༄༅།།མཛེས་མ་མདོ་འཛིན་པ་པདྨ་ཆོས་མཚོས་ལྔ་གཅིག་ལེགས་སྐྱེས།
1556443684

   མདོ་འཛིན་པ་པདྨ་ཆོས་མཚོ་ནི་ཆོས་སྡེ་དཀར་མཛེས་ནོར་བུ་གླིང་གི་ཡལ་གྱ་གནས་མཆོག་བེ་རི་གསེར་མཁར་ནས་ཡིན་ཞིང་། ཆུང་དུས་ནས་སྐད་གཉིས་སློབ་གསོའི་སྐལ་བ་ཐོབ་ལ།༢༠༡༣ལོའི་ཟླ་བ་༧པར་སི་ཁྲོན་མི་རིགས་སློབ་གླིང་བོད་ཡིག་ཚན་ཁག་གི་རྒྱ་བོད་ཡིག་བསྒྱུར་ཆེད་སྦྱོང་ལས་མཐར་ཕྱིན།ཁོ་མོ་ཆུང་དུས་ནས་མདོ་འཛིན་དང་སྒྱུ་རྩལ་གྱི་ལས་རིགས་སོ་སོར་ལ་དགའ་ཞེན་ཆེན་པོ་ལྡན་ལ།  སློབ་མཐར་ཕྱིན་རྗེས་ལས་དང་སྨོན་ལམ་བཟང་པོས་ཁོ་མོ་རང་གི་དགའ་ཕྱོགས་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་བོད་ཡིག་སྡེ་ཁག་ཏུ་བོད་སྐད་རྒྱང་སྒྲོག་དང་མདོ་འཛིན་པའི་བྱ་གཞག་གཉེར། དེ་ནས་དགའ་ཕྱོགས་ཀྱི་ལས་རིགས་ཕྱོགས་སུ་གོམ་ཁ་སྤོ་འགོ་བརྩམས་ཞིང་ད་ལྟའི་བར་དུ་ཁོ་མོས་རང་གི་དགའ་ཕྱོགས་ཐད་བརྩོན་འགྲུས་ཀྱི་དམ་ཚིག་ཀྱང་ལྷོད་མ་མྱོང་། ཁུལ་ནང་གི་བྱེད་སྒོ་ཆེ་ཆུང་གང་མང་གི་མདོ་འཛིན་དང་སྒྲོག་འགྲེལ་པ་བྱེད་མྱོང་ཞིང་། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་ལས་དོན་སྒྲུབ་ནས་ལོ་ངོ་དྲུག་གི་ནང་ཁོ་མོས་《དཀར་མཛེས་བོད་སྐད་གསར་འགྱུར་》གྱི་རྒྱང་སྒྲོག་པ། <<སྒྱུ་རྩལ་དོ་ར>>ལེ་ཚན་གྱི་མདོ་འཛིན་དང་ཇུས་འགོད་པ་ཡིན། ད་དུང་ད་ལྟར་ཁྱབ་རྒྱ་ཆེ་བའི་《ཁམས་ཀྱི་བཤད་བགོད་རོགས་གསུམ》་ཞེས་པའི་ལེ་ཚན་གྱི་་མདོ་འཛིན་ཀྱང་བྱེད་བཞིན་ཡོད། དུས་རྒྱུན་ད་དུང་གསར་འགྱུར་གྱི་ལོ་ཙཱ་བ་དང་སྒྲིག་སྦྱོར་བ། མུ་འབྲེལ་བརྙན་འཕྲིན་གྱི་སྐད་བསྒྱུར་བ་སོགས་ཀྱི་ལས་དོན་གཉེར། ཁོ་མོས་མདོ་འཛིན་དང་ཇུས་འགོད་བྱེད་པའི་སྒྱུ་རྩལ་དོ་ར་ལེན་ཚན་དེ་རྒྱལ་ཡོངས་སྐབས་སོ་གསུམ་དང་སོ་བཞིའི་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་རིག་རྩལ་ལེ་ཚན་ཕན་ཚུན་བརྗེ་རེས་དང་སྐབས་བཅུ་དགུ་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་དཔྱད་འདེམས་་གྲོས་ཚོགས་ཐོག་གི་རྒྱང་སྒྲོག་མདོ་འཛིན་ཁག་ནས་ཨང་དང་པོའི་བྱ་དགའ་ཐོབ། 

     白玛青措,出生于踢踏舞之乡洁白美丽的甘孜县,2013年毕业于四川民族学院藏语言文学系(藏汉翻译),是一个从小拥有主持梦和热爱藏文化的人,先后担任甘孜州广播电视台《藏语新闻》主播;担当《艺术天地》栏目策划和主持工作。她策划和主持的《艺术天地栏目》先后在第十三次和十四次全国藏语广播电视文艺节目交换暨第十九届全国藏语广播电视优秀节目评析会上获得过主持一等奖.

ཁ་པར་དང་དྲ་བ།

 གངས་ཆར།

དུས་ཀྱི་ལང་ཚོ་ཉི་ཟླ་ལྷན་དུ་ཤར་ནས་ནུབ་ཏུ་བཞུད།།

དེང་གི་མི་རྣམས་ལུས་ཀྱི་བདེ་བ་སྤྱིར་ན་ཡར་ངོའི་ཟླ།།

ཁ་པར་མྱུ་གུ་འབུས་པའི་ཞིང་གྲོང་འཚོ་བ་ཕུན་སུམ་ཚོགས།།

དྲ་ངོས་འཇིག་རྟེན་ལྐོག་འགྱུར་ཆེ་བས་ནམ་ཡང་རྟོགས་པར་དཀའ།།

དེང་གི་མི་རྣམས་དྲ་སྦྲེལ་ཁ་པར་ཁྲོད་ནས་རིམ་བཞིན་རྒས།།

ཞོགས་པ་མལ་ལས་ལངས་རོགས་དྲ་སྦྲེལ་ཁ་པར་ཁྱེད་རང་ཡིན།།

ཉིན་མོའི་ལམ་གྱི་སྡོང་གྲོགས་སླར་ཡང་དྲ་སྦྲེལ་ཁ་པར་ཁྱེད།།

དགོང་མོ་གཉིད་ཀྱི་བསུ་མ་དྲ་སྦྲེལ་ཁ་པར་ཁྱེད་ལས་མེད།།

ལྟོ་དུས་གསུམ་གྱི་སྡོང་གྲོགས་སླར་ཡང་དྲ་སྦྲེལ་ཁ་པར་ཁྱེད།།

དྲ་སྦྲེལ་ཁ་པར་མེད་ན་ངེད་ཅག་འཚོ་བ་སྟོང་ལྷང་ལྷང་།།

གང་དུ་དྲ་སྦྲེལ་ཁ་པར་ཡོད་ན་འདི་རུ་གསར་འགྱུར་ཡོད།།

གང་དུ་དྲ་སྦྲེལ་ཁ་པར་ཡོད་ན་འདི་རུ་དགའ་སྐྱོ་ཡོད།།

གང་དུ་དྲ་སྦྲེལ་ཁ་པར་ཡོད་ན་འདི་རུ་བདེན་རྫུན་ཡོད།།

གང་དུ་དྲ་སྦྲེལ་ཁ་པར་ཡོད་ན་འདི་རུ་སྐད་ཆ་མང་།།

གང་དུ་དྲ་སྦྲེལ་ཁ་པར་ཡོད་ན་འདི་རུ་ཅི་ཡང་ཡོད།།

བཤེས་གཉེན་རིན་བྲལ་དུས་ཚོད་ཁ་པར་ནང་ནས་རྫོགས་པ་མང་།།

སློབ་མའི་དཔེ་ཀློག་དུས་ཚོད་ཁ་པར་ནང་ནས་རྫོགས་པ་མང་།།

དར་མའི་ལང་ཚོའི་མེ་ཏོག་ཁ་པར་ནང་ནས་རྙིད་པ་མང་།།

སྨན་པའི་གསོ་རིག་ལག་རྩལ་ཁ་པར་ནང་ནས་རྒུད་པ་མང་།།

དྲ་སྦྲེལ་ཁ་པར་ཁྲོད་ནས་ལས་དང་རྒྱུ་འབྲས་བརླགས་པ་མང་།།

བྱིས་པའི་མིག་གི་དབང་རྩ་ཉམས་པ་ཁ་པར་ཁྱེད་ཀྱི་སྐྱོན།།

དར་མའི་ལས་ཀར་འཐུས་ཤོར་མང་བ་ཁ་པར་ཁྱེད་ཀྱི་ལན།།

བཟའ་ཚང་ཁ་བྲལ་མང་བ་སླར་ཡང་ཁྱེད་ཀྱི་བྱས་ཉེས་ཡིན།།

རྫུན་གཏམ་འབྲས་བཟང་ཐོབ་པ་ཁ་པར་ཁྱེད་ཀྱི་ནག་ཉེས་ཡིན།།

ཁྱེད་ནི་ཁ་པར་ཁྱེད་ནི་ཉེས་ཅན་ཁྱེད་ནི་ཁ་པར་ཙམ།།

གྲོགས་པོ་གྲོགས་མོའི་གཏམ་གླེང་དུས་ཚོད་ཁྱེད་ཀྱིས་ཕྲོགས་པ་མང་།།

ཁྱིམ་ཚང་མཉམ་འཛོམས་དུས་བཟང་ཁ་པར་འོག་ནས་རྫོགས་པ་མང་།།

མཛའ་བརྩེའི་སྙིང་གཏམ་དྲོན་མོ་ཁ་པར་དབང་གིས་འཁྱགས་པ་མང་།།

ལམ་ནོར་ཤོར་བའི་འགྲུལ་པ་མང་བ་ཁ་པར་ཁྱེད་ཀྱི་ལན།།

ཁ་པར་ཁྱེད་དང་ཆང་ས་བརྒྱབ་པའི་མི་བུ་ཇི་ཙམ་ཡོད།།

ཁ་པར་མེད་ན་སྔོ་སངས་ནམ་མཁའ་སྤྲིན་གྱིས་བསྒྲིབས་པ་འདྲ།།

ཁ་པར་མེད་ན་འཚོ་བའི་ལམ་བུ་སྨག་རུམ་མུན་ནག་འདྲ།།

ཁ་པར་མེད་ན་ཉིན་མོ་རིང་པོ་འཁྱོལ་ཐབས་མེད་པ་འདྲ།།

ཁ་པར་མེད་ན་ཉི་ཟླའི་འོད་སྣང་སྙིང་པོ་མེད་པ་འདྲ།།

ཁ་པར་མེད་ན་འཚོ་བའི་བྲོ་བ་ཅང་ཅང་ཡིན་པ་འདྲ།།

དྲ་སྦྲེལ་ཁ་པར་གཏན་གྱི་འདུན་མར་ནམ་ཡང་མ་བསུ་རོགས།།

དྲ་སྦྲེལ་ཁ་པར་འདི་ལ་སྙིང་གཏམ་ཡོད་ཚད་མ་གསུངས་རོགས།།

དྲ་སྦྲེལ་ཁ་པར་འདི་ལ་དགའ་སྐྱོ་ཆགས་སྡང་མ་གླེང་རོགས།།

དྲ་སྦྲེལ་ཁ་པར་ཕ་མ་བཤེས་གཉེན་བཟའ་ཟླ་ཅི་ཡང་མིན།།

དྲ་སྦྲེལ་ཁ་པར་ཕྱག་ཏུ་ཉུང་ཙམ་ལེན་ན་ལུས་སེམས་བདེ།།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།