྟེ་དགོང་མོའི་ཆུ་ཚོད་10གོང་དུ་གཉིད་ཉལ་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་བརྒྱ་ཆ་24ཡིས་མཐོ་བ་ཡོད་པ་དང་།
དགོང་མོའི་ཆུ་ཚོད་11ནས་11:59བར་གཉིད་ཉལ་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་བརྒྱ་ཆ་12ཀྱིས་མཐོ་བ་ཡོད་པ།
མཚན་དགུང་གི་ཆུ་ཚོད་12པའི་རྗེས་སུ་གཉིད་ཉལ་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་བརྒྱ་ཆ་25ཡིས་མཐོ་བ་ཡོད་པ་རེད།
འོ་ན། གང་འདྲ་ཞིག་ལ་གཉིད་ཡག་པོ་ཁུག་པ་ཟེར་རམ། གཉིད་ཡག་པོ་མ་ཁུག་ན་གནོད་འཚེ་གང་དག་ཡོད་དམ་ཞེ་ན།
གཉིད་ཡག་པོ་ཞིག་ཁུག་པར་ཡང་ཚད་གཞི་གསུམ་ཡོད་དེ།
དང་པོ། སྐར་མ་30ནང་ཚུན་དུ་གཉིད་ཁུག་ཐུབ་པ། ལོ་དྲུག་མན་གྱི་བྱིས་པ་ཡིན་ཕྱིན་སྐར་མ་20ཡི་ནང་གཉིད་ཁུག་ཐུབ་པ།
གཉིས་པ། མཚན་དགུང་ལ་གཉིད་སད་ཐེངས་གསུམ་ལྷག་མི་ཐེབས་པ་དང་། གཉིད་སད་རུང་སྐར་མ་20ཡི་ནང་མུ་མཐུད་གཉིད་ཁུག་ཐུབ་པ།
གསུམ་པ། གཉིད་སད་རྗེས་རིག་པ་གྲུང་ཞིང་། སེམས་སྐྱིད་པ། བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་པ་བཅས་རེད།
ཡུན་རིང་གཉིད་ཡག་པོ་མི་ཁུག་པའི་གནོད་འཚེ།
དང་པོ། ཐམ་མེ་ཐོམ་མེ་ཆགས་ནས་སེམས་ནུས་གཅིག་ཏུ་མི་གནས་པ་དང་དྲན་ཤེས་ཉམས་པ། སློབ་སྦྱོང་དང་ལས་ཀའི་ལས་ཕྱོད་ཆུང་དུ་འགྲོ་བ། འགྲིམ་འགྲུལ་དང་ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁ་བཟོ་བ།
གཉིས་པ། སེམས་རྩ་བརྟན་པོ་མེད་པ་དང་བློ་མི་བདེ་བ། ཡིད་མུག་པ།
གསུམ་པ། གཟུགས་གཞིའི་ནད་འགོག་ནུས་པ་ཞན་དུ་སོང་བ་དང་། འགོས་ནད་རིགས་དང་སྙིང་ཁམས་ཁྲག་རྩའི་ནད་རིགས། སྐྲན་ནད་སོགས་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ་བཅས་ཀྱི་གནོད་འཚེ་བཟོ་སྲིད།
གཞན་ཡང་། རིགས་གཅིག་མཁས་པས། ཉིན་ལྟར་གཉིད་ཁུག་པའི་དུས་ཚོད་ཆུ་ཚོད་6ལས་ཉུང་བ་ཡོད་ན། སྐྲན་ནད་ཕོག་པའི་ཉེན་ཁ་བརྒྱ་ཆ་40ཡན་ཆེ་རུ་འགྲོ་སྲིད། ལྷག་པར་དུ་ཉེན་ཁ་དེ་རིགས་བུད་མེད་ཀྱི་ལུས་ཐོག་ཏུ་དེ་བས་མངོན་གསལ་དོད་པ་ཡོད། ཡུན་རིང་ཉིན་ལྟར་གཉིད་ཁུག་པའི་དུས་ཚོད་ཆུ་ཚོད་6ལས་ཉུང་བའམ་ཡང་ན་ཆུ་ཚོད་9ལས་མང་བ་ཡོད་ན། སྐྲན་ནད་ཕོག་པའི་ཉེན་ཁ་བརྒྱ་ཆ་121ཙམ་གྱིས་ཆེ་རུ་འགྲོ་སྲིད་ཅེས་བསྟན་འདུག
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཏོང་སྦྱོར་ལྟེ་གནས།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། དོན་འགྲུབ་ཕུན་ཚོགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
