བོད་རྒྱའི་གཏམ་དཔེ་རྣ་བའི་བདུད་རྩི།
1684118729

དྲག་ཞན་དང་དཀའ་སླ།   强弱·难易

བོད་ཀྱི་གཏམ་དཔེ། 谚语

རྒྱ་ཡིག་དོན་འགྲེལ།  释义(语近)

མཐོ་རུང་ཉི་ཟླ་གཟས་འཛིན་འཛིན། དམའ་རུང་དོང་ཆུ་ཐག་པས་འཐེན་འཐེན།    (བྱ་བ་བྱེད་དཀའ་བ་གང་ཞིག་ཡིན་རུང་དེ་དང་མཐུན་པའི་ཐབས་ཤེས་བཙལ་ན་ལས་སླ་བོར་འགྲུབ་ཐུབ་པའི་དཔེ།)

日月虽高也会被罗睺吞掉,井水再深也会被长绳提取。喻:事情虽然难以完成,但有了相应的方法做起来就容易了。“罗睺”也叫罗睺罗星,为星宿名。旧说此星能吞食日月。

དུང་དཀར་གཡས་འཁྱིལ་གཅོག་པ་སུས་ཀྱང་ཡོང་། ཆག་པ་སྒྲིག་དགོས་བྱུང་ན་ཁག་པོ་ཡོང་།(མེད་པ་བཟོ་རྒྱུ་དེ་སུས་ཀྱང་ཡོང་བ་དང་། སྐྱོན་ཤོར་བ་དེ་གསོ་ཐུབ་པ་དཀའ་བའི་དཔེ།) 

弄碎法螺谁都会,将其复原难上难。喻:破坏容易恢复难。

_

དེ་ཕོ་འཕུར་རྩལ་ཆེ་ཡང་། གནམ་འཕང་མི་ཆོད།  (ནུས་མེད་ཀྱིས་ནུས་ཤུགས་སྐྱེད་ཁུལ་བྱས་ཀྱང་བྱ་བ་རླབས་ཆེན་འགྲུབ་མི་ཐུབ་པའི་དཔེ།)

雄鸡虽能飞,难于翔高空。喻:能力有限的人虽然努力也难成大事。语近:“鸡毛飞不上天”。

རྡོ་རྗེའི་ཐོག་ལ་བྱིས་པའི་ཁུ་ཚུར།      (དོ་ཟླ་ཆེ་ཆུང་ཁྱད་པར་ཆེན་པོ་ཡོད་པའི་དཔེ།)

金刚杵上,小儿挥拳。喻:较量的双方,强弱极为悬殊。“金刚杵”,古印度武器。

རྡོ་དང་ཐུག་ན་རྣོ་ལོག  ཤ་དང་ཐུག་ན་རྔམ་ཆེ། (གྱོང་པོ་བྱེད་མཁན་རྣམས་མི་ཐུབ་ཅིང་སྙོམས་ཆུང་ལ་ངར་ངར་བྱེད་པའི་དཔེ།) 

碰上石头刀卷刃,遇上肥肉显威风。喻:欺软怕硬。语近:“不敢捏石头,只敢捏豆腐”。

_

རྡོ་མར་ལ་བརྒྱབ་ན་མར་ཕམ།  མར་རྡོ་ལ་བརྒྱབ་ཀྱང་མར་ཕམ།(གང་ལྟར་མི་སྙོམས་ཆུང་དེར་ཕམ་ཁ་འཁེལ་བའི་དཔེ།) 

石头击酥油,遭殃的是酥油;酥油击石头,遭殃的还是酥油。喻:弱小者总是吃亏。

གནག་ཕྱུགས་ལ་སྤུ་རྙོག  ལྐུགས་པ་ལ་ལས་རྙོག (ལས་ཀ་བྱེད་སའི་ཁ་གཏད་དེ་བྱེད་དཀའ་མོ་ཡིན་པའི་དཔེ།) 

杂乱牛毛难梳理,固执之人难对付。形容对方难以对付,不好相处。

གནམ་བྱ་ཡི་ཕོ་མོ་ཤེས་དཀའ་ཡང་། མགོ་ནག་མི་ཡི་རྣམ་འགྱུར་ཤེས་པ་སླ།    (བྱ་ཕོ་མོ་ཤེས་དཀའ་བ་དང་། མི་ཡི་རྣམ་འགྱུར་བཟང་ངན་ཤེས་སླ་བའི་དཔེ། ) 

天上飞鸟,雄雌难辨;地上人群,行为易识。喻:飞鸟难辨雌雄,人的行为好坏容易了解。

_

སྣམ་བུ་དཀར་པོའི་ཚོས་མདོག  ག་ནས་ག་པར་སྒྱུར་སྒྱུར།(བསྒྱུར་བཅོས་བྱ་བ་བདེ་བའི་དཔེ།)

白色氆氇呢,任意染颜色。喻:加工改造,十分方便。

སྣམ་བུ་འདོམ་པ་གང་གིས་ཞྭ་གོས་ལྷམ་གསུམ།  (མ་རྩ་ཉུང་ཤས་ཤིག་གིས་བཟོ་སྐྲུན་མང་པོ་མི་འགྲུབ་པའི་དཔེ།) 

氆氇只有一庹长,作鞋制帽缝衣裳。喻:少量资产应付不了多种开销。

སྦུད་པ་ལྡིར་སྒྲ་ཆེ་ཡང་ལག་པའི་འོག    (རྫིག་ཉམས་ཆེ་ཡང་རང་ཤུགས་གཏན་ནས་མེད་པའི་དཔེ། ) སྦུད་པ་ཁ་འཕང་མཐོ་ཡང་། ལག་ཆུང་གཡས་པའི་འོག་རེད་ཅེས་ཀྱང་ཟེར།

皮火筒的声响大,却在人的手底下。喻:声势虽大,自身没有力量,仍要受他人控制。

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།