བདེ་ཡངས་སྐྱིད།ཕ་ཡུལ།རྔ་བ་ཁུལ་ཁྱུང་མཆུ་རྫོང་།ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཅིང༢༠༡༢ལོར་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁོག་ལ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ནས་དགེ་རྒན་གྱི་བྱ་བ་ལོ་ངོ་གསུམ་ཙམ་གཉེར།༢༠༡༥ལོ་ནས་ད་ལྟའི་བར་ཉག་ཆུ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་ཡིག་བསྒྱུར་མདོ་འཛིན་སྒྲིག་སྦྱོར་སོགས་ཀྱི་བྱ་བ་གཉེར་བཞིན་ཡོད།
朗诵:德杨洁
毕业于四川省藏文学校
2012年雅江县柯拉中心小学教师
2015年雅江县融媒体中心翻译
རྩོམ་པ་པོ། མཛངས་མ་ཚེ་རིང་སྐྱིད་ཀྱིས།
ས་མཐོའི་བུ་མོ།
རྟོགས་བརྗོད་དུ་འགྲོ་བ་བཟང་མོ་དང་སྣང་ས་འོད་འབུམ་ཞེས་པའི་མཛེས་པའི་གཏམ་རྒྱུད་ཡོད།
ངག་རྒྱུད་དུ་སེང་ལྕམ་འབྲུག་མོ་དང་ཨ་སྟག་ལྷ་མོ་ལྟ་བུའི་ཡིད་འཕྲོག་གི་མི་སྣ་ཡོད།
སེམས་གཞུང་དུ་མ་ཅིག་ལབ་སྒྲོན་དང་སྒྲོལ་མ་ཉེར་གཅིག་ལྟ་བུའི་དད་མདུན་གྱི་མཆོད་པ་ཡོད།
ལོ་རྒྱུས་ཁྲོད་ཁྱིམ་གཞི་དང་སྐྱེས་པའི་ཆེད་དུ་གཏོང་ཕོད་ཀྱི་རི་མོ་ཕབ་ཡོད། ཁྱེད་ནི་གནའ་ནས་ད་བར་དུ་འདོད་ཧམ་དོར་མཁན་གྱི་ཡུམ་ཆེན་ཞེས་པའི་ཀ་བ་དེ་ཡིན།
ངས་གྲོང་ཁྱེར་དུ་ཡིད་འགུག་ལང་ཚོའི་བར་གྱི་ཧམ་པ་དེ་མཐོང་ལ
ཤ་སྐྱིའི་བར་དུ་ཡིབ་པའི་འཚུལ་ཆོས་ཀྱི་དྲི་མ་དེ་མྱོང་ཐུབ
ངས་སྒེག་ལྡན་བུ་མོའི་རལ་གྲི་ལྟ་བུའི་མིག་ཟུང་གི་གཏིང་ན་ཉར་བའི་གཡོ་སྒྱུ་དེ་མཐོང་བས
ཁ་ཕྱིར་འཁོར་དུས།
ས་མཐོའི་བུ་མོའི་མིག་འབྲས་ཀྱི་བརྩེ་དུང་དེ་རྙེད་བྱུང་ལ
ཡབ་མེས་ཚོས་གནང་བའི་ས་མཐོའི་བུ་མོའི་ལས་དབང་ལ་འཁང་ར་མ་བྱུང་།
ས་མཐོའི་བུ་མོར་ཡར་ཀླུང་གཙང་བོར་འགྲན་པའི་ངང་རྒྱུད་ཡོད་ལ
ས་མཐོའི་བུ་མོར་ཇོ་མོ་གླང་མ་ལྟ་བུའི་སྤོབས་པ་ཡོད།
ས་མཐོའི་བུ་མོར་གངས་ལྗོངས་ཀྱི་ནམ་མཁའ་ལྟ་བུའི་དྭངས་གཙང་གི་སེམས་པ་ཡོད།
ས་མཐོའི་བུ་མོར་ཡངས་པའི་རྩྭ་ཐང་ལྟ་བུའི་སེམས་རྒྱ་ཡོད།
རི་ཟོམ་དང་ན་ཐང་དུ་ངལ་རྩོལ་ལ་བྲེལ་བའི་ས་མཐོའི་བུ་མོ
ནོར་ལུག་དང་ཁང་ཁྱིམ་གྱི་བར་དོ་ན་འདར་བའི་ས་མཐོའི་བུ་མོ
སྐེ་ཁུག་ནས་འགྲིལ་གྱིན་པའི་རྔུལ་ཆུ
འཛུབ་མགོ་རུ་གས་ཁ་ཤོར་བའི་རྨ་ཁ
དཔྲལ་བ་ན་གཉེར་རིས་གསལ་བའི་ལང་ཚོ
དེ་ལྟར་རུང་ས་མཐོའི་བུ་མོའི་གཤིས་ཀ་དང་ནང་སེམས་གྱི་བར་ན
མུ་ཏིག་ལྟ་བུའི་དྭངས་གཙང་གི་རྣམ་ཤེས་ཡོད
མཁའ་དབྱིངས་ལྟ་བུའི་ཞེང་ཆེ་བའི་བློ་རྒྱ་ཡོད
ས་མཐོའི་བུ་མོའི་བྲང་གཞུང་དུ།
མེས་མོ་ཚོ་བློ་ཡིད་ཚིམས་ཏེ་གཟིམས་མྱོང་ལ
ས་མཐོའི་བུ་མོའི་མངལ་སྒོ་རུ།
སྐྱེས་ཆེན་དུ་མས་འཇིག་རྟེན་མཇལ་བའི་ལམ་བུ་ཡོད།
ས་མཐོའི་བུ་མོའི་པང་ཁ་རུ།
བྱིས་པའི་རྣམ་ཤེས་བྱམས་བརྩེ་ལ་འཐིམས་མྱོང་།
ས་མཐོའི་བུ་མོའི་རུམ་པ་རུ།
སྟག་ཤར་གཞོན་ནུ་ཤ་དྲོད་ཀྱིས་བཟི་མྱོང་
ས་མཐོའི་བུ་མོའི་བློ་ངོགས་སུ།
ཁྱིམ་གཞི་ཞིག་གི་དྲོད་འཁོལ་འཁྱིལ་ཡོད
རྒྱལ་ཁམས་འགྲིམས་པའི་གོམ་བགྲོས་ལས་ཕྱིར་མིག་འཕངས་དུས
ས་མཐོའི་བུ་མོས་ཁྲེལ་གཞུང་མིག་ལྟར་བརྩི་ལ
ས་མཐོའི་བུ་མོས་ཁྱིམ་གཞི་སྲོག་གིས་སྲུང་ཡོད།
ས་མཐོའི་བུ་མོ་ནི་ངའི་རྣམ་ཤེས་འདེགས་མཁན་གྱི་རྨུ་ཐག་ཡིན།
征集作品邮箱
328908429@qq.com
联系人 娜措 13558501999
联系人 洛绒志玛 13541470777
责编:娜措 洛绒志玛 程耿
编辑:娜措
音频:阿桑
监制:古志萍 任银凤
图片:源自网络
