ཐོག་ལ་དོགས་ཟོན་བྱེད་པའི་རྒྱུན་ཤེས།
虫草采挖季防雷常识
གཅིག ཐོག་གི་ཉེན་ཁ་ཡོད་མིན་ཇི་ལྟར་བརྟག་དཔྱད་བྱ་དགོས།
一、如何判断雷电灾害是否来临
༡བརྙན་འཕྲིན་ཁག་ལས་བཏང་བའི་གནམ་གཤིས་སྔོན་བརྡ་དང་། གནམ་གཤིས་སྡེ་ཁག་གིས་སྤེལ་བའི་ཐོག་སེར་ཡོང་བའི་ཉེན་བརྡའི་ཆ་འཕྲིན་ལ་ལྟ་དགོས་པ་རེད།
༢རང་ཉིད་ཀྱིས་གནམ་གཤིས་ལ་ལྟ་ཤེས་དགོས་པ་རེད། དེའང་སྤྲིན་ནག་མང་པོ་འཁྲིག་པ་དང་། གློག་འཁྱུག་ཅིང་སེར་བ་རྒྱག་མགོ་བརྩམ་ཚེ་ཐོག་བརྒྱག་པའི་ཉེན་ཁ་ཡོད།
༣ལུས་ཐོག་གི་ཚོར་བར་ལྟ་དགོས། གལ་ཏེ་གློ་བུར་དུ་སྐྲ་གནམ་ལ་ཟིང་པ་དང་ལུས་འདར་སིག་བརྒྱབ་ན་ཐོག་བརྒྱག་པའི་ཉེན་ཁ་ཡོད།
1.收看电视天气预报和气象部门发布的雷电灾害预警信息。
2.观云识天,遇到天空云层很低而且特别黑,就有可能产生雷电。
3.身体感知,如果感觉到头发竖起,皮肤颤动如蚂蚁爬行的感觉时有可能被雷击。
གཉིས། ཇི་ལྟར་ཐོག་གི་ཉེན་ཁ་ལ་གཟབ་དགོས།
二、如何防范雷电灾害
༡གལ་ཏེ་ཁྱེད་ཀྱིས་ཐོག་བརྒྱག་པར་ཉེན་བརྡ་བཏང་བའི་ཆ་འཕྲིན་མཐོང་བ་དང་། ཐོག་བརྒྱག་པའི་ཉེན་ཁ་ཡོད་པ་ཤེས་ཚེ་འབུ་རྐོ་འཚམས་བཞག་ཏེ། མགྱོགས་པར་རི་འདབས་སུ་འབབ་དགོས།
༢ཕུག་པའི་སྒོ་ཁ་དང་། རྡོ་ཕ་བོང་། བྲག་གཟར་མོའི་འོག་ནས་ཆར་གཞའ་བྱེད་མི་རུང་ལ། ཆར་གཞའ་བྱེད་སྐབས་གདིང་ཟབ་པ་དང་། ནང་སྐམ་པོ་ཡིན་པའི་ཕུག་པ་འཚོལ་ནས། ཕུག་པའི་གདིང་དུ་འཛུལ་བ་དང་རྐང་པ་གཉིས་མཉམ་དུ་བསྐུམས་ཤིང་ལུས་གྱང་ངོས་སུ་མི་ཐུག་པར་བྱ་དགོས།
༣ཁ་པར་སྒོ་བརྒྱག་པ་ལས། ཁ་པར་ལས་པར་བརྒྱག་པ་དང་། ཁ་པར་གཏོང་བ་སོགས་བྱེད་མི་རུང་། དེ་བཞིན་ལུས་ཐོག་ནས་ཁ་པར་དང་། སྐེད་རྒྱན། རྐག་ལེ་སོགས་ལྕགས་རིགས་བླངས་ཏེ། དེ་དག་མིའི་ལུས་པོ་དང་བར་ཐག་ངེས་ཅན་འཇོག་དགོས། ད་དུང་ཐོག་ཏུ་ལྕགས་རིགས་ཡོད་པའི་ཉི་གདུགས་སོགས་ཕུབ་མི་རུང་།
༤གློག་ཤིང་། གློག་གི་རྐ་བ། ལྕགས་སྡོང་སོགས་རྐ་བ་མཐོན་པོའི་རིགས་དང་། ཐོག་འགོག་སྒྲིག་ཆས་མེད་པའི་བཟོ་བསྐྲུན་བྱས་པའི་དངོས་ཆུང་རིགས་ལ་བར་ཐག་ངེས་ཅན་འཇོག་པ་དང་། དེ་བཞིན་རི་སྒང་དང་། ཆུ་འགྲམ་སོགས་སུ་ཁ་འབྲལ་དགོས།
༥ཕྱི་རོལ་དུ་གུར་སོགས་ཕུབ་སྟེ་སྒར་བརྒྱག་སྐབས། གུར་དང་བར་ཐག་སྨི་༥ཡི་འཚམས་སུ་ཐོག་འགོག་རྐ་བ་སོགས་ཐོག་འགོག་སྒྲིག་ཆས་འཇོག་དགོས།
༦སེར་བ་དང་དྲག་ཆར་འབབ་པའི་སྐབས་སུ། ས་སྟོང་ལུང་སྟོང་ནས་འགྲོ་མི་རུང་། གལ་ཏེ་འགྲོ་དགོས་བྱུང་ཚེ་ཆར་འགོག་ལྭ་བ་གྱོན་དགོས་པ་དང་། འགྲོ་སྐབས་གོམ་སྟབས་ཆུང་ངུས་དལ་མོ་དང་འགྲོ་དགོས། ད་དུང་རྟ་དང་འཕྲུལ་རྟ་སོགས་ཞོན་པ། རྐག་ལེ་སོགས་ཕྲག་པར་ཁུར་བ་བྱེད་མི་རུང་།
༧མི་ལ་ཐོག་བརྒྱག་སྐབས། གློ་བུར་དུ་སྐྲ་གནམ་ལ་ཟིང་པ་དང་། ལུས་ལ་འདར་སིག་བརྒྱག་ངེས། སྐབས་དེར་མྱུར་མགྱོགས་ཀྱིས་ས་ལ་འགྲིལ་དགོས། ཡང་ན་ས་གཤོང་ནང་དུ་མགོ་སྒུར་སྒུར་དང་རྐང་ལག་མཉམ་དུ་སྐུམ་སྐུམ་བྱས་ཏེ་ལུས་པོ་ཆུང་ངུར་ངང་ཙོག་པུར་འདུག་དགོས།
༨མི་མང་བར་ནས་ཐོག་ལ་གཞའ་སྐབས། མི་རྣམས་རུབ་རུབ་བྱ་མི་རུང་ལ། མི་རྣམས་ཀྱི་བར་དུ་བར་ཐག་སྨི་འགའ་བཞག་དགོས།
1.收到雷电灾害预警信息或者判断到有雷电灾害发生时,立刻停止虫草采挖,赶紧下山。不要停留在山顶、山脊等。
2.不要在山洞口、大石下或悬岩下躲避雷雨;不要在滴水、潮湿的山洞内躲避雷雨。选择深邃、干燥的山洞,尽量到山洞最里面;双脚并拢,身体不可接触洞壁。
3.关闭手机,切不可拍照、拨打电话;取下身上手机、首饰、锄头等金属物品,和身体保持一定的距离。不要打顶部和伞柄为金属材质
4.应远离树木、电线杆、铁塔等高耸、孤立的物体和没有防雷装置的孤立小建筑等。尽量离开山丘、河边、池旁。
5.野外搭建帐篷时,应距离帐篷5米以上距离设立防雷杆等雷电防护装置。
6.雷雨天气尽量不要在旷野里行走。要穿塑料等不浸水的雨衣;要走慢点,步子小点;不要骑马、自行车、摩托车;肩上不要扛带锄头等有金属杆的工具。
7.人在遭受雷击前,会突然有头发竖起或皮肤颤动的感觉,这时应立刻躺倒在地,或选择低洼处蹲下,双脚并拢,双臂抱膝,头部下俯,尽量缩小暴露面即可。
8.人群避雷时,不要挤在一起,人与人之间应该拉开几米的距离。
གསུམ། ཐོག་རྒྱག་སྐབས་རང་སྐྱོབ་ཇི་ལྟར་བྱ་དགོས།
三、遭遇雷击时如何自救
མི་གཞན་ལ་ཐོག་བརྒྱགས་ཤེས་རྗེས།མགྱོགས་པར་༡༢༠མྱུར་སྐྱོབ་ཁ་པར་གཏོང་དགོས། ཐོག་རྒྱག་མཁན་ལ་རྨས་སྐྱོན་ཕོག་པ་ལས་གཞན། ད་དུང་སྙིང་གི་འཕར་ལྡིང་དང་། དབུགས་འབྱིན་རྔུབ་གློ་བུར་དུ་མཚམས་ཆད་པ་ལྟ་བུའི་ཤི་བ་ཚར་བའི་སྣང་ཚུལ་ཐོན་སྲིད་པས། གཤམ་གསལ་གྱིས་མྱུར་སྐྱོབ་བྱེད་ཐབས་གསུམ་པོ་སྤྱོད་དགོས།
༡ཐོག་མར་མི་སྙོམས་པོར་བཞག་ནས་ལྭ་བའི་སྒྲོག་གུ་བཀྲོལ་དགོས།
༢ ཁ་ཡིས་ཐད་ཁར་དབུགས་འབྱིན་རྔུབ་བྱེད་རོགས་བྱ་དགོས།
༣ཁསྙིང་ཁ་ནས་ཐེངས་ལྔ་ཡན་མནན་རྗེས། གལ་ཏེ་ད་དུང་རྒྱལ་བ་ལས་སོས་མ་ཐུབ་ན། བསྐྱར་དུ་ཐེངས་གཉིས་དང་གསུམ་བར་དུ་གནན་དགོས།
发现有人被雷击了,赶紧拨打“120”急救电话。遭遇雷击人员除了被灼伤外,还会出现心跳和呼吸突然停止的假死现象,应采取三步急救法:
1.首先将人放平,解开衣服扣子。
2.口对口进行人工呼吸。
3.进行心脏按压5次以上,如果没有成功,重复2和3。
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། སྐལ་བཟང་ཆོས་གྲགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
ཡོངས་ཁུངས། སྡེ་དགེ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས།
