གསར་ཤོས། ཚང་མས་དགའ་པོ་བྱེད་པའི་ཟ་ཁང་གཉིས་ལ་བརྟག་དཔྱད་བྱས་འདུག
1658455471

       སྤྱི་ཟླ་7ཚེས་20ཉིན་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། པི་ཧྲེང་ཁེ་(必胜客)པེ་ཅིང་ཞི་མཐུན་ཐང་ཆེན་ཟ་ཁང་དང་ཝུའེ་ཀུང་གྲོང་ཚོའི་ཟ་ཁང་ལ་གསང་ཉུལ་བརྟག་དཔྱད་བྱས་པས། ཚགས་ཤ་ལྷེབ་མ་དང་། ཤ་སྨི། ཕི་སཱ་བག་ལེབ། བཏུང་པ། འབྲས། ཐུག་པ། ཕག་རྒྱུ་སོགས་ཟ་ཁང་དེའི་ཐབ་ཚང་ནང་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་མང་པོ་ཡོད་པ་ཤེས་རྟོག་བྱུང་བ་རེད།

       པེ་ཅིང་གི་པི་ཧྲེང་ཁེ་ཟ་ཁང་གཉིས་ལ་བརྟག་དཔྱད་བྱས་པ།

       སྤྱི་ཟླ་7ཚེས་20ཉིན། སྨྱན་སྦྱོར་གྱིས་“པི་ཧྲེང་ཁེ་”ཞི་མཐུན་ཐང་ཆེན་ཚོང་ཁང་གིས་དུས་བརྒལ་རྒྱུ་ཆའི་ཤོག་བྱང་ལྐོག་བརྗེ་བྱས་པ་དང་། བཀྲག་ཟས་ཀྱི་བཀྲག་སྣུམ་དུས་ཡུན་རིང་པོར་བརྗེ་གི་མེད་པའི་གནས་ཚུལ་དགར་འདོན་བྱས་པར་གནད་དོན་ལ་དམིགས་ཏེ་ཧྥུང་ཐའེ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་རེད།

       དམར་རྗེན་དུ་བཏོན་པའི་ཟ་ཁང་ནི་པེ་ཅིང་པི་ཧྲེང་ཁེ་ཕི་སཱ་བག་ལེབ་ཚད་ཡོད་ཀུང་སི་དང་ཞི་མཐུན་ཐང་ཆེན་གྱི་ཟ་ཁང་ཡིན་པ་དང་། དེ་གཉིས་སོ་སོར་ཧྥུང་ཐའེ་ཆུས་ཝན་ཧྥུ་ལམ་ཨང་68པའི་ཞི་མཐུན་ཐང་ཆེན་གྱི་ཐོག་སོ་དང་པོའི་ཨང་གྲངས་118པ་དང་ཐོག་སོ་གཉིས་པའི་ཨང་གྲངས་215རུ་གནས་ཡོད། ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ཏུ་བཟའ་བཅའི་རྒྱུ་ཆ་དང་ཕྱེད་གྲུབ་ཐོན་རྫས་སོགས་བཟའ་བཅའི་སྤུས་ཚད་འགན་ལེན་དུས་ཡུན་དང་། བེད་སྤྱོད། མཛོད་ཉར་སོགས་ཀྱི་གནས་ཚུལ་དང་། ལས་གཉེར་མི་སྣའི་ཐོན་སྐྱེད་ལས་སྣོན་བརྒྱུད་རིམ་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

       ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་སྐབས་ཐབ་ཚང་གི་འཁྱག་མཛོད་ནང་སྤུས་ཚད་འགན་ལེན་དུས་ཡུན་སྤྱི་ཟླ་7ཚེས་19ཉིན་བར་ཡིན་པའི་མེན་པའོ་བག་ལེབ་ཁུག་མ་གང་རྙེད་ཡོད་པ་དང་། ཟས་སྣོད་མང་པོ་ར་བཀྲུ་རྒྱུར་ལུས་པ་དང་ས་ངོས་སྣུམ་གིས་སྦགས་པ་ཚབས་ཆེ་སོགས་གཙང་སྒྲའི་གནད་དོན་ལྷགས་པ་དང། དེ་བཞིན་བཟའ་བཅའི་མཛོད་ཁང་ནང་མི་སྒེར་གྱི་གྱོན་ཆས་སོགས་ཉར་ཚགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད།

       དེ་དང་ཆབས་ཅིག་ཕྱོགས་གསུམ་པའི་ཞིབ་དཔྱད་ཚད་ལེན་ཀུང་སིས་བཟའ་སྣུམ་དང་། བྱ་དེའི་རྐང་པ། བྱ་དེའི་གཤོག་པ། ཤ་རྒྱུ། ཤཱ་སྨི་སོགས་སྨྱན་སྦྱོར་སྡེ་ཚན་གྱིས་དམར་འདོན་བྱས་པའི་བཟའ་བཅའི་རྒྱུ་ཆར་ས་གནས་ས་ཐོག་ཏུ་འཐེན་བཤེར་བྱས་ཡོད།

       ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཚུལ་དང་སྨྱན་སྦྱོར་གྱིས་གླེང་མང་བའི་གནད་དོན་ལ་དམིགས་ཏེ། ཧྥུང་ཐའེ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད། མིག་སྔར་གྱོད་གཞི་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། དོ་བདག་ལ་ལས་མཚམས་འཇོག་ཏུ་བཅུག་ནས་བཅོས་སྒྲིག་བྱེད་བཞིན་ཡོད་པ་རེད།

       དེ་དང་ཆབས་ཅིག་སྤྱི་ཚེས་20ཉིན་གྱི་སྔ་དྲོ། ཧའེ་ཏེན་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཀྱང་བྱ་བ་དེ་དང་འབྲེལ་བ་ཡོད་པའི་ཝུའེ་ཀུང་གྲོང་ཚོའི་ཟ་ཁང་གཉེར་སྐྱོང་གི་དྲ་ཐོག་མ་ལག་ལ་ཞིབ་བཤེར་བྱས་ནས། བཟའ་བཅའི་རྒྱུ་ཆ་དང་རྒྱུ་ཆས་ཀྱི་སྤུས་ཚད་འགན་ལེན་དུས་ཡུན་དང་དེ་མཚུངས་ཀྱི་ཉོ་འཚོང་ཐོ་ཡིག་དང་འཁྱག་ཕྲེང་ཐོན་རྫས་ཀྱི་མཛོད་འཇུག་དང་ཕྱིར་གཏོང་གི་ཐོ་ཡིག་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ཕྱོགས་གསུམ་པའི་སྒྲིག་གཞིས་ཐབ་ཚང་ནས་ཤེས་རྟོགས་བྱུང་བའི་མ་བཅོས་རྒྱུ་ཆར་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཧའེ་ཏེན་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་ཁང་དེར་ཁྲིམས་ལྟར་གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

       ནུས་ལྡན་དུས་ཚད་ཀྱི་ཤོག་བྱང་གཡོ་བཅོས་བྱས་པ།

       བཀྲག་ཟས་ཀྱི་བཀྲག་སྣུམ་དུས་ཡུན་རིང་པོར་བརྗེ་གི་མེད་པ།

       གསར་འགོད་པས་པི་ཧྲེང་ཁེ་པེ་ཅིང་ཞི་མཐུན་ཐང་ཆེན་ཟ་ཁང་དང་ཝུའེ་ཀུང་གྲོང་ཚོའི་ཟ་ཁང་དུ་གསང་ཉུལ་བྱས་པས། ཟ་ཁང་གི་དོ་དམ་མི་སྣས་ནུས་ལྡན་དུས་ཚད་ཀྱི་ཤོག་བྱང་གཡོ་བཅོས་བྱེད་པ་དང་། མེད་པར་བཟོ་འོས་པའི་བཟའ་བཅའི་རྒྱུ་ཆ་དུས་ཐོག་ཏུ་མེད་པ་མི་བཟོ་བ། དུལ་བརྒལ་ཟས་རིགས་དུས་ཐོག་ཏུ་མེད་པར་མི་བཟོ་བ། ལས་བཟོ་བས་དུས་བརྒལ་ཁ་ཟས་ཐུམ་སྒྲིལ་བརྗེས་ནས་འཚོང་བ། བཀྲག་ཟས་བཟོ་བའི་བཀྲག་སྣུམ་དུས་ཡུན་རིང་པོར་མི་བརྗེ་བས་བཀྲག་ཟས་ཀྱི་འབྲེལ་ཡོད་དམིགས་ཚད་ལྡབ་གཅིག་ཙམ་ལས་བརྒལ་བ་སོགས་ཐབ་ཚང་གི་བཟའ་བཅར་བདེ་འཇགས་ཀྱི་གནད་དོན་སྣ་ཚོགས་ཡོད་པ་སོགས་ཤེས་རྟོགས་བྱུང་བ་རེད།

ཀྲུང་དབྱང་བརྙན་འཕྲིན་དྲ་བ།


       སྤྱི་ཚེས་20ཉིན་གྱི་ཞོགས་པ། ཞིན་ཅིན་ཚགས་པར་གྱི་གསར་འགོད་པ་པེ་ཅིང་པི་ཧྲེང་ཁེ་ཞི་མཐུན་ཐང་ཆེན་ཟ་ཁང་དང་པེ་ཅིང་པི་ཧྲེང་ཁེ་ཝུའེ་ཀུང་གྲོང་ཚོའི་ཟ་ཁང་གཉིས་ཀྱིས་ཚོང་གཉེར་བྱེད་མཚམས་བཞག་ཡོད་ཅིང་སྒོ་འགྲམ་དུ་གནས་སྐབས་ཚོང་གཉེར་བྱེད་མཚམས་འཇོག་པའི་གསལ་བརྡ་སྦྱར་ཡོད་པ་རེད།

       པི་ཧེང་ཁེ་ཡིས་ཚོང་མཚམས་བཞག་ནས་བརྟག་དཔྱད་བྱེད་ཀྱི་ཡོད་ཟེར།

       སྤྱི་ཚེས་20ཉིན་གྱི་སྔ་དྲོ། པི་ཧྲེང་ཁེ་ཕྱོགས་ཀྱིས་“སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བའི་པེ་ཅིང་པི་ཧྲེང་ཁེ་ཞི་མཐུན་ཐང་ཆེན་ཟ་ཁང་དང་ཝུའེ་ཀུང་གྲོང་ཚོའི་ཟ་ཁང་གི་འབྲེལ་ཡོད་གནད་དོན་སྐོར་ལ་ངེད་ཀུང་སིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། གོང་བརྗོད་ཚོང་ཁང་གཉིས་ལ་དུས་ཐོག་ཏུ་ཚོང་སྒོ་བརྒྱབ་ནས་བརྟག་དཔྱད་བྱེད་ཀྱི་ཡོད་”ཅེས་གསལ་བཤད་བྱས་པ་རེད། དོ་སྣང་བྱེད་དགོས་པ་ཞིག་ལ། དེ་ལས་ཞི་མཐུན་ཐང་ཆེན་ཚོང་ཁང་ལ་འདི་ལོའི་སྤྱི་ཟླ་གསུམ་པར་རྒྱུ་ཆ་དུས་ཚད་བརྒལ་ནས་བེད་སྤྱོད་བྱས་བའི་རྐྱེན་གྱིས་ཧྥུང་ཐའེ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་དང་དངུལ་ཆད་སྒོར་ཁྲི་5བཅད་པ་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།