དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འགོ་དཔོན་དབྱང་ཧུའེ་ཆིང་ལགས་ཀྱིས་དུས་རབས་གསར་པའི་ཞི་ཅིན་ཕིང་གིས་གསར་འགྱུར་བསམ་བློའི་“གསར་པ་”བདུན་དང་ད་སྔ་ལས་དོན་དང་ཟུང་དུ་སྦྲེལ་ཏེ་ཏང་གི་སློབ་ཁྲིད་ཐེངས་གཅིག་གནང་བ། ཟླ་བ་༧པའི་ཚེས་༢༠ཉིན་གྱི་སྔ་དྲོད་ཆུ་ཚོད་༩ཐོག དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་གྲོས་ཁང་ཆེན་མོ་ནང་དུ། དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འགོ་དཔོན་དབྱང་ཧུའེ་ཆིང་གིས་ཞི་ཅིན་ཕིང་གིས་གསར་འགྱུར་བསམ་བློའི་“གསར་པ་”བདུན་དང་ད་སྔ་ལས་དོན་དང་ཟུང་དུ་སྦྲེལ་ཏེ་ཏང་གི་སློབ་ཁྲིད་ཐེངས་གཅིག་གནང་བ་རེད།
མོས་གསུང་བཤད་ནང་སྟོན་དོན། ཞི་ཅིན་ཕིང་གིས་གསར་འགྱུར་བསམ་བློ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིན་ལ་གྲུབ་ཆ་གལ་ཆེན་ཞིག་ཡིན་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་།ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གནས་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་བཅས་ཀྱི་ཆེད་དུ་སྤྱི་ཁོག་བསམ་གཞིགས་དང་འཐབ་ཇུས་ཀྱི་བཀོད་པ་དང་།དགོངས་པ་གསར་པ་མང་པོ་བཏོན་ཡོད།ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གསར་པའི་ངོ་བོ་དང་གོ་གནས་འགྲོ་ཡུལ་གསར་པ་འཇོག་དགོས་།ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་གི་བྱ་བ་གལ་ཆེན་ཞིག་དང་།རྒྱལ་སྐྱོང་སྲིད་གཉེར་ཡིན་དང་།ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་།དང་འབྲེལ་བ་ཡོད་པའི་དར་ཆ་དང་འགྲོ་ལམ་དང་།ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཐིག་དང་འབྲེལ་བ་ཡོད་པའི་ལག་བསྟར་དོན་འཁྱོལ་བྱེད་ཕྱོགས་དང་སྲིད་ཇུས་དང་འབྲེལ་བ་ཡོད་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་བདེ་བླག་ངང་སྤེལ་ཐུབ་རྒྱུ་དང་འབྲེལ་བ་ཡོད་པ་དང་།ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་གོང་བུར་འགྲིལ་ནུས་དང་ལྟེ་བར་ཕྱོགས་ཤུགས་དང་འབྲེལ་བ་ཡོད་ཅེས་སྟོན་ཡོད་པ་རེད།དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ལས་བྱེད་ལས་བཟོ་པཡོངས་ཀྱིས་ངེས་པར་དུ་དུས་རབས་གསར་པའི་ཞི་ཅིན་ཕིང་གི་བསམ་བློ་གསར་པ་དང་ཟུང་དུ་སྦྲེལ་ཏེ་ལས་ཀ་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པར་འབད་འབུངས་བྱ་དགོས་ཞེས་སྟོན།
