དཀར་མཛེས་ནས་དར་མདོ་བར་ལ་ཆེད་བཀོད་འགྲུལ་སྐྱེལ་རླངས་འཁོར་ཡོད།
1701393933

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

གཟིགས་་་་

ཁམས་པའི་དཔལ་ཡོན།

དྭངས་གཙང་གི་དཀར་མཛེས། 














དཀར་མཛེས་ནས་དར་མདོ་བར་ལ་ཆེད་བཀོད་འགྲུལ་སྐྱེལ་རླངས་འཁོར་ཡོད།



  ཉེ་ཆར། དཀར་མཛེས་རྫོང་ནོར་བུ་གླིང་གའི་ཐང་ཆེན་དུ་དཀར་མཛེས་ནས་དར་མདོའི་བར་གྱི་ཆེད་བཀོད་འགྲུལ་སྐྱེལ་རླངས་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། དེར་འདུས་མི་དམངས་ཚོ་སྤྲོ་སེམས་ལྷག་པར་འཕེལ་འདུག།

  ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་སྐྱེལ་འདྲེན་བྱེད་འགོ་ཚུགས་པར་གཏན་འཁེལ་བྱས་པའི་ཆེད་བཀོད་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་གི་རླངས་འཁོར་ནི་མི8སྡོད་ཆོག་པའི་རྒྱས་སྤྲོས་ཆེ་བའི་ཚོང་དོན་ཆེད་སྤྱོད་རླངས་འཁོར་ཆུང་གྲས་ཡིན་པ་དང་། ཁག་དང་པོར་རླངས་འཁོར12ཡོད། རླངས་འཁོར་ལ་སྡོད་སྐབས་སྐད་འཕྲིན་གྱིས་རྩ་གཉིས་ཨང་རྟགས་བཤེར་ནས་རླངས་འཁོར་གྱི་འཛིན་སྔོན་ཉོ་བྱེད་ཆོག་པར་མ་ཟད། རླངས་འཁོར་གཏོང་བའི་དུས་ཚོད་དང་རླངས་འཁོར་ལ་སྡོད་སའི་ས་གནས་ཀྱང་གང་དགར་བཀོད་སྒྲིག་བྱེད་ཆོག་གི་ཡོད། 

    དཀར་མཛེས་ནས་དར་མདོའི་བར་ཆེད་བཀོད་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་ཕྱེ་བ་ནི་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་མིག་སྔར་ཏང་ཡོངས་སུ་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་ཀྱི་ཡོད་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་ནས་དོན་དངོས་སུ་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་གཞན་ཞིག་རེད། རྫོང་ཡོངས་ཀྱི་མི་དམངས་འགྲོ་སྐྱོད་སྟབས་ཇེ་བདེ་རུ་ཕྱིན་པ་དང་རླངས་འཁོར་སྡོད་པའི་ཆ་རྐྱེན་ལེགས་སུ་ཕྱིན་པར་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་འགྲོ་སྐྱོད་དང་བཙོག་འབུད་ཉུང་གཏོང་ཐད་ལའང་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།། 













ལྟ་སྐུལ་བ།ཧོར་རྒྱ་མཚོ།

རྩོམ་འགན་པ།དོན་འགྲུབ།ཆོས་གྲགས།

རྩོམ་སྒྲིག་པ་བློ་ཐུབ་བསྟན།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།