གཅིག
རྒན་འཁོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པ་ནི་ནད་གཞི་ལྕི་པོ་དང་ཤི་སྐྱོན་སྔོན་འགོག་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་དང་།རྒན་འཁོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་"སྲིད་གཞུང་གིས་མི་འཚོལ་བ་དང་འཕྲོད་བསྟེན་བདེ་ཐང་གིས་ཁབ་རྒྱག་པ་"དང་"འབྲེལ་ཡོད་བདུན་"གྱི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ་རྒན་འཁོགས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས།འགོག་ཁབ་རྒྱག་ཐུབ་པར་མགྱོགས་པ་རྒྱག་པ་དང་རྒྱག་ཆོག་པར་རྒྱག་པ།
གཙོ་གནད་ལས་ཡུལ་གྱི་དོ་དམ་ལེགས་འགྱུར་བྱ་དགོས།ཕྱི་ནས་ཡོང་བའི་མི་སྣ་རྒན་གསོ་ཁང་དང་།ཕན་བདེ་ཁང་།སྨན་བཅོས་སྒྲིག་གཞིའི་ནད་སྡོད་ཁང་།བུ་བཅོལ་ཁང་།སློབ་གྲྭ་འབྲིང་ཆུང་སོགས་སུ་བསྐྱོད་དུས"་ཁ་རས་རྒྱག་པའི་"གཏན་འབེབས་ལག་བསྟར་ནན་པོ་བྱེད་ནས་བདེ་ཐང་ཨང་བཤེར་དང་ཆུ་ཚོད་48་ནང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས་དཔྱད་བཤེར་ལ་མཐའ་འཁྱོངས་བྱེད་དགོས།མི་མང་འདུ་འཛོམས་བྱ་ཡུལ་གཞན་དག་གིས་"ཁ་རས་རྒྱག་པའི"་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་ཀྱང་བདེ་ཐང་ཨང་བཤེར་དང་།ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས།འཕྲིན་གཏོང་འགྲོ་སྐྱོད་བྱང་བུ།ཉེན་ཁ་ཡོད་པའི་གྲོང་ཁྱེར་གྱི་ཡུལ་སྐོར་ལོ་རྒྱུས་བཅས་ལ་དཔྱད་བཤེར་མི་བྱེད་པ་དང་།གནས་ཡུལ་གྱི་ཨང་གྲངས་ལ་དཔྱད་བཤེར་མི་དགོས།རིམས་ནད་ཡོད་པའི་སློབ་གྲྭས་འཚོ་བའི་ཚན་པ་ཆུང་ཤོས་ལ་བརྟེན་ནས་ཉེན་ཁའི་ས་ཁོངས་དབྱེ་འབྱེད་གནད་ལ་འཁེལ་བ་བྱས་ཏེ་རྒྱུན་གཏན་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྒྲིག་ལམ་ཚད་གཞི་མཐོ་པོིས་སྲུང་སྐྱོང་བྱེད་པ་དང་ཉེན་ཁའི་ས་ཁོངས་ཕུད་སྔར་བཞིན་རྒྱུན་གཏན་གྱི་དྲ་འོག་སློབ་ཁྲིད་དང་འཚོ་བ་སོགས་ཀྱི་སྒྲིག་ལམ་འགན་ལེན་བྱེད་དགོས།
གཉིས།
གསུམ།
རྒྱུན་ལྡན་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་དགོས། གཅིག་ནས་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ས་ཚིགས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དེ་མང་ཚོགས་ཀྱིས་ཞིབ་བཤེར་བྱེད་འདོད་ཡོད་ཚེ་ཞིབ་བཤེར་གང་ཐུབ་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་། གཉིས་ནི་སྨན་རྫས་ཚོང་ཁང་གིས་ཆམ་པ་ཕོག་པ་དང་།ཚ་བ་འཇགས་པ།ལུད་པ་འགོག་པ།ནད་དུག་འགོག་པ།དུག་སྲིན་འགོག་སྨན་བཅས་"རིགས་ལྔའི"་སྨན་རྫས་ཉོས་ན་མིང་ངོ་མ་འགོད་པ་དང་ཉིང་སྐྱུར་སྲིབ་གཤིས་སྟོན་མི་དགོས། གསུམ་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས་སྔར་བས་ཆུང་དུ་གཏོང་བ་དང་ཐེངས་གྲངས་ཉུང་དུ་གཏོང་དགོས། དམིགས་འཛུགས་སྨན་བཅོས་ལས་ཁུངས་དང་སྤྱིར་བཏང་གི་སྨན་བཅོས་ལས་ཁུངས་ཀྱི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་མི་སྣ་དང་།སྤྱོད་འགོ་ཚུགས་བཞིན་པའི་གཅིག་བསྡུས་ལོགས་བཀར་གནས་ཀྱི་ལས་བྱེད་མི་སྣ།ཚོང་རའི་སྒོ་རྩིས་ཚོང་ཁང་དང་།མྱུར་སྐྱེལ།ཟ་མ་སྐྱེལ་བ་སོགས་ལས་ཞུགས་ཁོར་ཡུག་གི་མི་སྣ་འདུས་ཚད་ཆེ་བ་དང་།འབྲེལ་གཏུག་མི་སྣ་མང་བ།འཁོར་རྒྱུག་རང་བཞིན་ཆེ་བ་བཅས་ཀྱི་ཉེན་ཁ་ཆེ་བའི་ལས་གནས་ཀྱི་ལས་ཞུགས་མི་སྣས་བབ་མཚུངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གྲངས་དོན་འཁྱོལ་བྱས་པ་ཕུད།མི་སྣ་གཞན་དག་གིས་"ཞིབ་བཤེར་བྱེད་འདོད་ཡོད་ན་ཞིབ་བཤེར་གང་འདོད་བྱེད་པ་"ལག་བསྟར་བྱེད་པ།
སྲོག་སྐྱོབ་སྨན་བཅོས་བྱེད་ནུས་མཐོར་འདེགས་ནུས་ལྡན་གཏོང་དགོས།གཅིག་ནི་ལོ་65ཡན་ཟླ་སྒྲིལ་བཏང་བའི་རྨང་གཞིའི་ནད་རིགས་ཚབས་ཆེན་(སྐྲན་ནད་དང་།དབུགས་འབྱིན་རྔུབ་མ་ལག་གི་ནད་རིགས།སེམས་དང་ཀླད་རྩའི་ནད་རིགས།དལ་བའི་རང་བཞིན་གྱི་མཁལ་མའི་ནུས་པ་ཉམས་ཟད་དུ་འགྲོ་བ།རང་ངོས་ཀྱི་རིམས་འགོག་སྐྱོན་ཅན་གྱི་ནད་རིགས་སོགས)ད་དུང་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་གཏན་ནས་རྒྱག་མེད་པའི་ནད་པར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཉིང་སྐྱུར་གདགས་གཤིས་ཡིན་པ་ཤེས་ཚེ་དུས་ཐོག་ཏུ་ནད་གཞིའི་འགྱུར་ལྡོག་ལ་དོ་སྣང་དང་སྨན་བཅོས་སྲོག་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་དགོས།གཉིས་ནི་བལྟོས་བཅས་ཀྱིས་གཅིག་པུ་ཁེར་རྐྱང་ཡིན་པའི་ས་ཁོངས་(སྨན་ཁང་ཁུལ་དང་།ཐོག་ཁང་།ནད་ཁུལ་ལམ་ནད་ཁང་)སུ་ཉིང་སྐྱུར་གདགས་གཤིས་ཡིན་པའི་ནད་པ་བསྡུ་བཅོས་དང་།སྨན་དོན་མི་སྣ་བལྟོས་བཅས་ཀྱིས་གཏན་འཇགས་ཡིན།གསུམ་ནི་སྨན་བཅོས་ལས་ཁུངས་ནད་སྡོད་པུའུ་ཡིས་བདེ་ཐང་ཨང་བཤེར་དང་ཆུ་ཚོད་48ནང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས་ལ་ཞིབ་བཤེར་ནན་པོ་བྱེད་དགོས།
བཞི།
ལྔ།
བདེ་ཐང་སྐོར་གྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས།མང་ཚོགས་ལ་རང་ཉིད་དང་ནང་མིའི་བདེ་ཐང་གི་འགན་འཁུར་བ་དང་པོ་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་"ཁ་རས་རྒྱག་པ་དང་།རྒྱུན་དུ་རླུང་རྒྱུག་བཅུག་པ།ལག་པ་བཀྲུ་བ།སོགས་འགོག་འཛིན་ཐབས་ཤེས་དོན་འཁྱོལ་བྱེད་ནས།རང་ཉིད་དང་ཁྱིམ་མིའི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས།འདུས་འདྲིལ་གློ་གཅོང་དང་།ཆམ་རིམས།ཏོག་གསར་གློ་ཚད་སོགས་དབུགས་ལམ་གྱི་འགོས་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུ་དང་།རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་བདེ་ཐང་གི་འཚོ་བའི་ཁོར་ཡུག་བསྐྲུན་དགོས།
一
切实加强老年人疫苗接种。接种新冠病毒疫苗是预防重症和死亡最有效的手段,对保护老年人的身体健康和生命安全起到极其重要作用。各级各部门要坚持“政府找人、卫健打针”和“七挂钩”工作机制,全力推进老年人疫苗接种,做到应接快接、应接尽接。
优化重点场所管理。外来人员进入养老院、福利院、医疗机构住院部、托幼机构、中小学校等场所,严格执行“戴口罩”的规定,坚持查验健康码和48小时内核酸检测阴性报告。其他公共场所要严格执行“戴口罩”的规定,但不再查验健康码、核酸检测阴性报告、通信行程卡、风险城市旅居史,不再扫场所码。有疫情的学校要以最小生活单元精准划定风险区域,最大程度维护正常教育教学秩序,风险区域外仍要保证正常的线下教学、生活等秩序。
二
三
落实常态化防控措施。一是合理设置常态化核酸检测点,方便群众愿检尽检。二是药店购买感冒、退烧、止咳、抗病毒、抗生素“五类”药品不再进行实名登记和查验核酸阴性证明。三是进一步缩小核酸检测范围、减少频次。定点医疗机构和普通医疗机构发热门诊医务人员,正在启用的集中隔离点工作人员,商场超市、快递、外卖等从业环境人员密集、接触人员频繁、流动性强的高风险岗位从业人员落实相应核酸检测频次外,其他人员实行“愿检尽检”。
有效提升救治能力。一是加强对65岁以上合并严重基础疾病(肿瘤、呼吸系统疾病、心脑血管疾病、慢性肾功能衰竭、自身免疫缺陷疾病等)且未完成新冠病毒疫苗全程接种的患者监测,一旦发现核酸阳性,及时关注病情变化,加强医疗救治。二是安排相对独立的区域(院区、楼栋、病区或病室)收治核酸阳性患者,医护人员相对固定。三是进入医疗机构住院部需严格查验健康码和48小时内核酸检测阴性证明。
四
五

广泛开展健康教育。引导公众当好自己和家人健康的第一责任人,持续落实“戴口罩、常通风、勤洗手”等防控措施,守护好自己和家人健康。开展肺结核、流感、新冠等呼吸道传染病防治知识宣传;开展爱国卫生运动,营造健康生活环境。
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། སྐལ་བཟང་ཆོས་གྲགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
