ཉེན་རྟོག་པའི་ལས་གོས་ནི་ངའི་དགའ་ཤོས་དེ་ཡིན།
1681695859

  བློ་བཟང་ཟླ་བ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་རེད། 2009ལོར་ཟླ་སྟོད་ཤང་དུ་མངགས་གཏོང་ཁང་བཙུགས་པ་དང་བློ་བཟང་ཟླ་བས་འགོ་འཛིན་དང་པོའི་འགན་བཞེས། དུས་ཡུན་རིང་པོའི་ནང་ས་མཐོའི་འཐབ་ཕྱོགས་དང་པོར་གཞི་རྐང་ཚུགས་ནས་མང་ཚོགས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་གནང་དང་གནང་མུས་ཡིན་ཞིང་། སྔ་རྗེས་སུ“རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང་བ”དང“བརྒྱ་གཉིས་སྲིད་ཁྲིམས་དཔའ་བོ་དཔེ་བཟང་བ”སོགས་ཀྱི་མཚན་སྙན་ཐོབ་ཡོད། ས་མཐོར་དུས་ཡུན་རིང་པོར་མཛད་བྲེལ་ཆེ་དྲགས་པའི་རྐྱེན་གྱིས་ཁོང་ལ་སྙུན་གཞི་སྣ་ཚོགས་ཕོག་ནས་སྐབས་ཤིག་རིང་ལས་ཀའི་འཐབ་ས་དང་པོ་ནས་ཞལ་གྱེས་དགོས་བྱུང་། མི་རིང་བའི་གོང་གཟུགས་གཞི་བདེ་རུ་ཕྱིན་པ་དང་བསྟུན་ནས་མངགས་གཏོང་ཁང་ལ་ལྟ་བར་འགྲོ་རྒྱུའི་དགོངས་འཆར་བྱུང་།

     2007ལོའི་ཟླ་12པར་ལས་ཀར་ཞུགས་མ་ཐག་པའི་བློ་བཟང་ཟླ་བ་ལགས་དཀར་མཛེས་རྫོང་ཟླ་ཐང་པ་མངགས་གཏོང་ཁང་དུ་ལས་བགོས་བརྒྱབ། དེ་གར་ས་བབ་ཀྱི་ཆ་སྙོམས་མཐོ་ཚད་སྨི་4200ལས་བརྒལ་བ་དང་སྐབས་དེ་དུས་གློག་ཤར་གཏོང་ཐུབ་མེད། ཟླ་ཐང་པ་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་རྒྱུན་གཏན་གྱི་གནས་ཚུལ་འོག་སྐོར་ཞིབ་ཟླ་ཕྱེད་ཙམ་གནང་དགོས་ཁར། རྒྱུན་པར་སྐོར་ཞིབ་གནང་སྐབས་རི་ལམ་གཟར་ཞིང་ཆུ་བོ་དྲག་པའི་གནས་ཚུལ་འཕྲད་ཀྱི་ཡོད། བློ་བཟང་ཟླ་བ་ལགས་ཀྱིས་ལས་གནས་སེམས་ལ་བརྟན་པོར་བཅངས་ཤིང་ས་བཀྲ་སེམས་ལ་གསལ་པོར་ངེས་གནང་མཛད་པ་དང་། སྐབས་དེ་དུས་འཕྲིན་གཏོང་སྟབས་བདེ་མེད་པས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཆེན་པོ་མེད་རྐྱེན་ངེས་པར་དུ་ཡུལ་མི་རྣམས་ལ་གནས་ཚུལ་འཕྲད་སྐབས་ཉེན་རྟོག་པ་འཚོལ་དགོས་པའི་འདུ་ཤེས་འཇོག་ཏུ་བཅུག་དགོས་སྙམ།      2009ལོར་བློ་བཟང་ཟླ་བ་ལགས་ཟླ་སྟོད་ཤང་གི་མངགས་གཏོང་ཁང་གི་འགོ་འཛིན་གནང་། འབྲོག་པ་བསོད་བློ་ཡིས་སྐབས་དེ་དུས་རྩྭ་ཐང་ཐོག་རྟ་ནོར་བརྐུས་པའི་གྱོད་གཞི་ཐོན་མང་བ་དང་ཚང་མར་འཇིག་སྣང་སྐྱེ་ཚུལ་གསར་འགོད་པར་བརྗོད། བློ་བཟང་ཟླ་བ་ལགས་ཀྱིས་བསོད་བློ་ཡི་ནོར་གསུམ་བརྐུས་པ་ཤེས་རྗེས་འབྲོག་ཁྱིམ་དུ་ཕེབས་ནས་ནོར་འཚོལ་རོགས་གནང་།     བློ་བཟང་ཟླ་བ་ལགས་དང་བཅས་པས་གཡང་གཟར་དང་རྩྭ་ཐང་སྒྲོལ་བ་དང་མཚན་མོ་འབྲོག་གུར་ནང་ཉལ་བ། ནོར་གནག་གི་རྐང་རྗེས་འདེད་དེ་སྐུ་ལས་ཉིན་བརྒྱད་བརྒྱབ་རྗེས། མཐར་མཚོ་སྔོན་ཞིང་ཆེན་དར་ལག་རྫོང་དུ་བརྐུས་པའི་ནོར་རྙེད་པ་དང་། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་གཞོགས་འདེགས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཡང་འཛིན་བཟུང་བྱས་པ་རེད། ནོར་ཕྱིར་འབྲོག་རར་བསྐྱལ་བའི་ཉིན་དེར་འབྲོག་པ་ཚོས་བློ་བཟང་ཟླ་བ་ལགས་ཀྱི་མཐའ་ནས་བསྐོར་ཏེ་ཐུགས་རྗེ་ཆེ་ཞུས་པ་རེད།     བློ་བཟང་ཟླ་བ་ལགས་ཟླ་སྟོད་ཤང་དུ་ལས་ཀ་བྱེད་པར་སླེབས་མ་ཐག་དེ་གའི་བདེ་འཇགས་ཐད་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་། བློ་བཟང་ཟླ་བ་ལགས་ལས་གནས་ཐོག་འཁོད་མ་ཐག་གཙོ་གནད་གྱོད་གཞིའི་ཁུངས་སྣེ་འཕྲལ་མར་བཙལ་འཚོལ་དང་གྲལ་བཤེར་བྱེད་འགོ་ཚུགས་པ་དང་བདེ་འཇགས་ཀྱི་གནས་ཚུལ་ལེགས་སུ་གཏོང་རྒྱུར་དམ་འཛིན་གནང་།      བློ་བཟང་ཟླ་བ་ལགས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་བྲོས་བྱོལ་ཉེས་ཅན་ཞིག་འཛིན་བཟུང་བྱ་རྒྱུ་ནས་འགོ་བརྩམས་ཤིང་། ཟླ་བ་ཁ་ཤས་སྡོད་སྲུང་དང་བཅར་འདྲི་བྱས་པ་བརྒྱུད། བྲོས་བྱོལ་ཉེས་ཅན་དེར་མེ་མདའ་ཡོད་པ་ཤེས་རྟོགས་བྱུང་། ཁ་བ་འབབ་པའི་མཚན་མོ་ཞིག་ལ་ཉེན་རྟོག་པས་འཛིན་བཟུང་བྱ་སྤྱོད་སྤེལ་འགོ་བརྩམས་པ་དང་། གངས་ཁྲོད་དུ་རུ་མི་ཚོས་ཆུ་ཚོད་7ལྷག་ཙམ་བསྐྱོད་མཐར་སྐྱ་རེངས་མ་ཤར་གོང་དམིགས་སར་འབྱོར།

     འཛིན་བཟུང་བྱ་སྤྱོད་མ་སྤེལ་གོང་བློ་བཟང་ཟླ་བ་ལགས་ཀྱིས་མདུན་དུ་རྒྱུགས་རྩིས་ཡོད་པའི་ཉེན་རྟོག་པ་སངས་རྒྱས་རྡོ་རྗེའི་ལག་ནས་ཚུར་འཐེན། སངས་རྒྱས་རྡོ་རྗེས། རྒན་ལགས་ཀྱིས་ང་སྒོ་ཁར་སྲུང་དུ་བཅུག་བྱུང་། གལ་སྲིད་མེ་མདའ་བརྒྱབ་ཀྱང་ཕྱིར་ཐོན་མཁན་མེད་ཚེ། འཕྲལ་མར་དཔུང་རོགས་འཚོལ་དུ་སོང་ཞེས་ཞུས་བྱུང་། ཉེས་ཅན་པ་འཛིན་བཟུང་བྱེད་དུས་དང་ཐོག་ཤོར་འགྲོ་མཁན་ནི་ག་དུས་ཡིན་རིང་རྒན་ལགས་ཁོང་རེད་ཅེས་བརྗོད། ཕྱིས་སུ་བྲོས་བྱོལ་ཉེས་ཅན་དེའི་སྔས་མགོའི་འོག་ཏུ་མེ་མདའ་ཞིག་སྦས་པ་ཤེས་རྟོགས་བྱུང་། བྲོས་བྱོལ་ཉེས་ཅན་པ་འཛིན་བཟུང་བྱས་པའི་གནས་ཚུལ་དེ་འཕྲལ་མར་ཟླ་སྟོད་ཤང་དུ་ཁྱབ་པ་དང་ཡུལ་མི་ཚོས་མི་དམངས་ཉེན་རྟོག་པར་ཡིད་ཆེས་བྱེད་ཚད་རིམ་གྱིས་ཆེ་རུ་ཕྱིན།     རྒྱུན་པར་ལས་བྲེལ་ཆེ་བའི་དབང་གིས་ཁ་ལག་དུས་ཐག་ཏུ་རག་གི་མེད་རྐྱེན་ཁོང་ལ་སྙུན་གཞི་མང་པོ་ཞིག་ཕོག་ཡོད། གཟུགས་གཞིའི་གནས་ཚུལ་ལ་བསམ་གཞིགས་བྱས་ནས་རྩ་འཛུགས་ཀྱིས་བློ་བཟང་ཟླ་བ་ལགས་ས་བབ་ཅུང་དམའ་བའི་དཀར་མཛེས་རྫོང་ལྷོ་པ་མངགས་གཏོང་ཁང་དུ་ཐག་བཅད་པ་དང་ལས་གནས་གསར་པ་འདིའི་ཐོག་ཏུ་ཁོང་གིས་ནུས་ཤུགས་ཡོད་རྒུས་ལས་བསྒྲུབས་གནང་རྐྱེན་དེ་གའི་དཔུང་ཁག་རྫོང་ཡོངས་ཀྱི་དཔེ་བཟང་དཔུང་ཁག་གཅིག་ཏུ་བཏོད། འོན་ཀྱང་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་པས་སྨན་ཁང་དུ་སྡོད་པའི་ཐེངས་གྲངས་མང་དུ་ཕྱིན་པ་དང་མཐར་མུ་མཐུད་ས་མཐོར་རྒྱུན་སྡོད་བྱས་ཚེ་ཚེ་སྲོག་ལ་ཉེན་ཁ་ཡོད་སྟབས་ཁོང་ཁྲེང་ཏུར་ནད་གསོ་བར་མི་འགྲོ་ཀ་མེད་དུ་བྱུང་།      ཨ་ཅོ་ལགས། ཁྱེད་རང་ལ་ལས་ཀའི་གནས་ཚུལ་སྙན་སེང་ཞུ་ཆོག་ཅེས་ད་ཆ་མངགས་གཏོང་ཁང་གི་འགོ་འཛིན་གནང་མཁན་བསོད་ནམས་ཚེ་རིང་གིས་བློ་བཟང་ཟླ་བ་ལགས་ཀྱི་ལག་ནས་འཇུས་ཏེ་ཚོགས་ཁང་དུ་སྐྱོད་བཞིན་ཡོད། གྱང་ཐོག་བཀལ་བའི་དར་ཆ་དང་གཟེངས་བསྟོད་ལག་ཁྱེར་སྣ་ཚོགས་བཤམས་ཡོད་ཅིང་། ཟླ་སྟོད་ཤང་མངགས་གཏོང་ཁང་གི་ལོ་དེ་དག་ནང་དམངས་ལ་ཞབས་འདེགས་ཞུ་བའི་སྐོར་བཀོད་ཡོད།     བསོད་ནམས་ཚེ་རིང་གིས་གསར་འགོད་པར་བློ་བཟང་ཟླ་བ་ལགས་དང་མི་དམངས་ཉེན་རྟོག་པ་ཁག་གཅིག་གི་འབད་བརྩོན་འོག ཡིད་ཆེས་ཀྱི་ས་བོན་དེ་ཟླ་སྟོད་ཤང་གི་ཉེན་རྟོག་པ་དང་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ཡོད། ད་ཆ་བདེ་འཇགས་ཀྱི་གནོན་འཚེ་ཆུང་དུ་ཕྱིན་པ་དང་། བསོད་ནམས་ཚེ་རིང་གིས་སྐོར་ཞིབ་དང་དམངས་དོན་ཟིན་ཐོ་འཐུས་ཚང་དུ་གཏོང་བའི་བླང་བྱ་ལྷོད་གཡེང་དུ་བཏང་མེད་པ་མ་ཟད། སེམས་ནུས་དེ་བས་མང་བ་ཤང་ནང་གི་གཞོན་ནུ་ཚོའི་ལུས་ཐོག་ཏུ་འཇོག་གནང་མཛད་པ་སྟེ། གཅིག་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སྒྲོག་འགྲེལ་གནང་བ་དང་། གཅིག་ཤོས་ནས་ཁོང་ཚོའི་སློབ་རིམ་འཕར་རྒྱུ་དང་ལས་ཞུགས་སོགས་ཀྱི་བསམ་ཚུལ་ཤེས་རྟོགས་ཀྱིས་དུས་ཐོག་ཏུ་ཁྲིད་སྟོན་དང་རོགས་རམ་གནང་བཞིན་ཡོད། བསོད་ནམས་ཚེ་རིང་གིས། ཕྲུ་གུ་ཚོ་ཉིན་རེ་བཞིན་འཚར་ལོངས་བྱུང་བ་དང་ཟླ་སྟོད་ཤང་གི་འཚོ་བ་ཡང་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།     འདི་ནས་ཞལ་གྱེས་ཁར་ཡུལ་མི་ཚོས་བྲལ་བར་མི་འདོད་པའི་མིག་ཆུའི་ཐིག་ཕྲེང་ཟག་མོད། འོན་ཀྱང་ཕྱིར་ལོག་གནང་ནས་མུ་མཐུད་ཕྱག་ལས་གནང་རྒྱུའི་སྐོར་སུས་ཀྱང་བརྗོད་མེད། བློ་བཟང་ཟླ་བ་ལགས་ཀྱི་བཞིན་ལས་འཛུམ་མདངས་ཕྱུང་བཞིན་ཉེན་རྟོག་པའི་ལས་གོས་ནི་ངའི་དགའ་ཤོས་དེ་ཡིན་ལ། ས་མཐོ་ནི་ངའི་སེམས་ཀྱི་བརྟེན་ས་ཡིན། ང་རང་དྲག་སྐྱེད་བྱུང་རྗེས་ཕྱིར་ལོག་ངེས་ཡིན་ཞེས་གསུངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།