甘孜州传媒中心主办       热线:0836-5124430       
དཀར་མཛེས་བརྙན་འཕྲིན་ཁང་ལ་རྒྱལ་ཡོངས་ཀྱི་བྱ་དགའ་འདི་འདྲ་ཐོབ།
2020-08-07 11:57
来源: 

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

 

གཟིགས་་་་

ཁམས་པའི་དཔལ་ཡོན།





དྭངས་གཙང་གི་དཀར་མཛེས། 

བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་མཇུག་སྒྲིལ་བ་དང་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་བྱ་དགའ་བཟང་པོ་རག་འདུག

བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཁྲི་ཀ་ནས་མཇུག་སྒྲིལ།


   མཚོ་ལྷོ་ཁུལ་དུ་བསྡུས་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་དེ་ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར་རྨ་ཡུལ་ཁྲི་ཀ་ནས་མཇུག་སྒྲིལ།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་ནི་མཚོ་ལྷོ་ཚགས་པར་ཁང་དང་། མཚོ་ལྷོ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།  མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ལས་ཁུངས་གསུམ་གྱིས་ཐེངས་འདིའི་ཚོགས་འདུ་འགན་སྒྲུབ་གནང་ཞིང་།  ཚོགས་འདུའི་དུས་ཡུན་ཉིན་བཞིའི་ནང་ཡོངས་འཛིནAPPཔར་གཞི་གསར་པ་དང་། གཏག་ཐབས་གསར་བའི་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་མ་ཟད། བརྡ་ཆད་གསར་བའི་ཞིབ་བཤེར་གཏན་འབེབ་དང་། སྨྱན་སྦྱོར་མཐུན་སྦྱོར་ཉམས་མྱོང་བརྗེ་རེས་ཚོགས་འདུ། དེ་མིན། བོད་ཁུལ་གྱི་སྨྱན་སྦྱོར་པའི་སྡེ་མཚོ་ལྷོ་ཁུལ་གྱི་ཆེད་དོན་བཅའ་འདྲི་རུ་བསྐྱོད་པ་སོགས་བྱ་འགུལ་སྤེལ་བ་རེད།  

སྨྱན་སྦྱོར་འཕེལ་རྒྱས།

    ཐེངས་འདིའི་བྱ་འགུལ་ནི<<རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་གསར་འགྱུར་བརྩམ་ཆོས་ལེགས་གདམ་གྱི་བྱ་བ་བཟང་བོར་བསྒྲུབ་པའི་བརྡ་ཁྱབ>>ཀྱི་བླང་བྱ་ལྟར། ཚགས་པར་དང་རྒྱང་བསྒྲགས་བརྙན་འཕྲིན། དྲ་རྒྱ་བཅས་རིགས་ཆེན་པོ་གསུམ་ནས་འགྲན་ཞུགས་བརྩམ་ཆོས350དང་། བརྡ་ཆད་གསར་བ504།  དུས་མཚུངས་སུ་མིང་ཚིག་རིང་ཐུང་འདྲེས་མ31། དྲ་ངོས་དངAPPཔར་ངོས193བཅས་འབྱོར་བའི་ནང་བོད་ཡིག་བརྡ་ཆད་གསར་པ82ཞིབ་བཤེར་གཏན་འཁེལ་བྱུང་། 


གཡུར་དུ་ཟ་བའི་གྲུབ་འབྲས།

བཀྲ་ཤིས།

དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་གཤམ་གྱི་རྩོམ་ཆོས་འདི་དག་ལ་བྱ་དགའ་རག་འདུག་ཟེར།ཁྱེད་ཀྱིས་གོ་ཨེ་བྱུང་།

26分钟前

ལྷ་མོ།  དོན་གྲུབ།  བདེ་ལེགས།

དཔལ་མོ།:ངོ་མ་ཡག་པོ་རེད་ཡ།བསྡོམས་པའི་རྩོམ་ཆོས་ལྔ་ཁུར་སོང་བ་དེ་ལ་ཚང་མ་བྱ་དགའ་རག་ཡོད་ཟིག་ལེ།རྟེན་འབྲེལ་ཞུ།

དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ཐེངས་འདིའི་ལེ་ཚན་དཔྱད་བསྡུར་ནང་གདམས་ཞུགས་བྱས་པའི་བརྙན་འཕྲིན་ལེ་ཚན་5དེ་ཚང་མ་ལ་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གསར་འགྱུར་གྱི་བྱ་དགའ་ཐོབ་ཡོད་པ་རེད། དེ་ལས་ཨང་གཉིས་པ་བཞི་དང་གསུམ་པ་གཅིག་གི་འབྲས་བུ་བཟང་པོ་བླངས་ཡོད་པ་རེད། 

ཐེངས་འདིར“སྨྱན་སྦྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྨྱན་སྦྱོར་ཚང་མའི་བརྒྱུད་སྒྲོག་རྣམ་པ་གསར་འཛུགས་བྱེད”ཅེས་པ་བརྗོད་གཞི་རུ་བཟུང་ནས་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་སྦྲེལ་ནས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་རྣམ་པ་སྔར་ལས་ལྷག་པའི་གསར་བཏོད་དང་ཐོད་བརྒལ་འབྱུང་བར་ཚང་མས་མཉམ་གཅིག་ཏུ་བརྩོན་ལེན་བྱས་ན་དོན་སྙིང་ཆེན་པོ་ལྡན་པ་རེད། 

གསར་འགོད་པ།འཇམ་དབྱངས་མཁྱེན་རབ།

རྩོམ་འགན་པ།དོན་འགྲུབ།ཆོས་གྲགས།

རྩོམ་སྒྲིག་པ།བློ་ཐུབ་བསྟན།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换