རྒྱུད་གཅིག་ལམ་གཅིག་གིས་མིའི་རིཊ་དང་འཛམ་གླིང་ལ་ཕུལ་བའི་ལེཊ་སྐྱེས།
1697684217

    སྤྱི་ལོ་2023ལོ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་ངོ་བཅུ་འཁོར་བའི་དུས་བཟང་ཞིག་རེད། མ་གཞི་ལོ་ངོ་བཅུའི་རིང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་རུང་། གང་དེའི་འཕེལ་རིམ་དང་དེར་ཐོབ་པའི་གྲུབ་འབྲས་ནི་སྔོན་དཔག་ལས་ལྡབ་གྱིས་ལེགས་པ་བྱུང་ཡོད།

དང་པོ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནི་ཆེས་གསར་ཤོས་དང་ཆེས་སྔོན་ཐོན་གྱི་འདུ་ཤེས་ཤིག་ཡིན་པ་དང་། མིའི་རིགས་ཀྱི་གོང་འཕེལ་ཆོས་ཉིད་དང་མཐུན་ཞིང་། འདི་ནི་ནུབ་ཕྱོགས་ཀྱི་གུ་དོག་པའི་གོ་ལ་ཅན་ལས་བརྒལ་བའི་ཡང་དག་པའི་ལམ་བུ་ཞིག་དང་། འདི་ནི་དུས་འཁོར་རིང་ཞིང་ཕྱོགས་བསྡུས་རང་བཞིན་ཆེ་བའི་གོ་ལའི་སྤྱི་པའི་ཐོན་རྫས་ཤིག་རེད། དེའི་ནང་གོ་ལའི་གོང་འཕེལ་གྲོས་ཆོད་ཀྱི་འདུ་ཤེས་དང་ནང་དོན་བསྡུས་ཡོད་ལ། གོ་ལའི་བདེ་འཇགས་གྲོས་འགོའི་འདུ་ཤེས་དང་བྱ་སྤྱོད་ཀྱང་བསྡུས་ཡོད། དེས་མ་ཚད་ད་དུང་གོ་ལའི་ཤེས་དཔལ་གྲོས་འགྲོའི་འདུ་ཤེས་དང་འདོད་ཚུལ་ཡང་བསྡུས་ཡོད་པ་རེད།

གཉིས་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་ལོ་ངོ་སུམ་བརྒྱ་ལྷག་གི་བཟོ་ལས་དཔལ་ཡོན་ལས་གྲུབ་པའི་རྒྱ་མཚོ་གཙོ་བོར་བཟུང་བའི་འཛམ་གླིང་གི་གནས་སྟངས་ལ་འགྱུར་བ་གཏིང་ཟབ་བཏང་ཡོད་ལ། རྒྱ་མཚོའི་དཔལ་འབྱོར་དང་སྐམ་སའི་དཔལ་འབྱོར་མཉམ་གཤིབ་མདུན་སྐྱོད་ཐུབ་པ་དང་མཉམ་དུ་གོང་འཕེལ་ཡོང་བ། མཉམ་འབྲེལ་མཉམ་མཐུད་ཐུབ་པ་བཅས་ཀྱི་གནས་སྟངས་གསར་པ་ཞིག་གྲུབ་ཡོད།

གསུམ་པ།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ཡོད་ལ། འཛམ་གླིང་གི་གོང་འཕེལ་དང་ལས་དབང་གི་ལམ་བུ་དང་འཕེལ་ཕྱོགས་གཉིས་ལའང་སྟངས་འཛིན་ཐུབ་ཡོད།  རྒྱུད་གཅིག་ལམ་གཅིག་དེ་ཉིད་རྒྱུད་གཅིག་དང་ལམ་བུ་གཅིག་ཙམ་དུ་འདོད་པ་མ་ཡིན་པར་དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་ལམ་དང་འཕེལ་ཕྱོགས་ཞེས་པར་འདོད་ན་དེ་བས་འོས་ཤིང་འཚམས་པ་ཡོད།

བཞི་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་སྒོ་དབྱེའི་ཀྲུང་གོ་དང་སྒོ་དབྱེའི་འཛམ་གླིང་ལ་འབྲེལ་ཟམ་ཞིག་བསྐྲུན་ཏེ་སྒོ་དབྱེའི་ཀྲུང་གོ་དང་སྒོ་དབྱེའི་འཛམ་གླིང་གཉིས་གཅིག་མཐུན་གྱི་མ་ལག་ཅིག་ཏུ་སྦྲེལ་ཐུབ་པ་བྱས་ཡོད།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་མིའི་རིགས་ཀྱི་ལས་དབང་དང་མདུན་ལམ་ལ་ཐུག་པ་ཞིག་ཡིན་ཞིང་། དེར་སྒོ་དབྱེའི་རང་བཞིན་དང་གསར་གཏོད་རང་བཞིན། ལོ་རྒྱུས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཆེས་ཆེར་ལྡན་ཡོད།

ལྔ་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ནི་རླབས་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཞིང་། གང་དེས་རྒྱལ་ཁབ་ཀྱི་འཐབ་ཇུས་བར་སྟོངས་དང་འཐབ་ཇུས་གཏིང་ཚད་གཉིས་སྔར་བས་ཆེ་རུ་བཏང་ཡོད། ཕྱོགས་གཅིག་ནས། བཙན་དབང་རྒྱལ་ཁབ་ཀྱི་བཀག་འགོག་ཚོད་འཛིན་དབང་གིས་ཀྲུང་གོ་ཞི་བའི་འཕེལ་རྒྱས་ཡོང་བའི་ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ཡང་བརྗེ་སྒྱུར་རིམ་སྤོར་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། དེར་གཅིག་ནས་གནད་དོན་རྙིང་པ་ཡོད་ལ། གཉིས་ནས་འགྲན་རྩོད་གསར་པ་མང་དག་ཅིག་ཀྱང་འཕྲད་ཡོད།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན། 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།