ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།
1657769433

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

གཟིགས་་་་

ཁམས་པའི་དཔལ་ཡོན།

དྭངས་གཙང་གི་དཀར་མཛེས། 


༄༅།།ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།  

ཞིང་ཨུ་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་བཅངས་ཏེ། བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་གསུངས།

王晓晖在甘孜州调研时强调

不断铸牢中华民族共同体意识

切实推动涉藏地区长治久安和高质量发展



  ཟླ་7ཚེས་12ནས་ཚེས་13ཉིན་བར་ཞིང་ཨུ་ཧྲུའུ་ཅི་ཝང་ཞའོ་ཧུའེ་དཀར་མཛེས་ཁུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།ཁོང་གིས་ནན་གསུང་གནང་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་དང་།  འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ།མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དེ།འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་ཤུགས་རྒྱག་པ།འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་ཏུ་གཏོང་བ་ བཅས་བྱས་ནས།བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་པ་རེད། 

       ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་དུས་རབས་རང་བཞིན་གྱི་འཐབ་ཇུས་ལས་གྲྭ་ཞིག་ཡིན་པ་དང་སི་ཁྲོན་ལམ་དུམ་འཛུགས་སྐྲུན་གྱི་འཕེལ་རིམ་ཇི་ལྟར་ཡིན་མིན་ལ་ཝང་ཞའོ་ཧུའེ་ཡིས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད།  རྟོག་ཞིབ་གནང་བའི་རིང་ཁོང་དང་ཐོག་ལྕགས་ཟམ་རྫོང་གི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སྐྲུན་ཡུལ་དུ་ཕེབས་ནས།   རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་འཆར་འགོད་འཛུགས་སྐྲུན་གྱི་སྙན་ཞུ་ལ་གསན་པ་རེད།   ཁོང་གིས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུའི་འཆར་འགོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཇུས་འགོད་དང་།  བཀོད་སྒྲིག་གནང་བ། སྐུ་དངོས་ཀྱིས་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན།   རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ།ཚན་རིག་དང་མཐུན་པའི་ཨར་ལས་འཛུགས་སྐྲུན་དང་། བདེ་འཇགས་ཨར་ལས།ལྗང་མདོག་ཨར་ལས་བཅས་མཐའ་འཁྱོངས་བྱས་ནས།  དུས་རབས་རང་བཞིན་གྱི་འཐབ་ཇུས་ཇུས་འགོད་དེ་ཡག་པོ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཁུལ་དང་རྫོང་གི་འགན་འཁུར་བློ་མཐུན་ལ་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་  བྱས་ནས།  ཚད་གཞི་མཐོ་ལ་སྤུས་ཚད་མཐོན་པོས་ཁྲོན་བོད་དང་ས་ཁུལ་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུའི་ཐོག་ཡག་པོ་བསྐྲུན་རྒྱུའི་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། 

 དེ་ཡང་དྲག་ཏུ་རྒྱུག་པའི་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་ཀྱི་གཡང་གཟར་དང་།     ཆུ་བོ་དྲག་ཏུ་རྒྱུག་པའི་གཙང་པོའི་ངོས་ཀྱི་ལྕགས་ཐག་ཟམ་པ་འགྱིང་ངེར་ལངས་པ་དང་།རྒྱང་སྐྱོད་ཀྱི་ལམ་བར་དུ་ཀྲུང་དབྱང་དམར་དམག་གིས་དེ་གར་ལྕགས་ཟམ་མྱུར་ཐབས་ཀྱི་འཕྲོག་པའི་དཔའ་བོའི་བྱས་རྗེས་རླབས་ཆེན་བཏོད་ཡོད།ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་ཉམས་པ་མེད་པའི་ཤོག་ངོས་ཤིག་བྲིས་ཡོད།ཝང་ཞའོ་ཧུའེ་དམར་དམག་གི་ལྕགས་ཟམ་མྱུར་ཐབས་ཀྱི་འཕྲོག་པའི་དྲན་གསོའི་རྡོ་རིང་གི་སྤྱི་གླིང་དུ་ཕེབས་ནས་གོམ་སྟབས་དལ་པོའི་ངང་དཔའ་བོའི་རྡོ་རིང་མདུན་དུ་བསྐྱོད་དེ་དམར་དམག་གིས་ལྕགས་ཟམ་མྱུར་ཐབས་ཀྱི་འཕྲོག་པའི་དྲན་གསོའི་རྡོ་རིང་མདུན་དུ་རྒྱང་ལྟ་བྱས་ནས་དྲན་གསོ་ཁང་དུ་ཕེབས་ཏེ།ས་གནས་དེ་གའི་གསར་བརྗེའི་རིག་དངོས་དང་རྒྱང་སྐྱོད་རྗེས་ཤུལ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྙན་སེང་གསན་པ་དང་དམར་དམག་གི་དཀར་མཛེས་ས་ཁོངས་ཀྱི་གསར་བརྗེའི་ལོ་རྒྱུས་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ཡག་པོ་བྱས་ནས། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་བུའི་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ཏེ།རྒྱུན་ལྡན་ཅན་དང་ཕུགས་འདུན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་ནས།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལོ་རྒྱུས་མེ་ལོང་དུ་བྱས་ནས།འབྱུང་འགྱུར་གཏོད་རྒྱུར་ལྕག་སྐུལ་གཏོང་བ་དང་།དཀའ་སྤྱད་སྙིང་རུས་ཀྱིས་མདུན་སྐྱོད་བྱས་ནས།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ།རྒྱལ་ཁ་གསར་པ་བརྩོན་ལེན་དང་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།   

   དྲན་གསོ་ཁང་ནས་ཁ་བྲལ་རྗེས།ཝང་ཞའོ་ཧུའེ་རླངས་འཁོར་དུ་བསྡད་ནས་དར་མདོ་གྲོང་ཁྱེར་སྒོ་ལྕགས་གྲོང་རྡལ་རི་དཀྱིལ་གྲོང་ཚོ་ལ་བསྐྱོད། གྲོང་ཚོ་དེའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སའི་ཐང་ཆེན་དུ། ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུར་ ནན་ཏན་ངང་གསན་པ་དང་། ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། དམངས་སྡོད་སྒོ་ར་དང་གཉེར་སྐྱོང་དོ་བདག་དབར་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་གཉེར་སྐྱོང་གནས་ཚུལ་དང་།འཁོར་སྐྱོད་བྱེད་སྟངས། མང་ཚོགས་ཞུགས་པ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། གྲོང་སྡེ་འདི་ཡིས་ཏང་གི་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་དང་ཁེ་ཕན་མཉམ་འབྲེལ་ལས་སྟངས་སྤྱོད་དེ།མི་སེར་ཚོ་ཡི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་བཞིན་ཡོད་པ་ཤེས་རྗེས།  ཝང་ཞའོ་ཧུའུ་ཡི་སེམས་ཤིན་དུ་དགའ།    ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་འདིར་སི་ཁྲོན་ལ་གཟིགས་སྐོར་ཕེབས་དུས་ཏང་གི་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ་དང་མཐུན་སྒྲིལ་ངང་མི་སེར་ཚོར་སྣེ་ཁྲིད་དེ།  ཡོང་སྒོ་འཕར་སྣོན་ཡོང་རྗེས་སུ་མུ་མཐུད་ནས་གྲོང་གསེབ་དར་རྒྱས་གཏོང་དགོས་ཞེས་སྐུལ་མ་གནང་ཡོད་པ་རེད་ཅེས་གསུང་། རྒྱུན་མི་ཆད་པ་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་ནུས་པ་ཇེ་མཐོ་དང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་ཡག་མོ་གཏོང་ལ།  མི་སེར་ཚོ་སྣེ་ཁྲིད་ཡག་མོ་བྱས་ཏེ་རང་གི་ལག་པ་གཉིས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་རོལ་བཅུག་དགོས།   དར་མདོའི་སློབ་འབྲིང་གཉིས་པ་འཛུགས་སྐྲུན་བྱས་ནས་ཡུན་རིང་མ་རེད། དེ་ནི་ཤར་ནུབ་སྡེ་ཁག་དང་ཟུང་འབྲེལ་བྱས་ཏེ།ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་ཞིག་རེད། ད་ལོའི་སྟོན་ཚིགས་ནས་དངོས་སུ་སློབ་འགོ་ཚུགས་རྒྱུ་རེད། ཝང་ཞའོ་ཧུའེ་སློབ་གྲྭར་སོང་ཞིང་ཐོག་ཁང་དང་ལུས་རྩལ་ར་བ་དག་གི་སྒྲིག་ཆས་འཛུགས་ སྐྲུན་གྱི་བཀོད་སྒྲིག་ལ་ཞིབ་ཕྲ་བལྟས་པ་རེད། སློབ་མའི་ཉལ་ཁང་དུ་སོང་ནས་ཞག་སྡོད་སློབ་ལུགས་ཀྱི་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་ཧང་ཀྲུའུ་གྲོང་ཁྱེར་ནས་ཡོང་བའི་སི་ཁྲོན་ལ་རོགས་སྐྱོར་ཡོང་བའི་ལས་བྱེད་པར་འཚམས་འདྲི་དང་། ཚང་མས་དཀའ་ལས་མང་པོ་རྒྱག་པ་ལ་ཐུགས་རྗེ་ཆེ་ཞུས། ཀྲེན་ཅང་དང་སི་ཁྲོན་གྱི་ཚོགས་པ་ཅན་གྱི་སློབ་  གསོའི་རོགས་རམ་བྱེད་ཐབས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་གོང་འཕེལ་གཏོང་ཐབས་ལ་གཟེངས་བསྟོད་བྱས།   ཁོང་གིས་བསྟན་དོན། བསམ་བློ་ཆབ་སྲིད་ཀྱི་ལས་ཀ་དེ་སློབ་གསོ་སློབ་ཁྲིད་ནང་ཁྱབ་པ་བྱས་ཤིང་ཏང་དང་རྒྱལ་  ཁབ་ལ་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་ཅིང་།  སྤྱི་ཚོགས་རིང་ལུགས་རིན་ཐང་ལྟ་བ་དར་སྤེལ་ལག་བསྟར་བྱས་ཏེ། སློབ་མ་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་ལ་བཅངས་བའི་བརྩེ་སེམས་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ཆོད་སེམས། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྱོད་པ་བཅས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འབད་པའི་ལས་ཀའི་ཁྱབ་པ་བྱེད་བཅུག་དགོས་ཤེས་གསུང་བ་རེད།

        རྟོག་ཞིབ་གནང་དུས།ཝང་ཞའོ་ཧུའེ་ད་དུང་རྟའུ་རྫོང་མི་མཚོ་དགོན་དུ་ཕེབས་ནས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་རྒྱ་ཡིག་པར་གཞི་དང་བོད་ཡིག་པར་གཞི་གནང་བ་དང་། དགོན་སྡེར་ཁྲིམས་ལྟར་དོ་དམ་ཚད་ལྡན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་བྱས་པ་རེད། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་།བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས།རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་དང་།  ཁྲིམས་སྲུང་ཁྲིམས་འཛིན།  གཞུང་དྲང་བྱ་སྤྱོད་བཅས་ལ་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

          རྟོག་ཞིབ་གནང་དུས་ཝང་ཞའོ་ཧུའེ་ཡིས་རང་རེའི་ཞིང་ཆེན་གྱི་ས་ཆ་ཁ་ཤས་སུ་དྲག་ཆར་བབས་ནས་གནོད་འཚེ་ཕོག་པ་དང་ལྷག་པར་དུ་མན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་དུ་ཆུ་ལོག་འདམ་རྡོའི་ཆུ་རུད་ཐོན་ནས་མི་སྣ་ཤི་རྨས་དང་མང་ཚོགས་ཆ་མེད་རེད་པ་ཤེས་རྟོགས་བྱུང་རྗེས།   ཁོང་གིས་མན་དབྱང་གྲོང་ཁྱེར་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་ལ་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ།འབྲེལ་བ་ཆད་པ་དང་ཉེན་ཁའི་གནས་སུ་གྱུར་བའི་མི་སྣ་འཚོལ་སྐྱོབ་བྱ་རྒྱུ་དམ་འཛིན་བྱས་  ནས།  གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་  འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་མིག་སྔར་ཆུ་རྒྱས་པའི་དུས་ཡིན་པས།ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཉེན་འགོག་གནོད་སྐྱོབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཆར་ཆུ་འབབ་པའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱེད་པ་དང་། ཉེན་འགོག་ཉེན་སེལ་དང་རྒུད་སྐྱོབ་ཀྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་བྱེད་པ།ཞོར་ཐོན་གནོད་འཚེ་ནན་འགོག་བཅས་བྱས་ཏེ་འབྲུབ་དུས་ལས་བདེ་འཇགས་ངང་སྒྲོལ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཞིང་ཆེན་གྱི་འགོ་ཁྲིད་ཁྲེང་ཝེ་དང་ཅིན་ལེ།ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་རྟོག་ཞིབ་ནང་ཞུགས་པ་རེད།

7月12日至13日,省委书记王晓晖前往甘孜州调研。他强调,要深入学习贯彻习近平总书记来川视察重要指示精神,全面落实省第十二次党代会部署要求,统筹发展和安全,不断铸牢中华民族共同体意识,坚持以人民为中心,着力破解发展难题、厚植发展优势,切实推动涉藏地区长治久安和高质量发展。

川藏铁路建设是一项世纪性战略工程,四川段建设进度如何,王晓晖十分关心。调研中,他首先来到位于泸定县的大渡河特大桥建设现场,了解项目建设进展情况,听取川藏铁路雅安至林芝段规划建设汇报。他说,规划建设川藏铁路,是习近平总书记亲自谋划、亲自部署、亲自推动的重大战略举措,对四川经济社会发展特别是民族地区高质量发展具有重大而深远的意义。希望广大建设者大力弘扬“两路”精神,发挥科技创新关键性作用,坚持科学施工、安全施工、绿色施工,建设好这一世纪性战略工程。他叮嘱州县负责同志要全力支持保障川藏铁路建设,确保高标准高质量建好这条惠及川藏两地各族人民的团结路幸福路。

奔涌的大渡河两岸崇山峻岭、悬崖峭壁,水流湍急的河面上泸定桥巍然屹立,长征途中中央红军在这里创造了飞夺泸定桥的英雄壮举,在中国革命史上书写了不朽的一页。王晓晖来到红军飞夺泸定桥纪念碑公园,缓步走过二十二勇士丰碑,在红军飞夺泸定桥纪念碑前驻足瞻仰,走进纪念馆内听取当地加强革命文物和长征遗址保护利用工作汇报,仔细了解红军在甘孜境内的革命史实和长征精神弘扬情况。他强调,要保护用好红色资源,扎实抓好长征国家文化公园甘孜段建设,常态化长效化开展党史学习教育,激励引导各族干部群众以史为鉴、开创未来,埋头苦干、勇毅前行,在迈步新征程中不断夺取新的胜利、谱写新的篇章。

离开纪念馆,王晓晖乘车前往康定市姑咱镇若吉村。在该村新时代文明实践广场,王晓晖认真听取甘孜州和康定市有关工作汇报,详细了解当地推动巩固拓展脱贫攻坚成果同乡村振兴有效衔接情况,观看特色农产品展示,走进民宿院子与经营业主亲切交流,详细询问经营状况、运行模式、群众参与情况。得知该村坚持党建引领乡村振兴,创新发展模式和利益联结机制,带动村民实现持续稳定增收,王晓晖十分高兴。他说,习近平总书记这次来川考察时叮嘱“要把党的基层组织建设好,团结带领乡亲们脱贫之后接续推进乡村振兴”。要不断建强基层党组织这个战斗堡垒,用好党和国家的好政策,带领村民依靠自己的勤劳双手把日子越过越红火。刚完工不久的康定市第二中学,是东西部协作对口支援建设重点项目,今年秋季正式开学。王晓晖来到校园,仔细察看教学楼、体育场等设施建设布局,走进学生宿舍楼了解寄宿制学生住宿保障情况,并看望慰问杭州市援川干部,向大家的辛勤付出表示感谢,对依托浙川“组团式”教育帮扶模式、提升民族地区教育质量的做法给予肯定。他指出,要把思想政治工作贯穿教育教学全过程,坚持为党育人、为国育才,弘扬和践行社会主义核心价值观,引导学生把爱国情、强国志、报国行自觉融入实现中华民族伟大复兴的奋斗之中。

调研期间,王晓晖还前往位于道孚县的灵雀寺,赠送《习近平谈治国理政》汉文版和藏文版,了解寺庙依法规范管理、推进藏传佛教中国化等情况。他强调,要全面贯彻党的宗教工作基本方针,依法管理宗教事务,推动藏传佛教与社会主义社会相适应,引导广大僧尼和信教群众爱国爱教、持戒守法、正信正行,在推动社会发展进步中发挥积极作用。

调研途中,王晓晖得知我省此轮强降雨造成部分地方受灾,特别是绵阳市平武县发生山洪泥石流导致人员伤亡和群众失联。他要求绵阳市和省直有关部门迅速组织力量,抓紧搜救失联、被困人员,妥善安置受灾群众,最大限度保障人民群众生命财产安全。他强调,当前正值主汛期,全省各地各部门要始终保持临战状态,密切关注雨情汛情变化,抓实抓细防灾减灾救灾各项工作,严防次生灾害,确保安全度汛。

省领导陈炜、靳磊,省直有关部门负责同志参加调研。           

རྩོམ་སྒྲིག་པ་བློ་ཐུབ་བསྟན།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།