བོད་ཡིག་གི་དུས་གསུམ་རྣམ་བཞག
1702000638

༼དང་པོ༽

བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ།། པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ།།

སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།། བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད།།

མདོར་ན་པ་སྡེ་ལས་གཞན་འཕུལ་གསུམ་མོ།། 

དཔེར་བརྗོད། མ་འོངས། ད་ལྟ། འདས་པ། སྐུལ་ཚིག

ལུགས་ངན་སོགས་དགག་བྱ་འགོག་བྱེད་བཀག་པ་ཁོག་ཅིག

སྣོད་སོགས་ཆུས་དགང་འགེངས་བྱེད་བཀང་བ་ཁེང་ཞིག

གོས་སོགས་ཀྱིས་དགབ་བྱ་འགེབས་བྱེད་བཀབ་པ་ཁོབ་ཅིག

མང་པོ་ལས་ལོགས་སུ་དགར་བྱ་དགར་བྱེད་བཀར་བ་ཁོར་ཅིག

ཁལ་སོགས་དགལ་བྱ་འགེལ་བྱེད་བཀལ་བ་ཁོལ་ཅིག

ཤིང་སོགས་དགས་བྱ་འགས་བྱེད་བཀས་པ་ཁོས་ཅིག

ལྕགས་ཀྱུ་སོགས་ཀྱིས་དགུག་བྱ་འགུགས་བྱེད་བཀུག་པ་ཁུག་ཅིག

དགྲ་སོགས་དགུམ་བྱ་འགུམས་བྱེད་བཀུམས་པ་ཁུམས་ཤིག

ཤིང་སོགས་ཀྱི་རྩ་བ་དགོག་བྱ་འགོག་བྱེད་བཀོག་པ་ཁོག་ཅིག

ཟིན་ཐོ་སོགས་དགོད་བྱ་འགོད་བྱེད་བཀོད་པ་ཁོད་ཅིག

གྲལ་དང་གནས་སུ་དགོད་བྱ་འགོད་བྱེད་བཀོད་པ་ཁོད་ཅིག

མེ་ཏོག་སོགས་དགྲམ་བྱ་འགྲེམས་བྱེད་བཀྲམ་པ་ཁྲོམས་ཤིག

བཀའི་དགོངས་པ་སོགས་དགྲོལ་བྱ་འགྲེལ་བྱེད་བཀྲལ་བ་ཁྲོལ་ཅིག

མདུད་པ་དགྲོལ་བྱ་འགྲོལ་བྱེད་བཀྲོལ་བ་ཁྲོལ་ཅིག

དཀར་ཡོལ་སོགས་གཅག་བྱ་གཅོག་བྱེད་བཅག་པ་ཆོགས་ཤིག

ཞབས་ཀྱིས་གཅག་བྱ་འཆག་བྱེད་བཅགས་པ་ཆོགས་ཤིག

ཤིང་སོགས་གཅད་བྱ་གཅོད་བྱེད་བཅད་པ་ཆོད་ཅིག

སྐུ་མདུན་དུ་གཅར་བྱ་གཅོར་བྱེད་བཅར་བ་གཅོར་ཅིག

ཕ་མས་བུ་སོགས་གཅུན་བྱ་འཇུན་བྱེད་བཅུན་པ་ཆུན་ཅིག

ཟས་སོགས་གཉག་བྱ་གཉོག་བྱེད་གཉགས་པ་གཉོགས་ཤིག

སྦྱིན་པ་སོགས་གཏང་བྱ་གཏོང་བྱེད་བཏང་བ་ཐོང་ཞིག

མགོ་བོ་སོགས་གཏུམ་བྱ་འཐུམ་བྱེད་བཏུམས་པ་ཐུམས་ཤིག

ལམ་སྲོལ་སོགས་གཏོད་བྱ་གཏོད་བྱེད་བཏོད་པ་གཏོད་ཅིག

ས་བོན་སོགས་གདབ་བྱ་འདེབས་བྱེད་བཏབ་པ་ཐོབ་ཅིག

མང་པོའི་ནང་ནས་གདམ་བྱ་འདེམས་བྱེད་བདམས་པ་འདོམས་ཤིག

མིང་དང་རྒྱན་སོགས་གདགས་བྱ་འདོགས་བྱེད་བཏགས་པ་ཐོགས་ཤིག

གདན་སོགས་གདིང་བྱ་འདིང་བྱེད་བཏིང་བ་ཐིངས་ཤིག

གུས་པས་གདུད་བྱ་འདུད་བྱེད་བཏུད་པ་ཐུད་ཅིག

དགྲ་བོ་སོགས་གདུལ་བྱ་འདུལ་བྱེད་བཏུལ་བ་ཐུལ་ཅིག

གདུང་མ་སོགས་གདེག་བྱ་འདེགས་བྱེད་བཏེགས་པ་ཐེགས་ཤིག

ཕྱིར་རོལ་དུ་གདོན་བྱ་འདོན་བྱེད་བཏོན་པ་ཐོན་ཅིག

ཆར་སོགས་དབབ་བྱ་འབབ་བྱེད་བབས་པ་

བཀའ་སོགས་གཏན་ལ་དབབ་བྱ་འབེབས་བྱེད་ཕབ་པ་ཕོབས་ཤིག

མཚོན་སོགས་ཀྱིས་ཁུང་བུ་དབུག་བྱ་འབིགས་བྱེད་ཕུག་པ་ཕུགས་ཤིག

གདུགས་དང་གུར་སོགས་དབུབ་བྱ་འབུབས་བྱེད་ཕུབ་པ་ཕུབས་ཤིག

མཎྜལ་སོགས་དབུལ་བྱ་འབུལ་བྱེད་ཕུལ་བ་ཕུལ་ཅིག

ཆུ་སོགས་དབོ་བྱ་འབོ་བྱེད་ཕོ་བ་ཕོས་ཤིག

སྡོམ་པ་དང་གདམས་ངག་སོགས་དབོག་བྱ་འབོགས་བྱེད་ཕོག་པ་ཕོགས་ཤིག

རི་མོ་སོགསདབྱི་བྱ་འབྱིད་བྱེད་ཕྱིས་པ་ཕྱིས་ཤིག

སྒོ་སོགས་དབྱེ་བྱ་འབྱེད་བྱེད་ཕྱེ་བ་ཕྱེས་ཤིག

ནང་ནས་ཕྱིར་དུདབྱུང་བྱ་འབྱིན་བྱེད་ཕྱུང་བ་ཕྱུངས་ཤིག

མཛའ་བོ་སོགས་སོ་སོར་དབྲལ་བྱ་འབྲལ་བྱེད་ཕྲལ་བ་ཕྲོལ་ཅིག

གྲངས་ཀྱི་ཁ་ནས་དབྲི་བྱ་འཕྲི་བྱེད་ཕྲིས་པ་ཕྲིས་ཤིག

སྟེང་དུ་གཞག་བྱ་འཇོག་བྱེད་བཞག་པ་ཞོག་ཅིག

སྐྲ་སོགས་གཞར་བྱ་གཞར་བྱེད་བཞར་བ་གཞོར་ཅིག

དཔག་ཚད་སོགས་གཞལ་བྱ་འཇལ་བྱེད་བཅལ་བ་འཇོལ་ཅིག

ཁུ་བ་སོགས་གཞིབ་བྱ་འཇིབ་བྱེད་བཞིབས་པ་འཇིབས་ཤིག

མེ་དང་ཉོན་མོངས་སོགས་གཞིལ་བྱ་འཇིལ་བྱེད་བཅིལ་བ་ཆིལ་ཅིག

ནང་དུ་གཞུག་བྱ་འཇུག་བྱེད་བཅུག་པ་ཆུགས་ཤིག

ཤིང་སོགས་གཞོག་བྱ་གཞོག་བྱེད་བཞོགས་པ་གཞོགས་ཤིག

དགྲ་བོའི་དཔུང་སོགས་གཞོམ་བྱ་འཇོམས་བྱེད་བཅོམ་པ་ཆོམས་ཤིག

སྲོལ་སོགས་གཟུག་བྱ་འཛུགས་བྱེད་བཙུགས་པ་ཚུགས་ཤིག

དངོས་པོ་སོགས་གཟུང་བྱ་འཛིན་བྱེད་བཟུང་བ་ཟུངས་ཤིག

གནས་ཁང་དུ་གཟུད་བྱ་འཛུད་བྱེད་བཙུད་པ་ཚུད་ཅིག

མཚོན་ཁ་ལས་གཟུར་བྱ་འཛུར་བྱེད་བཟུར་བ་ཟུར་ཅིག

འཕྲང་སོགས་ལ་གཤར་བྱ་གཤར་བྱེད་བཤར་བ་གཤོར་ཅིག

མེ་སོགས་གསད་བྱ་གསོད་བྱེད་བསད་པ་སོད་ཅིག

སིལ་ཁྲོལ་སོགས་གསིལ་བྱ་གསིལ་བྱེད་བསིལ་བ་གསིལ་ཅིག

༼གཉིས་པ༽

བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ།། བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས།།

སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས།། ཆོག་ནུས་སྟོན་ལ་མགོ་ཅན་མང་བའི་སྡེ།།

སྐུད་པ་སོགས་བཀལ་བྱ་འཁལ་བྱེད་བཀལ་བ་ཁོལ་ཅིག

ཐག་པས་བཀྱིག་བྱ་འཁྱིག་བྱེད་བཀྱིགས་པ་ཁྱིགས་ཤིག

གཡུལ་སོགས་བཀྱེ་བྱ་འགྱེད་བྱེད་བཀྱེས་པ་ཁྱེས་ཤིག

དྲི་མ་སོགས་བཀྲུ་བྱ་འཁྲུད་བྱེད་བཀྲུས་པ་ཁྲུས་ཤིག

དུག་མཚོན་སོགས་ཀྱིས་བཀྲོང་བྱ་ཀྲོང་བྱེད་བཀྲོངས་པ་ཀྲོངས་ཤིག

ཡི་གེ་སོགས་བཀླག་བྱ་ཀློག་བྱེད་བཀླགས་པ་ཀློགས་ཤིག

དར་གོས་སོགས་ཀྱིས་བཀླུབ་བྱ་ཀླུབ་བྱེད་བཀླུབས་པ་ཀླུབས་ཤིག

ནོར་སོགས་བརྐུ་བྱ་རྐུ་བྱེད་བརྐུས་པ་རྐུས་ཤིག

ཁྲོན་པ་སོགས་བརྐོ་བྱ་རྐོ་བྱེད་བརྐོས་པ་རྐོས་ཤིག

རྐང་ལག་སོགས་བརྐྱང་བྱ་རྐྱོང་བྱེད་བརྐྱངས་པ་རྐྱོངས་ཤིག

ཆུ་སོགས་བསྐམ་བྱ་སྐེམ་བྱེད་བསྐམས་པ་སྐོམས་ཤིག

ལས་སྣེ་སོགས་བསྐོ་བྱ་སྐོ་བྱེད་བསྐོས་པ་སྐོས་ཤིག

རེ་བ་སོགས་བསྐང་བྱ་སྐོང་བྱེད་བསྐངས་པ་སྐོངས་ཤིག

གོས་སོགསབསྐོན་བྱ་སྐོན་བྱེད་བསྐོན་པ་སྐོན་ཅིག

འཁོར་ལོ་སོགསབསྐོར་བྱ་སྐོར་བྱེད་བསྐོར་བ་སྐོར་ཅིག

སྣུམ་སོགསབསྐུ་བྱ་སྐུད་བྱེད་བསྐུས་པ་སྐུས་ཤིག

ཤོ་རྒྱན་སོགས་བསྐུག་བྱ་སྐུག་བྱེད་བསྐུགས་པ་སྐུགས་ཤིག

ནོར་སོགས་བསྐུང་བྱ་སྐུང་བྱེད་བསྐུངས་པ་སྐུངས་ཤིག

རྐང་ལག་སོགས་བསྐུམ་བྱ་སྐུམ་བྱེད་བསྐུམས་པ་སྐུམས་ཤིག

དབང་འཕྲིན་སོགས་བསྐུར་བྱ་སྐུར་བྱེད་བསྐུར་བ་སྐུར་ཅིག

བྱ་བ་སོགས་བསྐུལ་བྱ་སྐུལ་བྱེད་བསྐུལ་བ་སྐུལ་ཅིག

དྲིན་སོགས་ཀྱིས་བསྐྱང་བྱ་སྐྱོང་བྱེད་བསྐྱངས་པ་སྐྱོངས་ཤིག

འཇིགས་པ་ལས་བསྐྱབ་བྱ་སྐྱོབ་བྱེད་བསྐྱབས་པ་སྐྱོབས་ཤིག

སྣོད་སོགས་ལག་པས་བསྐྱམ་བྱ་སྐྱོམ་བྱེད་བསྐྱམས་པ་སྐྱོམས་ཤིག

གཏམ་སོགས་ཡང་ཡང་བསྐྱར་བྱ་སྐྱོར་བྱེད་བསྐྱར་བ་སྐྱོར་ཅིག

གནས་གཞན་དུ་བསྐྱལ་བྱ་སྐྱེལ་བྱེད་བསྐྱལ་བ་སྐྱོལ་ཅིག

ཟས་ནོར་གཞན་ལབསྐྱི་བྱ་སྐྱི་བྱེད་བསྐྱིས་པ་སྐྱིས་ཤིག

ཆུ་སོགས་བསྐྱིལ་བྱ་སྐྱིལ་བྱེད་བསྐྱིལ་བ་སྐྱིལ་ཅིག

ཟས་སོགས་ཁ་ནསབསྐྱུག་བྱ་སྐྱུག་བྱེད་བསྐྱུགས་པ་སྐྱུགས་ཤིག

ཁེངས་པ་སོགས་བསྐྱུང་བྱ་སྐྱུང་བྱེད་བསྐྱུངས་པ་སྐྱུངས་ཤིག

སེམས་ནས་བསྐྱུད་བྱ་སྐྱུད་བྱེད་བསྐྱུད་པ་སྐྱུད་ཅིག

རྒྱབ་ཏུ་བསྐྱུར་བྱ་སྐྱུར་བྱེད་བསྐྱུར་བ་སྐྱུར་ཅིག

སེམས་རྒྱ་སོགས་བསྐྱེད་བྱ་སྐྱེད་བྱེད་བསྐྱེད་པ་སྐྱེད་ཅིག

རླུང་གིས་བསྐྱོད་བྱ་སྐྱོད་བྱེད་བསྐྱོད་པ་སྐྱོད་ཅིག

རྟ་སོགས་ལབསྐྱོན་བྱ་སྐྱོན་བྱེད་བསྐྱོན་པ་སྐྱོན་ཅིག

དགྲ་བོ་སོགས་གནས་ནས་བསྐྲད་བྱ་སྐྲོད་བྱེད་བསྐྲད་པ་སྐྲོད་ཅིག

ཟས་སོགས་བསྐྲུ་བྱ་སྐྲུ་བྱེད་བསྐྲུས་པ་སྐྲུས་ཤིག

ཆུ་ཡུར་སོགས་བསྐྲུན་བྱ་སྐྲུན་བྱེད་བསྐྲུན་པ་སྐྲུན་ཅིག

གད་མོ་བགད་བྱ་དགོད་བྱེད་བགད་པ་དགོད་ཅིག

རྐང་པས་བགོམ་བྱ་འགོམ་བྱེད་བགོམས་པ་འགོམས་ཤིག

ཆུ་བོ་སོགས་བརྒལ་བྱ་རྒལ་བྱེད་བརྒལ་བ་རྒོལ་ཅིག

དགྲ་ལ་རྒལ་བྱ་རྒོལ་བྱེད་བརྒལ་བ་རྒོལ་ཅིག

གྲི་མཚོན་སོགས་བརྒྱག་བྱ་རྒྱག་བྱེད་བརྒྱབ་པ་རྒྱོབ་ཅིག

རིགས་གཟུགས་སོགས་ཀྱིས་བརྒྱག་བྱ་རྒྱགས་བྱེད་བརྒྱགས་པ་རྒྱོགས་ཤིག

སྣོད་དང་ཀོ་བ་སོགས་བརྒྱང་བྱ་རྒྱོང་བྱེད་བརྒྱངས་པ་རྒྱོངས་ཤིག

ཕྲ་རྒྱན་སོགས་ཀྱིས་བརྒྱན་བྱ་རྒྱན་བྱེད་བརྒྱན་པ་རྒྱན་ཅིག

ཕྲེང་བ་སོགས་བརྒྱུ་བྱ་རྒྱུད་བྱེད་བརྒྱུས་པ་རྒྱུས་ཤིག

རྟ་སོགས་བརྒྱུག་བྱ་རྒྱུག་བྱེད་བརྒྱུགས་པ་རྒྱུགས་ཤིག

མནའ་སོགས་བསྒག་བྱ་སྒོག་བྱེད་བསྒགས་པ་སྒོགས་ཤིག

བུ་རམ་སོགས་བསྒར་བྱ་སྒར་བྱེད་བསྒར་བསྒོར་ཅིག

གྲོགས་སོགས་ལ་བསྒུག་བྱ་སྒུག་བྱེད་བསྒུགས་པ་སྒུགས་ཤིག

མགོ་སོགས་བསྒུར་བྱ་སྒུར་བྱེད་བསྒུར་བ་སྒུར་ཅིག

ལག་པས་བསྒུལ་བྱ་སྒུལ་བྱེད་བསྒུལ་བ་སྒུལ་ཅིག

བག་ཆགས་སོགས་བསྒོ་བྱ་སྒོ་བྱེད་བསྒོས་པ་སྒོས་ཤིག

རིལ་བུ་སོགས་བསྒོང་བྱ་སྒོང་བྱེད་བསྒོངས་པ་སྒོངས་ཤིག

བཟོད་པ་སོགས་བསྒོམ་བྱ་སྒོམབྱེད་བསྒོམས་པ་སྒོམས་ཤིག

དུས་སོགས་བསྒྱང་བྱ་སྒྱང་བྱེད་བསྒྱངས་པ་སྒྱོངས་ཤིག

ཉམས་ཀྱིས་བསྒྱིང་བྱ་སྒྱིང་བྱེད་བསྒྱིངས་པ་སྒྱིངས་ཤིག

སྐད་སོགས་བསྒྱུར་བྱ་སྒྱུར་བྱེད་བསྒྱུར་བ་སྒྱུར་ཅིག

རྩིག་པ་སོགས་བསྒྱེལ་བྱ་སྒྱེལ་བྱེད་བསྒྱེལ་བསྒྱེལ་ཅིག

བཀའ་སོགས་བསྒྲག་བྱ་སྒྲོག་བྱེད་བསྒྲགས་པ་སྒྲོགས་ཤིག

གྲངས་སོགས་བསྒྲང་བྱ་སྒྲོང་བྱེད་ བསྒྲངས་པ་ སྒྲོངས་ཤིག

ཆུ་བོ་སོགས་ལས་བསྒྲལ་བྱ་སྒྲོལ་བྱེད་བསྒྲལ་བ་སྒྲོལ་ཅིག

གོ་རིམ་སོགས་བསྒྲིག་བྱ་སྒྲིག་བྱེད་བསྒྲིགས་པ་སྒྲིགས་ཤིག

ལེགས་ཉེས་བསྒྲིན་བྱ་སྒྲིན་བྱེད་བསྒྲིན་པ་སྒྲིན་ཅིག

མུན་པས་སྣང་བ་སོགས་བསྒྲིབ་བྱ་སྒྲིབ་བྱེད་བསྒྲིབས་པ་སྒྲིབས་ཤིག

བློ་དང་སྐུད་པ་སོགས་བསྒྲིམ་བྱ་སྒྲིམ་བྱེད་བསྒྲིམས་པ་སྒྲིམས་ཤིག

ཐི་གུ་སོགས་བསྒྲིལ་བྱ་སྒྲིལ་བྱེད་བསྒྲིལ་བ་སྒྲིལ་ཅིག

རྡོ་སོགས་བསྒྲུག་བྱ་སྒྲུག་བྱེད་བསྒྲུགས་པ་སྒྲུགས་ཤིག

དཔེ་སོགས་ཀྱིས་བསྒྲུན་བྱ་སྒྲུན་བྱེད་བསྒྲུན་པ་སྒྲུན་ཅིག

དམ་པའི་ཆོས་སོགས་བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་པ་སྒྲུབས་ཤིག

ཆོས་མཚུངས་སོགས་བསྒྲེ་བྱ་སྒྲེ་བྱེད་བསྒྲེས་པ་སྒྲེས་ཤིག

རྒྱལ་མཚན་སོགས་བསྒྲེང་བྱ་སྒྲེང་བྱེད་བསྒྲེངས་པ་སྒྲེངས་ཤིག

གོས་སོགས་ལུས་ལ་བསྒྲོན་བྱ་སྒྲོན་བྱེད་བསྒྲོན་པ་སྒྲོན་ཅིག

བཙས་མ་སོགས་བརྔ་བྱ་རྔ་བྱེད་བརྔས་པ་རྔོས་ཤིག

ནོར་སོགས་བརྔན་བྱ་རྔན་བྱེད་བརྔན་པ་རྔོན་ཅིག

དབུགས་སོགས་བརྔུབ་བྱ་རྔུབ་བྱེད་བརྔུབས་པ་རྔུབས་ཤིག

འབྲུ་སོགས་བརྔོ་བྱ་རྔོ་བྱེད་བརྔོས་པ་རྔོས་ཤིག

རི་དྭགས་སོགས་བརྔོན་བྱ་རྔོན་བྱེད་བརྔོན་པ་རྔོན་ཅིག

དགེ་བ་སོགས་བསྔོ་བྱ་སྔོ་བྱེད་བསྔོས་པ་སྔོས་ཤིག

གཏེར་ཁ་སོགས་བསྔོག་བྱ་སྔོག་བྱེད་བསྔོགས་པ་སྔོགས་ཤིག

ཕྲེང་བ་སོགས་ལག་པར་བཅང་བྱ་འཆང་བྱེད་བཅངས་པ་ཆོངས་ཤིག

གནས་སོགས་སུ་བཅའ་བྱ་འཆའ་བྱེད་བཅས་པ་འཆོས་ཤིག

ཐག་པ་སོགས་ཀྱིས་བཅིང་འཆིང་བྱེད་བཅིངས་པ་ཆིངས་ཤིག

རྟ་སོགས་ལ་བཅིབ་བྱ་འཆིབ་བྱེད་བཅིབས་པ་ཆིབས་ཤིག

ཆུ་སོགས་བཅུ་བྱ་འཆུ་བྱེད་བཅུས་པ་ཆུས་ཤིག

ནོར་སོགས་གཞན་ལ་བཅོལ་བྱ་འཆོལ་བྱེད་བཅོལ་བ་ཆོལ་ཅིག

རང་རྒྱུད་སོགས་བཅོས་བྱ་འཆོས་བྱེད་བཅོས་པ་ཆོས་ཤིག

བདག་གཞན་སོགས་ཕན་ཚུན་བརྗེ་བྱ་རྗེ་བྱེད་བརྗེས་པ་རྗེས་ཤིག

སྐྱེས་བུ་དམ་པ་སོགས་ལབརྗེད་བྱ་རྗེད་བྱེད་བརྗེད་པ་རྗེད་ཅིག

གཏམ་སོགས་བརྗོད་བྱ་རྗོད་བྱེད་བརྗོད་པ་རྗོད་ཅིག

རྐང་ལག་སོགས་བརྙང་བྱ་རྙོང་བྱེད་བརྙངས་པ་རྙོངས་ཤིག

རྒྱུ་མཚན་སོགས་བསྙད་བྱ་སྙོད་བྱེད་བསྙད་པ་སྙོད་ཅིག

ཅ་ལག་སོགས་ལག་གིས་བསྙམ་བྱ་སྙོབ་བྱེད་བསྙབས་པ་སྙོབས་ཤིག

རིང་ཐུང་སོགས་བསྙབ་བྱ་སྙོམ་བྱེད་བསྙམས་པ་སྙོམས་ཤིག

ཞོ་དང་ཆང་སོགས་བསྙལ་བྱ་སྙོལ་བྱེད་བསྙལད་བ་སྙོལ་ཅིག

ཆུ་སོགས་བསྙིག་བྱ་སྙིག་བྱེད་བསྙིགས་པ་སྙིགས་ཤིག

བྲག་རི་སོགས་བསྙིལ་བྱ་སྙིལ་བྱེད་བསྙིལད་བ་སྙིལ་ཅིག

མར་ཁུ་སོགས་བསྙུག་བྱ་སྙུག་བྱེད་བསྙུགས་པ་སྙུགས་ཤིག

ཡོ་བྱད་སོགས་ཉུང་དུ་བསྙུང་བྱ་སྙུང་བྱེད་བསྙུངས་པ་སྙུངས་ཤིག

ནད་ཀྱིསབསྙུན་བྱ་སྙུན་བྱེད་བསྙུནད་པ་

རྒྱབ་འབོལ་སོགས་ལ་བསྙེ་བྱ་སྙེ་བྱེད་བསྙེས་པ་སྙེས་ཤིག

གནས་སུ་བསྙེག་བྱ་སྙེག་བྱེད་བསྙེགས་པ་སྙེགས་ཤིག

དགེ་རྒན་སོགས་བསྙེན་བྱ་སྙེན་བྱེད་བསྙེནད་པ་སྙེན་ཅིག

ཡོན་ཏན་སོགས་ཀྱིས་བསྙེམ་བྱ་སྙེམ་བྱེད་བསྙམས་པ་སྙེམས་ཤིག

ཁྲོ་བས་བསྙེར་བྱ་སྙེར་བྱ་བསྙེརད་བ་སྙེར་ཅིག

བུ་ལོན་སོགས་བསྙོག་བྱ་སྙོག་བྱེད་བསྙོགས་པ་སྙོགས་ཤིག

ཟས་སོགས་བསྙོད་བྱ་སྙོད་བྱེད་བསྙོད་པ་སྙོད་ཅིག་

ཧམ་རྫུན་གྱིས་བསྙོན་བྱ་སྙོན་བྱེད་བསྙོནད་པ་སྙོན་ཅིག

གྲོ་ནས་སོགས་བསྙོར་བྱ་སྙོར་བྱེད་བསྙོར་བ་སྙོར་ཅིག

རྒྱགས་ཕྱེ་སོགས་བཏག་བྱ་འཐག་བྱེད་བཏགས་པ་འཐོག་ཅིག

ཆུ་སོགས་བཏིག་བྱ་གཏིག་བྱེད་བཏིགས་པ་གཏིགས་ཤིག

རྩྭ་དང་མེ་ཏོག་སོགས་བཏུ་བྱ་འཐུ་བྱེད་བཏུས་པ་ཐུས་ཤིག

ཇ་ཆང་སོགས་བཏུང་བྱ་འཐུང་བྱེད་བཏུངས་པ་འཐུངས་ཤིག

སྤུ་སོགས་བཏོག་བྱ་འཐོག་བྱེད་བཏོགས་པ་འཐོགས་ཤིག

ལེགས་ཉེས་སོགས་བརྟག་བྱ་རྟོག་བྱེད་བརྟགས་པ་རྟོགས་ཤིག

བློའམ་ཡིད་བརྟན་བྱ་རྟོན་བྱེད་བརྟན་པ་རྟོན་ཅིག་

སློབ་སྦྱོང་སོགས་ལ་བརྟུན་བྱ་རྟུན་བྱེད་བརྟུན་པ་རྟུན་ཅིག

ཕྱོགས་གཅིག་ཏུ་བརྟུལ་བྱ་རྟུལ་བྱེད་བརྟུལ་བ་རྟུལ་ཅིག

རྒྱུ་རྐྱེན་སོགས་ལ་བརྟེན་བྱ་རྟེན་བྱེད་བརྟེན་པ་རྟེན་ཅིག

རྟ་སོགས་རྟོད་པས་བརྟོད་བྱ་རྟོད་བྱེད་བརྟོད་པ་རྟོད་ཅིག

རྣག་སོགས་བརྟོལ་བྱ་རྟོལ་བྱེདབརྟོལ་བ་རྟོལ་ཅིག

མིག་གིས་བལྟ་བྱ་ལྟ་བྱེད་བལྟས་པ་ལྟོས་ཤིག

གོས་སོགས་བལྟབ་བྱ་ལྟེབ་བྱེད་བལྟབས་པ་ལྟེབས་ཤིག

སྤྲུལ་པའི་སྐུ་སོགས་བལྟམ་བྱ་ལྟམ་བྱེད་བལྟམས་པ་ལྟོམས་ཤིག

ཆུའི་ནང་དུ་བསྟིམ་བྱ་སྟིམ་བྱེད་བསྟིམས་པ་སྟིམས་ཤིག

སྒ་སོགས་བསྟད་བྱ་སྟོད་བྱེད་བསྟད་པ་སྟོད་ཅིག

ལྟད་མོ་སོགས་བསྟན་བྱ་སྟོན་བྱེད་བསྟན་པ་སྟོན་ཅིག

ཞལ་དུ་བསྟབ་བྱ་སྟོབ་བྱེད་བསྟབས་པ་སྟོབས་ཤིག

ལག་ལེན་བསྟར་བྱ་སྟར་བྱེད་བསྟར་བ་སྟར་ཅིག

གཉིས་མེད་ཏུ་བསྟིམ་བྱ་སྟིམ་བྱེད་བསྟིམས་པ་སྟིམས་ཤིག

ཐུང་ངུར་བསྟུང་བྱ་སྟུང་བྱེད་བསྟུངས་པ་སྟུངས་ཤིག

སྔོན་མའི་འཕྲོར་བསྟུད་བྱ་སྟུད་བྱེད་བསྟུད་པ་འཐུད་ཅིག

གཞན་གྱི་བློ་དང་བསྟུན་བྱ་སྟུན་བྱེད་བསྟུན་པ་སྟུན་ཅིག

དགེ་རྒན་སོགས་བསྟེན་བྱསྟེན་བྱེད་བསྟེན་པ་སྟེན་ཅིག་

ཕྱུགས་སོགས་བདའ་བྱ་འདེད་བྱེད་བདས་པ་དེད་ཅིག

ཐལ་མོ་སོགས་བརྡབ་བྱ་རྡེབ་བྱེད་བརྡབས་པ་རྡོབས་ཤིག

གྲི་སོགས་བརྡར་བྱ་རྡར་བྱེད་བརྡར་བ་རྡོར་ཅིག

འབྲུ་སོགས་ཐང་དུ་བརྡལ་བྱ་རྡལ་བྱེད་བརྡལ་བ་རྡོལ་ཅིག

ཁང་པ་སོགས་བརྡིབ་བྱ་རྡིབ་བྱེད་བརྡིབས་པ་

རྔ་སོགས་བརྡུང་བྱ་རྡུང་བྱེད་བརྡུངས་པ་རྡུངས་ཤིག

དབྱུག་པ་སོགས་ཀྱིས་བརྡེག་བྱ་རྡེག་བྱེད་བརྡེགས་པ་རྡེགས་ཤིག

སྣོད་ཀྱི་མཐིལ་སོགས་བརྡོལ་བྱ་རྡོལ་བྱེད་བརྡོལ་བ་

སྐྱོ་མ་སོགས་བལྡག་བྱ་ལྡག་བྱེད་བལྡགས་པ་ལྡོགས་ཤིག

ཟས་སོགསསོ་ཡིས་བལྡད་བྱ་ལྡད་བྱེད་བལྡད་པ་ལྡོད་ཅིག

འབྲུག་སྒྲ་སོགས་བལྡིར་བྱ་ལྡིར་བྱེད་བལྡིར་བ་ལྡིར་ཅིག

གདན་ལ་བསྡད་བྱ་སྡོད་བྱེདབསྡད་པ་སྡོད་ཅིག

ཐག་པས་བསྡམ་བྱ་སྡོམ་བྱེད་བསྡམས་པ་སྡོམས་ཤིག

དགྲ་བོ་སོགས་ལ་བསྡིག་བྱ་སྡིག་བྱེད་བསྡིགས་པ་སྡིགས་ཤིག

དབང་དུ་བསྡུ་བྱ་སྡུད་བྱེད་བསྡུས་པ་སྡུས་ཤིག

འཁོན་པ་སོགས་བསྡུམ་བྱ་སྡུམ་བྱེད་བསྡུམས་པ་སྡུམས་ཤིག

བཟང་ངན་སོགས་བསྡུར་བྱ་སྡུར་བྱེད་བསྡུར་བ་སྡུར་ཅིག

ཕན་ཚུན་མཉམ་དུ་བསྡེབ་བྱ་སྡེབ་བྱེད་བསྡེབས་པ་སྡེབས་ཤིག

ལུས་སྲོག་སོགས་དང་བསྡོ་བྱ་སྡོ་བྱེད་བསྡོས་པ་སྡོས་ཤིག

རྒྱགས་ཕྱེ་ཉེ་བར་སོགས་བསྡོག་བྱ་སྡོག་བྱེད་བསྡོགས་པ་སྡོགས་ཤིག

མཉམ་དུ་བསྡོང་བྱ་སྡོང་བྱེད་བསྡོངས་པ་སྡོངས་ཤིག

གྲངས་སོགས་བསྡོམ་བྱ་སྡོམ་བྱེད་བསྡོམས་པ་སྡོམས་ཤིག

ཡིད་ལ་བརྣག་བྱ་རྣོག་བྱེད་བརྣགས་པ་རྣོགས་ཤིག

ཟས་ཀྱིས་མིད་པ་བརྣང་བྱ་རྣོང་བྱེད་བརྣངས་པ་རྣོངས་ཤིག

ནན་ཏན་དུ་བརྣན་བྱ་རྣོན་བྱེད་བརྣན་པ་རྣོན་ཅིག

ལོངས་སྤྱོད་སོགས་ལ་བརྣབ་བྱ་རྣབ་བྱེད་བརྣབས་པ་རྣོབས་ཤིག

ལྷག་མ་སོགས་བསྣན་བྱ་སྣོན་བྱེད་བསྣན་པ་སྣོན་ཅིག

དྲི་དང་ཕྱག་ཏུ་བསྣམ་བྱ་སྣོམ་བྱེད་བསྣམས་པ་སྣོམས་ཤིག

མཇུག་མ་སོགས་བསྣར་བྱ་སྣར་བྱེད་བསྣར་བ་སྣོར་ཅིག

མཚོན་ཆ་སོགས་ཀྱིས་བསྣུན་བྱ་སྣུན་བྱེད་བསྣུན་པ་སྣུན་ཅིག

ལུགས་ངན་སོགས་བསྣུབ་བྱ་སྣུབ་བྱེད་བསྣུབས་པ་སྣུབས་ཤིག

དུས་སོགས་བསྣུར་བྱ་སྣུར་བྱེད་བསྣུར་བ་སྣུར་ཅིག

གྲོ་ཞིབ་སོགས་བསྣོ་བྱ་སྣོ་བྱེད་བསྣོས་པ་སྣོས་ཤིག

གོང་འོག་སོགས་བསྣོག་བྱ་སྣོག་བྱེད་བསྣོགས་པ་སྣོགས་ཤིག

གོ་རིམ་སོགས་བསྣོར་བྱ་སྣོར་བྱེད་བསྣོར་བ་སྣོར་ཅིག

སྟེང་འོག་སོགས་བསྣོལ་བྱ་སྣོལ་བྱེད་བསྣོལ་བ་སྣོལ་ཅིག

ཆུ་སོགས་བཙག་བྱ་འཚག་བྱེད་བཙགས་པ་ཚོགས་ཤིག

ནང་དུ་བཙང་བྱ་འཚང་བྱེད་བཙངས་པ་ཚོངས་ཤིག

ཤ་རུས་སོགས་བཙབ་བྱ་གཙབ་བྱེད་བཙབས་པ་གཙོབས་ཤིག

ཕྱག་སོགས་བཙལ་བྱ་འཚལ་བྱེད་བཙལ་བ་འཚོལ་ཅིག

ལག་པ་སོགས་ཀྱིས་བཙིར་བྱ་འཚིར་བྱེད་བཙིར་བ་ཚིར་ཅིག

ཁ་སོགས་བཙུམ་བྱ་འཚུམ་བྱེད་བཙུམས་པ་ཚུམས་ཤིག

གོས་སོགས་བཙེམ་བྱ་འཚེམ་བྱེད་བཙེམས་པ་ཚེམས་ཤིག

གསེར་སོགས་བཙོ་བྱ་འཚོད་བྱེད་བཙོས་པ་ཚོས་ཤིག

རྡོ་དང་དབྱུག་པས་བཙོག་བྱ་འཚོག་བྱེད་བཙོགས་པ་ཚོགས་ཤིག

ནོར་སོགས་བཙོང་བྱ་འཚོང་བྱེད་བཙོངས་པ་ཚོངས་ཤིག

ཞལ་ལྕེ་སོགས་བརྩད་བྱ་རྩོད་བྱེད་བརྩད་པ་རྩོད་ཅིག

སྙན་ངག་སོགས་བརྩམ་བྱ་རྩོམ་བྱེད་བརྩམས་པ་རྩོམས་ཤིག

འབད་པས་བརྩལ་བྱ་རྩོལ་བྱེད་བརྩལ་བ་རྩོལ་ཅིག

གྲངས་སོགས་བརྩི་བྱ་རྩི་བྱེདབརྩིས་པ་རྩིས་ཤིག

ཁང་པ་སོགས་བརྩིག་བྱ་རྩིག་བྱེད་བརྩིགས་པ་རྩིགས་ཤིག

རྩེད་མོ་སོགས་བརྩེ་བྱ་རྩེ་བྱེད་བརྩེས་པ་རྩེས་ཤིག

སྟེང་དུ་བརྩེག་བྱ་རྩེག་བྱེད་བརྩེགས་པ་རྩེགས་ཤིག

གནང་སྦྱིན་སོགས་བསྩལ་བྱ་སྩོལ་བྱེད་བསྩལ་བ་སྩོལ་ཅིག

མགྲོན་པོ་སོགས་བརྫང་བྱ་རྫོང་བྱེད་བརྫངས་པ་རྫོངས་ཤིག

སྤགས་དང་ཐུད་སོགས་བརྫི་བྱ་རྫི་བྱེད་བརྫིས་པ་རྫིས་ཤིག

ཁྲོ་བོ་སོགས་བརྫུ་བྱ་རྫུ་བྱེད་བརྫུས་པ་རྫུས་ཤིག

ཕུ་ཐུང་སོགས་ཡར་བརྫེ་བྱ་རྫེ་བྱེད་བརྫེས་པ་རྫེས་ཤིག

མར་སོགས་བཞུ་བྱ་ཞུ་བྱེད་བཞུས་པ་ཞུས་ཤིག

འོ་མ་སོགས་བཞོ་བྱ་འཇོ་བྱེད་བཞོས་པ་ཞོས་ཤིག

རྟ་སོགས་བཞོན་བྱ་ཞོན་བྱེད་བཞོན་པ་ཞོན་ཅིག

ཟས་སོགས་བཟའ་བྱ་ཟ་བྱེད་བཟས་པ་ཟོ་ཞིག

ངག་ནས་ཡིག་དྲུག་བཟླ་བྱ་ཟློ་བྱེད་བཟླས་པ་ཟློས་ཤིག

རྩོད་པ་སོགས་བཟླུམ་བྱ་ཟླུམ་བྱེད་བཟླུམས་པ་ཟླུམས་ཤིག

སྣོད་དུ་བཟླུག་བྱ་ཟླུག་བྱེད་བཟླུགས་པ་ཟླུགས་ཤིག

གནོད་འཚེ་སོགས་བཟློག་བྱ་ཟློག་བྱེད་བཟློག་པ་ཟློག་ཅིག

རྒྱུ་ནོར་སོགས་བརླག་བྱ་རླག་བྱེད་བརླགས་པ་

དགྲ་བོ་སོགས་རྡུལ་དུ་བརླག་བྱ་རློག་བྱེད་བརླགས་པ་རློགས་ཤིག

ཆུ་སོགས་ཀྱིས་བརླན་བྱ་རློན་བྱེད་བརླན་པ་རློན་ཅིག

བྱིན་གྱིས་བརླབ་བྱ་རློབ་བྱེད་བརླབས་པ་རློབས་ཤིག

གདོན་དང་ང་རྒྱལ་སོགས་ཀྱིས་བརླམ་བྱ་རློམ་བྱེད་བརླམས་པ་རློམས་ཤིག

སྡིག་པ་སོགས་བཤག་བྱ་འཆགས་བྱེད་བཤགས་པ་བཤོགས་ཤིག

སྤུབས་སོགས་བཤང་བྱ་གཤོང་བྱེད་བཤངས་པ་ཤོངས་ཤིག

གཏམ་སོགས་བཤད་བྱ་འཆད་བྱེད་བཤད་པ་ཤོད་ཅིག

མཆོད་པ་སོགས་བཤམ་བྱ་གཤོམ་བྱེད་བཤམས་པ་ཤོམས་ཤིག

བྲེ་ཚད་ཀྱིས་འབྲུ་སོགས་བཤར་བྱ་གཤོར་བྱེད་བཤར་པ་བཤོར་ཅིག

ཁང་པ་སོགས་བཤིག་བྱ་ཤིག་བྱེད་བཤིགས་པ་ཤིགས་ཤིག

དངོས་པོ་གཞན་ལ་བཤུག་བྱ་ཤུག་བྱེད་བཤུགས་པ་ཤུགས་ཤིག

སྨད་པའི་ཕྱིར་བཤུང་བྱ་གཤུང་བྱེད་བཤུངས་པ་ཤུངས་ཤིག

བདེན་རྫུན་བཤེར་བྱ་ཤེར་བྱེད་བཤེར་བ་ཤེར་ཅིག

ཆུ་སོགས་བཤོ་བྱ་གཤོ་བྱེད་བཤོས་པ་ཤོས་ཤིག

རི་དྭགས་སོགས་བཤོར་བྱ་གཤོར་བྱེད་བཤོར་བ་གཤོར་ཅིག

བསོད་ནམས་སོགས་བསག་བྱ་གསོག་བྱེད་བསགས་པ་སོག་ཅིག

དྲིན་ལན་སོགས་བསབ་བྱ་གསོབ་བྱེད་བསབས་པ་སོབས་ཤིག

སེམས་ཀྱིས་བསམ་བྱ་སེམས་བྱེད་བསམས་པ་སོམས་ཤིག

སང་གི་བྱ་བ་བསར་བྱ་གསོར་བྱེད་བསར་བ་གསོར་ཅིག

སྐྱོན་དང་དྲི་མ་སོགས་གསལ་བྱ་སེལ་བྱེད་བསལ་བ་སོལ་ཅིག

རལ་པ་སོགས་བསིག་བྱ་གསིག་བྱེད་བསིགས་པ་སིགས་ཤིག

རྐང་རྗེས་སོགས་བསུབ་བྱ་སུབ་བྱེད་བསུབས་པ་སུབས་ཤིག

སྣོད་ཀྱི་ཁ་སོགས་བསུམ་བྱ་སུམ་བྱེད་བསུམས་པ་སུམས་ཤིག

མདའ་སོགས་བསྲང་བྱ་སྲོང་བྱེད་བསྲངས་པ་སྲོངས་ཤིག

རྐྱེན་ངན་སོགས་བསྲན་བྱ་སྲན་བྱེད་བསྲན་པ་སྲོན་ཅིག

ཟས་ནོར་སོགས་བསྲི་བྱ་སྲི་བྱེད་བསྲིས་པ་སྲིས་ཤིག

ཚེ་སོགས་རིང་དུ་བསྲིང་བྱ་སྲིང་བྱེད་བསྲིངས་པ་སྲིངས་ཤིག

ས་མཚམས་སོགས་བསྲུང་བྱ་སྲུང་བྱེད་བསྲུངས་པ་སྲུངས་ཤིག

ཇ་སོགས་བསྲུབ་བྱ་སྲུབ་བྱེད་བསྲུབས་པ་སྲུབས་ཤིག

རྫས་སོགས་མཉམ་དུ་བསྲེ་བྱ་སྲེ་བྱེད་བསྲེས་པ་སྲེས་ཤིག

བུད་ཤིང་སོགས་བསྲེག་བྱ་སྲེག་བྱེད་བསྲེགས་པ་སྲེགས་ཤིག

ནོར་རྫས་སོགསབསྲེལ་བྱ་སྲེལ་བྱེད་བསྲེལ་བ་སྲེལ་ཅིག

ཉི་མ་སོགས་ལ་བསྲོ་བྱ་སྲོ་བྱེད་བསྲོས་པ་སྲོས་ཤིག

གྱེན་དུ་བསླང་བྱ་སློང་བྱེད་བསླངས་པ་སློངས་ཤིག

སྐྱོན་སོགས་ཀྱིས་བསླད་བྱ་སློད་བྱེད་བསླད་པ་སློད་ཅིག

ལྷན་པ་སོགས་བསླན་བྱ་སློན་བྱེད་བསླན་པ་སློན་ཅིག

ཡོན་ཏན་སོགས་བསླབ་བྱ་སློབ་བྱེད་བསླབས་པ་སློབས་ཤིག

སྒྱུ་མས་བསླུ་བྱ་སླུ་བྱེད་བསླུས་པ་སླུས་ཤིག

ཕྱི་ནང་སོགས་བསློག་བྱ་སློག་བྱེད་བསློགས་པ་སློགས་ཤིག

༼གསུམ་པ༽

གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་།། ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་།།

འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ།། མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད།།

 

ལུས་དང་ཐལ་མོ་སོགས་ཀྱིས་བཀན་བྱ་བཀན་བྱེད་བཀན་པ་བཀན་ཅིག

བྱུག་པ་སོགས་བཀུ་བྱ་བཀུ་བྱེད་བཀུས་པ་བཀུས་ཤིག

གོང་དུ་བཀུར་བྱ་བཀུར་བྱེད་བཀུར་བ་བཀུར་ཅིག

སྤ་སོགས་བཀོང་བྱ་བཀོང་བྱེད་བཀོངས་པ་བཀོང་ཞིག

ཞྭ་མོ་སོགས་བཀོན་བྱ་བཀོན་བྱེད་བཀོན་པ་བཀོན་ཅིག

དངོས་པོ་སོགས་ཟུར་དུ་བཀོལ་བྱ་བཀོལ་བྱེད་བཀོལ་བ་བཀོལ་ཅིག

རྟ་སོགས་དཀྱུ་བྱ་དཀྱུ་བྱེད་དཀྱུས་པ་བཀྱུས་ཤིག

ཚིག་གམ་བཀས་བཀྱོན་བྱ་བཀྱོན་བྱེད་བཀྱོན་པ་བཀྱོན་ཅིག

སྐེ་རས་སོགས་ཀྱིས་དཀྲི་བྱ་དཀྲི་བྱེད་དཀྲིས་པ་དཀྲིས་ཤིག

དུད་སྤྲིན་སོགས་དཀྲིག་བྱ་དཀྲིག་བྱེད་དཀྲིགས་པ་དཀྲིགས་ཤིག

ཕན་ཚུན་དཀྲུག་བྱ་དཀྲུག་བྱེད་དཀྲུགས་པ་དཀྲུགས་ཤིག

འོ་མ་སོགས་དཀྲོག་བྱ་དཀྲོག་བྱེད་དཀྲོགས་པ་དཀྲོགས་ཤིག

རོལ་མོ་སོགས་དཀྲོལ་བྱ་དཀྲོལ་བྱེད་དཀྲོལ་བ་དཀྲོལ་ཅིག

མང་པོའི་ནང་ནས་བཀྲབ་བྱ་བཀྲབ་བྱེད་བཀྲབས་པ་བཀྲོབས་ཤིག

ཐར་ལམ་དུ་བཀྲི་བྱ་བཀྲི་བྱེད་བཀྲིས་པ་བཀྲིས་ཤིག

ཆུ་སོགས་རྐྱལ་བྱ་རྐྱལ་བྱེད་རྐྱལ་བ་རྐྱོལ་ཅིག

ཤིང་སོགས་སྐྱེ་བྱ་སྐྱེ་བྱེད་སྐྱེས་པ་

འགྲམ་པ་སོགས་སྐྲང་བྱ་སྐྲང་བྱེད་སྐྲངས་པ་

ང་རྒྱལ་གྱིས་ཁེང་བྱ་ཁེང་བྱེད་ཁེངས་པ་

འབྲི་ཀློག་ལ་མཁས་བྱ་མཁས་བྱེད་མཁས་པ་མཁས་ཤིག

ལས་འགན་སོགས་འཁུར་བྱ་འཁུར་བྱེད་ཁུར་བ་ཁུར་ཅིག

སེམས་མ་རངས་པར་འཁང་བྱ་འཁང་བྱེད་འཁངས་པ་འཁངས་ཤིག

དགྲ་ལ་འཁུ་བྱ་འཁུ་བྱེད་འཁུས་པ་འཁུ་ཞིག

ནད་སོགས་ཀྱིས་འཁུན་བྱ་འཁུན་བྱེད་འཁུན་པ་

ཚིག་དོན་སེམས་ཀྱིས་འཁུམས་བྱ་འཁུམས་བྱེད་འཁུམས་པ་འཁུམས་ཤིག

གནས་སོགས་སུ་འཁོད་བྱ་འཁོད་བྱེད་འཁོད་པ་འཁོད་ཅིག

གཞན་དང་འཁོན་བྱ་འཁོན་བྱེད་འཁོན་པ་འཁོན་ཅིག

ཆོས་ཐམས་ཅད་མཁྱེན་བྱ་མཁྱེན་བྱེད་མཁྱེན་པ་མཁྱེན་ཅིག

ཕྱོགས་ཀུན་ཏུ་ཁྱབ་བྱ་ཁྱབ་བྱེད་ཁྱབ་པ་ཁྱབ་ཅིག

ས་མཐར་འཁྱམ་བྱ་འཁྱམ་བྱེད་འཁྱམས་པ་འཁྱོམས་ཤིག

གཞན་ཡུལ་དུ་འཁྱར་བྱ་འཁྱར་བྱེད་འཁྱར་བ་འཁྱར་ཅིག

ཉི་ཟླའི་འོད་འཁྱིམས་བྱ་འཁྱིམས་བྱེད་འཁྱིམས་པ་

གདུགས་སོགས་འཁྱིར་བྱ་འཁྱིར་བྱེད་འཁྱིར་བ་འཁྱིར་ཅིག

ཆུ་སོགས་འཁྱིལ་བྱ་འཁྱིལ་བྱེད་འཁྱིལ་བ་

ལག་རྩལ་དང་མན་ངག་མཁྱུད་བྱ་མཁྱུད་བྱེད་མཁྱུད་པ་མཁྱུད་ཅིག

གློག་སོགས་མྱུར་དུ་འཁྱུག་བྱ་འཁྱུག་བྱེད་འཁྱུགས་པ་འཁྱུག་ཅིག

མེ་ཏོག་སོགས་ཐག་པར་འཁྱུད་བྱ་འཁྱུད་བྱེད་འཁྱུད་པ་འཁྱུད་ཅིག

ཅ་ལག་སོགས་འཁྱེར་བྱ་འཁྱེར་བྱེད་ཁྱེར་བ་ཁྱེར་ཅིག

ལས་རྒྱུན་སོགས་འཁྱོང་བྱ་འཁྱོང་བྱེད་འཁྱོངས་པ་འཁྱོངས་ཤིག

ས་སོགས་འཁྱོམ་བྱ་འཁྱོམ་བྱེད་འཁྱོམས་པ་

རྐང་པ་སོགས་འཁྱོར་བྱ་འཁྱོར་བྱེད་འཁྱོར་བ་འཁྱོར་ཅིག

མི་ཚེ་སོགས་འཁྱོལ་བྱ་འཁྱོལ་བྱེད་འཁྱོལ་བ་འཁྱོལ་ཅིག

རྟེན་ཡུལ་སོགས་ལ་འཁྲ་བྱ་འཁྲ་བྱེད་འཁྲས་པ་འཁྲས་ཤིག

བྲོ་གར་སོགས་འཁྲབ་བྱ་འཁྲབ་བྱེད་འཁྲབས་པ་འཁྲོབས་ཤིག

འདོད་པས་འཁྲིག་བྱ་འཁྲིག་བྱེད་འཁྲིག་པ་འཁྲིག་ཤིག

སྤྲིན་སོགས་འཁྲིག་བྱ་འཁྲིག་བྱེད་འཁྲིགས་པ་ཁྲིགས་ཤིག

དཔེ་ཆ་སོགས་འཁྲིད་བྱ་འཁྲིད་བྱེད་ཁྲིད་པ་ཁྲིད་ཅིག

ཤིང་སོགས་འཁྲིལ་བྱ་འཁྲིལ་བྱེད་འཁྲིལ་བ་འཁྲིལ་ཅིག

དམག་སོགས་འཁྲུག་བྱ་འཁྲུག་བྱེད་འཁྲུགས་པ་

སྤྲུལ་པའི་སྐུ་སོགས་འཁྲུང་བྱ་འཁྲུང་བྱེད་འཁྲུངས་པ་

སེམས་སོགས་འཁྲུལ་བྱ་འཁྲུལ་བྱེད་འཁྲུལ་པ་

ཁྱིམ་སོགས་ལ་འཁྲེན་བྱ་འཁྲེན་བྱེད་འཁྲེན་པ་འཁྲེན་ཅིག

དགྲ་སོགས་ལ་ཁྲོ་བྱ་ཁྲོ་བྱེད་ཁྲོས་པ་ཁྲོས་ཤིག

སྐད་ཆ་སོགས་གོ་བྱ་གོ་བྱེད་གོ་བ་

བྱ་སྤྱོད་སོགས་གོམས་བྱ་གོམས་བྱེད་གོམས་པ་

གཉེན་སོགས་ལ་དགའ་བྱ་དགའ་བྱེད་དགའ་བ་

ཉམས་ཚོད་སོགས་བགམ་བྱ་བགམ་བྱེད་བགམ་པ་བགོམ་ཞིག

ཅ་ལག་སོགས་བགོ་བྱ་བགོད་བྱེད་བགོས་པ་བགོས་ཤིག

ཡིད་སོགས་མགུ་བྱ་མགུ་བྱེད་མགུ་བ་

སྐད་སོགས་འགག་བྱ་འགོག་བྱེད་འགགས་པ་

ཕྱེ་སོགས་འགམ་བྱ་འགམ་བྱེད་འགམས་པ་འགོམས་ཤིག

སྒྲིག་ཁྲིམས་སོགས་ལས་འགལ་བྱ་འགལ་བྱེད་འགལ་བ་

ས་སོགས་འགུལ་བྱ་འགུལ་བྱེད་འགུལ་བ་

རིམས་ནད་སོགས་འགོ་བྱ་འགོ་བྱེད་འགོས་པ་

ཐུགས་ལ་དགོངས་བྱ་དགོངས་བྱེད་དགོངས་པ་དགོངས་ཤིག

ཡུན་རིང་དུ་འགོར་བྱ་འགོར་བྱེད་འགོར་བ་འགོར་ཅིག

གོས་སོགས་གྱོན་བྱ་གྱོན་བྱེད་གྱོན་པ་གྱོན་ཅིག

ཐུགས་དགྱེས་བྱ་དགྱེས་བྱེད་དགྱེས་པ་དགྱེས་ཤིག

དུས་སོགས་འགྱང་བྱ་འགྱང་བྱེད་འགྱངས་པ་འགྱངས་ཤིག

བྱ་བ་སོགས་བགྱི་བྱ་བགྱིད་བྱེད་བགྱིས་པ་གྱིས་ཤིག

ཉམས་ཀྱིས་འགྱིང་བྱ་འགྱིང་བྱེད་འགྱིངས་པ་འགྱིངས་ཤིག

ཡུལ་དུས་སོགས་འགྱུར་བྱ་འགྱུར་བྱེད་གྱུར་པ་གྱུར་ཅིག

སོ་སོར་འགྱེས་བྱ་འགྱེས་བྱེད་གྱེས་པ་གྱེས་ཤིག

ས་ལ་འགྱེལ་བྱ་འགྱེལ་བྱེད་འགྱེལ་བ་

དངོས་པོ་སོགས་ཡར་འགྱོགས་བྱ་འགྱོགས་བྱེད་བཀྱགས་པ་ཁྱོག་ཤིག

སྔར་བྱས་ལ་འགྱོད་བྱ་འགྱོད་བྱེད་འགྱོད་པ་འགྱོད་ཅིག

སྒྲ་སོགས་གྲགས་བྱ་གྲགས་བྱེད་གྲགས་པ་

གྲོགས་དང་འགྲོགས་བྱ་འགྲོགས་བྱེད་འགྲོགས་པ་འགྲོགས་ཤིག

འགྲོ་ཆས་སོགས་གྲབས་བྱ་གྲབས་བྱེད་གྲབས་པ་གྲབས་ཤིག

སྡུག་བསྔལ་ལས་གྲོལ་བྱ་གྲོལ་བྱེད་གྲོལ་བ་གྲོལ་ཅིག

ས་སོགས་གྲུག་བྱ་གྲུག་བྱེད་གྲུགས་པ་

ས་ཐོག་ཏུ་རྐང་པ་དགྲད་བྱ་དགྲད་བྱེད་དགྲད་པ་གྲད་ཅིག

གྲངས་སོགས་བགྲང་བྱ་བགྲོང་བྱེད་བགྲང་བ་བགྲངས་ཤིག

ཁ་མིག་སོགས་བགྲད་བྱ་བགྲད་བྱེད་བགྲད་པ་དགྲོད་ཅིག

རྦབ་རྡོ་སོགས་བགྲིལ་བྱ་བགྲིལ་བྱེད་བགྲིལ་བ་བགྲིལ་ཅིག

འབྲས་སོགས་བགྲུ་བྱ་བགྲུ་བྱེད་བགྲུས་པ་བགྲུས་ཤིག

ཆུའི་རྙོག་མ་སོགས་བགྲུང་བྱ་བགྲུང་བྱེད་བགྲུངས་པ་བགྲུངས་ཤིག

གཞུང་དོན་སོགས་བགྲོ་བྱ་བགྲོ་བྱེད་བགྲོད་པ་བགྲོད་ཅིག

རྒྱ་ལམ་དུ་བགྲོད་བྱ་བགྲོད་བྱེད་བགྲོད་པ་བགྲོད་ཅིག

གྲོད་ཁོག་འགྲང་བྱ་འགྲང་བྱེད་འགྲངས་པ་

རྩལ་སོགས་འགྲན་བྱ་འགྲན་བྱེད་འགྲན་པ་འགྲན་ཅིག

དགྲ་སོགས་དང་འགྲས་བྱ་འགྲས་བྱེད་འགྲས་པ་འགྲས་ཤིག

རྟེན་འབྲེལ་སོགས་འགྲིག་བྱ་འགྲིག་བྱེད་འགྲིགས་པ་གྲིགས་ཤིག

གྲངས་ཚད་སོགས་འགྲིབ་བྱ་འགྲིབ་བྱེད་འགྲིབས་པ་འགྲིབས་ཤིག

རྒྱལ་ཁམས་སོགས་འགྲིམ་བྱ་འགྲིམ་བྱེད་འགྲིམས་པ་འགྲིམས་ཤིག

གྲུ་གུ་སོགས་འགྲིལ་བྱེད་འགྲིལ་བྱེད་འགྲིལ་བ་

བསམ་དོན་སོགས་འགྲུབ་བྱ་འགྲུབ་བྱེད་གྲུབ་པ་

སློབ་སྦྱོང་ལ་འགྲུས་བྱ་འགྲུས་བྱེད་འགྲུས་པ་འགྲུས་ཤིག

རྟ་དྲེལ་སོགས་ཀྱིས་ས་ཐོག་ཏུ་འགྲེ་བྱ་འགྲེ་བྱེད་འགྲེས་པ་

གྱེན་དུ་འགྲེང་བྱ་འགྲེང་བྱེད་འགྲེངས་པ་འགྲེངས་ཤིག

རྐང་པ་སོགས་འགྲེད་བྱ་འགྲེད་བྱེད་འགྲེད་པ་

ལམ་དུ་འགྲོ་བྱ་འགྲོ་བྱེད་ཕྱིན་པ་སོང་ཞིག

དཔལ་འབྱོར་སོགས་རྒུད་བྱ་རྒུད་བྱེད་རྒུད་པ་

བུད་མེད་ལ་རྒྱོ་བྱ་རྒྱོ་བྱེད་རྒྱོས་པ་རྒྱོས་ཤིག

གཞན་ལས་རྒྱལ་བྱ་རྒྱལ་བྱེད་རྒྱལ་བ་རྒྱལ་ཅིག

ལོ་འདབ་སོགས་རྒྱས་བྱ་རྒྱས་བྱེད་རྒྱས་པ་རྒྱས་ཤིག

འོ་སོགས་བརྒྱལ་བྱ་བརྒྱལ་བྱེད་བརྒྱལ་བ་

ཕར་ཚུར་རྒྱུ་བྱ་རྒྱུ་བྱེད་རྒྱུ་བ་

རིམ་པར་བརྒྱུད་བྱ་བརྒྱུད་བྱེད་བརྒྱུད་པ་བརྒྱུད་ཅིག

ཁ་ནས་སྒྲེག་བྱ་སྒྲེག་བྱེད་སྒྲེག་པ་

རྟ་ཁལ་སོགས་གླ་བྱ་གླ་བྱེད་གླས་པ་གློས་ཤིག

ལྷན་པ་སོགས་གླན་བྱ་གླན་བྱེད་གླན་པ་གློན་ཅིག

གཏམ་གཞི་སོགས་གླེང་བྱ་གླེང་བྱེད་གླེངས་པ་གླེངས་ཤིག

འོག་ཏུ་གླེབ་བྱ་གླེབ་བྱེད་གླེབས་པ་གླེབས་ཤིག

བཙོན་པ་སོགས་གློད་བྱ་གློད་བྱེད་གློད་པ་གློད་ཅིག

ལན་སོགས་གླན་བྱ་གློན་བྱེད་གླན་པ་གློན་ཅིག

ལུས་སོགས་ངལ་བྱ་ངལ་བྱེད་ངལ་བ་

བྱིས་པ་སོགས་ངུ་བྱ་ངུ་བྱེད་ངུས་པངུས་ཤིག

བློ་ལ་ངེས་བྱ་ངེས་བྱེད་ངེས་པ་ངེས་ཤིག

ཡིད་སོགས་དངངས་བྱ་དངངས་བྱེད་དངངས་པ་

གོ་རིམ་སོགས་དངར་བྱ་དངར་བྱེད་དངར་བ་དངར་ཅིག

ཡོན་ཏན་སོགས་ངོམ་བྱེད་ངོམ་བྱེད་ངོམས་པ་ངོམས་ཤིག

གཞན་ལ་མངག་བྱ་མངག་བྱེདམངགས་པ་མངོགས་ཤིག

རྟགས་མཚན་སོགས་མངོན་བྱ་མངོན་བྱེད་མངོན་པ་མངོན་ཅིག

ངལ་བས་རྔུལ་བྱ་རྔུལ་བྱེད་རྔུལ་བ་

སྤྱོད་བཟང་སོགས་ལ་བསྔགས་པ་བསྔགས་བྱེད་བསྔགས་པ་བསྔགས་ཤིག

གཅིན་པ་གཅི་བྱ་གཅི་བྱེད་གཅིས་པ་གཅིས་ཤིག

ལག་པ་སོགས་གཅུ་བྱ་གཅུ་བྱེད་གཅུས་པ་གཅུས་ཤིག

འཇུར་མིག་ཏུ་གཅུར་བྱ་གཅུར་བྱེད་གཅུར་བ་ཆུར་ཅིག

བུ་ཚ་སོགས་ལ་གཅེས་བྱ་གཅེས་བྱེད་གཅེས་པ་གཅེས་ཤིག

གྲོས་སོགས་གཅོམ་བྱ་གཅོམ་བྱེད་གཅོམས་པ་ཅོམས་ཤིག

ཆུ་བཅིར་བྱ་བཅིར་བྱེད་བཅིར་བ་བཅིར་ཅིག

ཟས་སོ་ཡིས་བཅེམ་བྱ་བཅེམ་བྱེད་བཅེམས་པ་བཅེམས་ཤིག

གཡང་སོགས་ལ་ལྕེབ་བྱ་ལྕེབ་བྱེད་ལྕེབས་པ་ལྕེབས་ཤིག

ལམ་དུ་ཆས་བྱ་ཆས་བྱེད་ཆས་པ་ཆས་ཤིག

འདོད་ཡོན་སོགས་ལཆགས་བྱ་ཆགས་བྱེད་ཆགས་པ་

སྐྱབས་སུ་མཆི་བྱ་མཆི་བྱེད་མཆིས་པ་

བཀའ་སོགས་མཆིད་བྱ་མཆིད་བྱེད་མཆིད་པ་མཆིད་ཅིག

འགྲན་ཟླ་སོགས་མཆིས་བྱ་མཆིས་བྱེད་མཆིས་པ་

མེ་ལྕེ་སོགས་མཆེད་བྱ་མཆེད་བྱེད་མཆེད་པ་

རྒྱང་རིང་དུ་མཆོང་བྱ་མཆོང་བྱེད་མཆོངས་པ་མཆོངས་ཤིག

གོས་རྒྱན་སོགས་ཀྱིས་མཆོར་བྱ་མཆོར་བྱེད་མཆོར་བ་མཆོར་ཅིག

འབྲེལ་བ་སོགས་འཆད་བྱ་འཆད་བྱེད་ཆད་པ་

བྲོ་གར་སོགས་འཆམ་བྱ་འཆམ་བྱེད་འཆམས་པ་འཆོམས་ཤིག

བློ་ཡུལ་དུ་འཆར་བྱེད་འཆར་བྱེད་ཤར་བ་

ཚིག་ཙམ་ལ་འཆལ་བྱ་འཆལ་བྱེད་འཆལ་བ་

སེམས་ཅན་སོགས་འཆི་བྱ་འཆི་བྱེད་ཤི་བ་

རྒྱུ་ནོར་སོགས་ལ་འཆུམ་བྱ་འཆུམ་བྱེད་འཆུམས་པ་འཆུམས་ཤིག

ཁས་ལེན་པ་སྟེ་ཁས་འཆེ་བྱ་འཆེ་བྱེད་འཆེས་པ་འཆེས་ཤིག

རྒྱུ་དངོས་སོགས་ལ་འཆེལ་བྱ་འཆེལ་བྱེད་འཆེལ་བ་འཆེལ་ཅིག

ལག་པ་སོགས་ནས་འཆོར་བྱ་འཆོར་བྱེད་ཤོར་བ་

བླ་མ་སོགས་མཇལ་བྱ་མཇལ་བྱེད་མཇལ་བ་མཇོལ་ཅིག

སྡུག་བསྔལ་ལའཇིགས་བྱ་འཇིགས་བྱེད་འཇིགས་པ་

ལག་པས་འཇུ་བྱ་འཇུ་བྱེད་འཇུས་པ་འཇུས་ཤིག

ཚིག་དོན་སོགས་བརྗེད་བྱེད་བརྗེད་བྱེད་བརྗེད་པ་

དངོས་ཆས་སོགས་ཉར་བྱ་ཉར་བྱེད་ཉར་བ་ཉོར་ཅིག

གནས་མལ་སོགས་སུ་ཉལ་བྱ་ཉལ་བྱེད་ཉལ་བ་ཉོལ་ཅིག་

སྔ་སྲོལ་སོགས་ཉམས་བྱ་ཉམས་བྱེད་ཉམས་པ་

ལག་པ་སོགས་ཀྱིས་ཉུག་བྱ་ཉུག་བྱེད་ཉུགས་པ་ཉུགས་ཤིག

གནོང་པ་སོགས་ཀྱིས་ཉེས་བྱ་ཉེས་བྱེད་ཉེས་པ་ཉེས་ཤིག

རིན་གྱིས་ཉོ་བྱ་ཉོ་བྱེད་ཉོས་པ་ཉོས་ཤིག

སྐོར་གཡེང་དུ་གཉུལ་བྱ་གཉུལ་བྱེད་གཉུལ་བ་གཉུལ་ཅིག

དོན་སོགས་གཉེར་བྱ་གཉེར་བྱེད་གཉེར་བ་གཉེར་ཅིག

རྣ་བས་མཉན་བྱ་ཉན་བྱེད་མཉན་པ་ཉོན་ཅིག

མཐོ་དམན་སོགསམཉམ་བྱ་མཉམ་བྱེད་མཉམ་པ་

ཀོ་བ་སོགས་མཉེ་བྱ་མཉེད་བྱེད་མཉེས་པ་མཉེས་ཤིག

ངལ་བས་སྐུ་མཉེལ་བྱ་མཉེལ་བྱེད་མཉེལ་བ་

སྤྲོ་བས་ཐུགས་མཉེས་བྱ་མཉེས་བྱེད་མཉེས་པ་མཉེས་ཤིག

མེ་ཏོག་སོགས་རྙིད་བྱ་རྙིད་བྱེད་རྙིད་པ་

དངོས་པོ་སོགས་རྙེད་བྱ་རྙེད་བྱེད་རྙེད་པ་

ཉམ་ཆུང་སོགས་ལ་བརྙས་བྱ་བརྙས་བྱེད་བརྙས་པ་བརྙས་ཤིག

ཡོན་ཏན་སོགསབརྙེས་བྱ་བརྙེས་བྱེད་བརྙེས་པ་བརྙེས་ཤིག

སེམས་སུ་སྙམ་བྱ་སྙམ་བྱེད་སྙམ་པ་

ཚིག་དོན་སོགས་བསྙེལ་བྱ་བསྙེལ་བྱེད་བསྙེལ་བ་

ལག་ཏུ་དང་ཁ་ཕྱོགས་སོགས་གཏད་བྱ་གཏོད་བྱེད་གཏད་པ་གཏོད་ཅིག

སྣོད་སོགས་ཆུས་གཏམ་བྱ་གཏམ་བྱེད་གཏམས་པ་གཏོམས་ཤིག

ཁྲག་སོགས་གཏར་བྱ་གཏར་བྱེད་གཏར་བ་གཏོར་ཅིག

སྤྲིན་སོགས་གཏིབ་བྱ་གཏིབ་བྱེད་གཏིབས་པ་གཏིབས་ཤིག

དྲུང་དུ་གཏུག་བྱ་གཏུག་བྱེད་གཏུགས་པ་གཏུགས་ཤིག

ཤ་སོགས་དུམ་བུར་གཏུབ་བྱ་གཏུབ་བྱེད་གཏུབས་པགཏུབས་ཤིག

སེ་གོལ་སོགས་གཏོག་བྱ་གཏོག་བྱེད་གཏོགས་པ་གཏོགས་ཤིག

མངའ་ཁོངས་སུ་གཏོགས་བྱ་གཏོགས་བྱེད་གཏོགས་པ་གཏོགས་ཤིག

འབྲུ་སོགས་གཏོར་བྱ་གཏོར་བྱེད་གཏོར་བ་གཏོར་ཅིག

དགོངས་དོན་སོགས་རྟོགས་བྱ་རྟོགས་བྱེད་རྟོགས་པ་རྟོགས་ཤིག

ལུས་སྟོབས་བརྟ་བྱ་བརྟ་བྱེད་བརྟས་པ་

འོག་ཏུ་ལྟུང་བྱ་ལྟུང་བྱེད་ལྟུངས་པ་

རྫས་སོགསགཞན་ལ་་སྟེར་བྱ་སྟེར་བྱེད་སྟེར་བ་སྟེར་ཅིག

བསྐལ་པ་སོགས་སྟོང་བྱ་སྟོང་བྱེད་སྟོངས་པ་སྟོངས་ཤིག

གནས་སུ་བསྟི་བྱ་བསྟི་བྱེད་བསྟིས་པ་སྟིས་ཤིག

ཡོན་ཏན་སོགས་ལ་བསྟོད་བྱ་བསྟོད་བྱེད་བསྟོད་པ་བསྟོད་ཅིག

བཙོན་རྭ་སོགས་ལས་ཐར་བྱ་ཐར་བྱེད་ཐར་པ་

ལས་དོན་སོགས་ལ་ཐེ་བྱ་ཐེ་བྱེད་ཐེ་བ་ཐེ་ཞིག

སྐུ་རིམ་སོགས་ཐེབས་བྱ་ཐེབས་བྱེད་ཐེབས་པ་ཐེབས་ཤིག

གཏམ་སོགས་ཐོས་བྱ་ཐོས་བྱེད་ཐོས་པ་

ཐག་པ་སོགས་མཐུད་བྱ་མཐུད་བྱེད་མཐུད་པ་མཐུད་ཅིག

ཕན་ཚུན་མཐུན་བྱ་མཐུན་བྱེད་མཐུན་པ་མཐུན་ཅིག

མངོན་སུམ་དུ་མཐོང་བྱ་མཐོང་བྱེད་མཐོང་བ་

ཉེས་པ་སོགས་མཐོལ་བྱ་མཐོལ་བྱེད་མཐོལ་བ་མཐོལ་ཅིག

བུས་མ་ལ་འཐམ་བྱ་འཐམ་བྱེད་འཐམས་པ་འཐོམས་ཤིག

མུན་པ་སོགས་འཐིབས་བྱ་འཐིབས་བྱེད་འཐིབས་པ་

ཐག་པ་སོགས་འཐེན་བྱ་འཐེན་བྱེདའཐེན་པ་འཐེན་ཅིག

རྙི་རྒྱ་སོགས་ལ་འཐེབ་བྱ་འཐེབ་བྱེད་འཐེབས་པ་

ནང་ནས་ཕྱིར་འཐོན་བྱ་འཐོན་བྱེད་ཐོན་པ་ཐོན་ཅིག

གོ་སྐབས་སོགས་འཐོབ་བྱེད་འཐོབ་བྱེད་ཐོབ་པ་

མགོ་སོགས་འཐོམས་བྱ་ཐོམས་བྱེད་འཐོམས་པ་

བླ་མ་སོགས་ལ་དད་བྱ་དད་བྱེད་དད་པ་དད་ཅིག

སྲོལ་བཟང་སོགས་དར་བྱ་དར་བྱེད་དར་བ་དར་ཅིག

ཁུར་སོགས་ཀྱིས་དུབ་བྱ་དུབ་བྱེད་དུབ་པ་

བྱ་ངན་སོགས་དོར་བྱ་འདོར་བྱེེད་དོར་བ་དོར་ཅིག

མིག་སོགས་གདང་བྱ་གདང་བྱེད་གདངས་པ་གདོངས་ཤིག

གདམས་ངག་སོགས་གདམ་བྱ་འདོམས་བྱེད་གདམས་པ་འདོམས་ཤིག

གཏམ་སོགས་ཡང་ནས་ཡང་དུ་གདས་བྱ་གདས་བྱེད་གདས་པ་གདས་ཤིག

སྨན་དང་ཐུག་པ་སོགས་གདུ་བྱ་གདུ་བྱེད་གདུས་པ་གདུས་ཤིག

ནད་སོགས་ཀྱིས་གདུང་བྱ་གདུང་བྱེད་གདུངས་པ་གདུངས་ཤིག

མཚོན་ཆ་སོགས་གདེང་བྱ་གདེང་བྱེད་གདེངས་པ་གདེངས་ཤིག

བདེན་ཚིག་དང་ཟས་ནོར་སོགས་བདར་བྱ་བདར་བྱེད་བདར་བ་བདོར་ཅིག

སྤོས་སོགས་བདུག་བྱ་བདུག་བྱེད་བདུགས་པ་བདུགས་ཤིག

གཞུ་སོགས་བདུང་བྱ་བདུང་བྱེད་བདུངས་པ་བདུངས་ཤིག

རི་མོ་དང་འབུར་དུ་བདོད་བྱ་བདོད་བྱེད་བདོད་པ་བདོད་ཅིག

སྒྱེ་དང་ཁུག་མའི་ཁ་སོགས་མདུད་བྱ་མདུད་བྱེད་མདུད་པ་མདུད་ཅིག

དྲི་མ་སོགས་འདག་བྱ་འདག་བྱེད་དག་པ་

གྲངས་སོགས་འདང་བྱ་འདང་བྱེད་འདངས་པ་

དམ་ཚིག་སོགས་ལས་འདའ་བྱ་འདའ་བྱེད་འདས་པ་

དུས་དང་གྲངས་ཚད་སོགས་ལས་འདའ་བྱ་འདའ་བྱེད་འདས་པ་

ཚོགས་སུ་འདུ་བྱ་འདུ་བྱེད་འདུས་པ་འདུས་ཤིག

རྟ་བོང་གི་འགྲོས་འདུར་བྱའདུར་བྱེདའདུར་བ་འདུར་ཅིག

གཞན་ཡུལ་དུ་འདོང་བྱ་འདོང་བྱེད་དོང་པ་དེངས་ཤིག

གཏམ་དོན་སོགསའདོད་བྱ་འདོད་བྱེད་འདོད་པ་

སྐྱོན་སོགས་དོར་བྱ་དོར་བྱེད་དོར་བ་དོར་ཅིག

རས་སོགས་དྲ་བྱ་དྲ་བྱེད་དྲས་པ་དྲོས་ཤིག

ནད་སོགས་དྲག་བྱདྲག་བྱེད་དྲག་པ་

ཡུར་བར་ཆུ་དྲངས་བྱ་འདྲེན་བྱེད་དྲངས་པ་དྲོངས་ཤིག

པགས་པ་དང་གོས་སོགས་དྲལ་བྱ་འདྲལ་བྱེད་དྲལ་བ་དྲོལ་ཅིག་

སྐད་ཆ་སོགས་དྲི་བྱ་འདྲི་བྱེད་དྲིས་པ་དྲིས་ཤིག

ཤིང་སོགས་ས་ལ་འདྲུད་བྱ་འདྲུད་བྱེད་དྲུད་པ་དྲུད་ཅིག

གོས་སོགས་དྲུབ་བྱ་འདྲུབ་བྱེད་དྲུབས་པ་དྲུབས་ཤིག

སྡེར་མོས་འདྲད་བྱ་འདྲད་བྱེད་འདྲད་པ་འདྲོད་ཅིག

གྲོགས་སོགས་འདྲིས་བྱ་འདྲིས་བྱེད་འདྲིས་པ་

ས་ཁུང་སོགས་འདྲུ་བྱ་འདྲུ་བྱེད་དྲུས་པ་དྲུས་ཤིག

རྫས་སོགས་ཕན་ཚུན་འདྲེ་བྱ་འདྲེ་བྱེད་འདྲེས་པ་

བྱ་སོགས་ནམ་མཁར་ལྡིང་བྱ་ལྡིང་བྱེད་ལྡིངས་པ་ལྡིང་ཞིག

ཆུ་སོགས་ནང་དུ་ལྡུག་བྱ་ལྡུག་བྱེད་ལྡུགས་པ་ལྡུགས་ཤིག

ཇ་སོགས་ལྡུད་བྱ་ལྡུད་བྱེད་ལྡུད་པ་ལྡུད་ཅིག

ཉི་མར་ལྡེ་བྱ་ལྡེ་བྱེད་ལྡེས་པ་ལྡེས་ཤིག

ཉི་མ་སོགས་ལྡོག་བྱ་ལྡོག་བྱེད་ལྡོག་པ་ལྡོག་ཅིག

ཁྲོ་བས་སྡང་བྱསྡང་བྱེད་སྡང་བ་སྡང་ཞིག

ཡིད་འོང་དང་མནར་ཚུལ་གྱི་སྡུག་བྱ་སྡུག་བྱེད་སྡུག་པ་སྡུག་ཅིག

ནུ་མ་སོགས་ནུ་བྱ་ནུ་བྱེད་ནུས་པ་ནུས་ཤིག

ཉི་ཟླ་སོགས་ནུབ་བྱ་ནུབ་བྱེད་ནུབ་པ་ནུབ་ཅིག

ཡོ་བྱད་སོགས་ལག་པར་མནམ་བྱ་ནོམ་བྱེད་མནམས་པ་ནོམས་ཤིག

ལམ་སོགས་ནོར་བྱ་ནོར་བྱེད་ནོར་བ་

དམ་ཚིག་སོགས་ལ་གནས་བྱ་གནས་བྱེད་གནས་པ་གནས་ཤིག

དགྲ་ལ་གནོད་བྱ་གནོད་བྱེད་གནོད་པ་གནོད་ཅིག

སྡུག་བསྔལ་སོགས་མནག་བྱ་མནག་བྱེད་མནགས་པ་མནོག་ཅིག

འོག་ཏུ་མནན་བྱ་གནོན་བྱེད་མནན་པ་གནོན་ཅིག

ན་བཟའ་སོགས་མནབ་བྱ་ནབ་བྱེད་མནབས་པ་ནོབས་ཤིག

སྤོས་དྲི་སོགས་མནམ་བྱ་ནོམ་བྱེད་མནམས་པ་ནོམས་ཤིག

སྡུག་བསྔལ་གྱིས་མནར་བྱམནར་བྱེད་མནར་བ་མནར་ཅིག

ལུང་དང་སྡོམ་པ་སོགས་མནོ་བྱ་ནོད་བྱེད་མནོས་པ་ནོད་ཅིག

གཟུགས་བརྙན་སོགས་སྣང་བྱ་སྣང་བྱེད་སྣང་བ་

རྗེས་སུ་དཔག་བྱདཔོག་བྱེད་དཔགས་པ་དཔོགས་ཤིག

དར་སོགས་དཔྱང་བྱདཔྱོང་བྱེད་དཔྱངས་པ་དཔྱོངས་ཤིག

བློས་ཞིབ་ཏུདཔྱད་བྱ་དཔྱོད་བྱེདདཔྱད་པ་དཔྱོད་ཅིག

བྱ་ངན་སོགས་སྤང་བྱ་སྤོང་བྱེད་སྤངས་པ་སྤོངས་ཤིག

གོང་དུ་སྤར་བྱསྤོར་བྱེད་སྤར་བ་སྤོར་ཅིག

འབྲས་སོགས་སྤུང་བྱ་སྤུང་བྱེད་སྤུངས་པ་སྤུངས་ཤིག

དམ་པའི་ཆོས་སོགས་སྤེལ་བྱ་སྤེལ་བྱེདསྤེལ་བ་སྤེལ་ཅིག་

གོམ་པ་སོགས་སྤོ་བྱ་སྤོ་བྱེད་སྤོས་པ་སྤོས་ཤིག

ལོངས་སུ་སྤྱད་བྱསྤྱོད་བྱེད་སྤྱད་པ་སྤྱོད་ཅིག

མཚོ་སོགས་ལ་སྤྱིང་བྱ་སྤྱིང་བྱེད་སྤྱིངས་པ་སྤྱིངས་ཤིག

ཡུལ་གཞན་དུ་སྤྱུག་བྱ་སྤྱུག་བྱེད་སྤྱུགས་པ་སྤྱུགས་ཤིག

ངན་གཏམ་སོགས་ཀྱིས་སྤྱོ་བྱ་སྤྱོ་བྱེད་སྤྱོས་པ་སྤྱོས་ཤིག

དབང་ཆ་སོགས་སྤྲད་བྱ་སྤྲོད་བྱེད་སྤྲད་པ་སྤྲོད་ཅིག

རྒྱན་ཆ་སོགས་ཀྱིས་སྤྲས་བྱསྤྲས་བྱེད་སྤྲས་པ་སྤྲས་ཤིག

འཕྲིན་ཡིག་སོགས་སྤྲིང་བྱསྤྲིང་བྱེད་སྤྲིངས་པ་སྤྲིངས་ཤིག

ལྟོ་བ་སྤྲིབས་བྱ་སྤྲིབས་བྱེད་སྤྲིབས་པ་སྤྲིབས་ཤིག

གདན་སོགས་སྤྲུག་བྱ་སྤྲུག་བྱེད་སྤྲུགས་པ་སྤྲུགས་ཤིག

སྒྱུ་མ་སོགས་སྤྲུལ་བྱ་སྤྲུལ་བྱེད་སྤྲུལ་པ་སྤྲུལ་ཅིག

ཚིག་འགྲེལ་སོགས་རྒྱ་ཆེར་སྤྲོ་བྱ་སྤྲོ་བྱེད་སྤྲོས་པ་སྤྲོས་ཤིག

རང་གཞན་གཉིས་ལ་ཕན་བྱ་ཕན་བྱེད་ཕན་པ་ཕན་ཅིག

དགྲ་བོའི་དཔུང་སོགས་འཕམ་བྱ་འཕམ་བྱེད་ཕམ་པ་ཕམ་ཞིག

རྐྱེན་ངན་སོགས་ཀྱིས་འཕུང་བྱ་ཕུང་བྱེད་ཕུང་བ་ཕུང་ཞིག

ཚོགས་གྲལ་སོགས་ནས་འཕུད་བྱ་འཕུད་བྱེད་ཕུད་པ་ཕུད་ཅིག

གནད་དང་ཐུགས་ལ་འཕོག་བྱ་འཕོག་བྱེད་ཕོག་པ་ཕོག་ཅིག

རྒྱུ་ནོར་སོགས་ཀྱིས་འཕོངས་བྱ་འཕོངས་བྱེད་ཕོངས་པ་

གོང་དུ་འཕག་བྱ་འཕག་བྱེད་འཕགས་པ་འཕགས་ཤིག

མདའ་སོགས་འཕང་བྱ་འཕེན་བྱེད་འཕངས་པ་ཕོངས་ཤིག

གོ་གནས་འཕར་བྱ་འཕར་བྱེད་འཕར་བ་

མཁའ་ལའཕུར་བྱ་འཕུར་བྱེད་འཕུར་བ་འཕུར་ཅིག

མི་ཚེ་འཕུལ་བྱ་འཕུལ་བྱེད་འཕུལ་བ་འཕུལ་ཅིག

རྟ་ནོར་སོགས་འཕེལ་བྱ་འཕེལ་བྱེད་འཕེལ་བ་

སྡོད་གནས་སོགས་འཕོ་བྱ་འཕོ་བྱེད་འཕོས་པ་

ངན་སྤྱོད་ལ་ཀུན་གྱིས་འཕྱ་བྱ་འཕྱ་བྱེད་འཕྱས་པ་འཕྱོས་ཤིག

རྡུལ་སོགས་འཕྱག་བྱ་འཕྱག་བྱེད་འཕྱགས་པ་འཕྱོགས་ཤིག

འོག་དང་ཐུར་དུ་འཕྱང་བྱ་འཕྱང་བྱེད་འཕྱངས་པ་འཕྱོངས་ཤིག

ཕྱོགས་སུ་འཕྱན་བྱ་འཕྱན་བྱེད་འཕྱན་པ་འཕྱོན་ཅིག

རུ་དར་སོགས་འཕྱར་བྱ་འཕྱར་བྱེད་ཕྱར་བ་ཕྱོར་ཅིག

དུས་ཚོད་སོགས་འཕྱི་བྱ་འཕྱི་བྱེད་འཕྱིས་པ་

ལམ་སོགས་འཕྱུག་བྱ་འཕྱུག་བྱེད་འཕྱུགས་པ་

དུ་བ་སོགས་འཕྱུར་བྱ་འཕྱུར་བྱེད་འཕྱུར་བ་

སྦྲུལ་སོགས་འཕྱེ་བྱ་འཕྱེ་བྱེད་འཕྱེས་པ་

བར་སྣང་མཐོངས་སུ་འཕྱོ་བྱ་འཕྱོ་བྱེད་འཕྱོ་བ་

ཅ་ལག་སོགས་འཕྲོག་བྱ་འཕྲོག་བྱེད་ཕྲོགས་པ་ཕྲོགས་ཤིག

གྲོགས་སོགས་དང་འཕྲད་བྱ་འཕྲད་བྱེད་ཕྲད་པ་

སེན་མོས་འཕྲུག་བྱ་འཕྲུག་བྱེད་འཕྲུགས་པ་ཕྲུགས་ཤིག

འོད་ཟེར་སོགས་འཕྲོ་བྱ་འཕྲོ་བྱེད་འཕྲོས་པ་

སྨན་དང་ཕྱག་ཏུ་འཕྲོད་བྱ་འཕྲོད་བྱེད་འཕྲོད་པ་

བཟའ་ཚང་ཁ་སོགས་ཕྲལ་བྱ་ཕྲལ་བྱེད་ཕྲལ་བ་ཕྲོལ་ཅིག

གནས་དང་ཁྱིམ་སོགས་ལས་འབུད་བྱ་འབུད་བྱེད་བུད་པ་བུད་ཅིག

དྲི་སྐྱོན་སོགས་ཀྱིས་འབག་བྱ་འབག་བྱེད་འབགས་པ་

ཡུལ་འཁོར་སོགས་ལ་དབང་བྱ་དབང་བྱེད་དབང་བ་དབང་ཞིག

ཤོག་བུ་སོགས་དབུར་བྱ་དབུར་བྱེད་དབུར་བ་དབུར་ཅིག

རྒྱུ་ནོར་སོགས་ཀྱིས་དབུལ་བྱ་དབུལ་བྱེད་དབུལ་བ་

འདུ་འཛི་སོགས་ལས་དབེན་བྱ་དབེན་བྱེད་དབེན་པ་དབེན་ཅིག

གཞུང་དོན་སོགས་འབད་བྱེདའབད་བྱེད་འབད་པ་འབོད་ཅིག

མེ་སོགས་འབར་བྱ་འབར་བྱེད་འབར་བ་

སྐྲ་སོགས་འབལ་བྱ་འབལ་བྱེད་འབལ་བ་འབོལ་ཅིག

ཧུར་བརྩོན་གྱིས་འབུང་བྱ་འབུང་བྱེད་འབུངས་པ་འབུངས་ཤིག

གླིང་བུ་སོགས་འབུད་བྱ་འབུད་བྱེད་བུས་པ་བུས་ཤིག

ཟེ་འབྲུ་སོགས་འབུས་བྱ་འབུས་བྱེད་འབུས་པ་

གཞན་གྱི་མིང་ནས་འབོད་བྱ་འབོད་བྱེད་བོས་པ་བོས་ཤིག

ཅ་ལག་སོགས་འབོར་བྱ་འབོར་བྱེད་བོར་བ་བོར་ཅིག

ལས་ཀ་སོགས་བྱ་བྱ་བྱེད་བྱེད་བྱས་པ་བྱོས་ཤིག

གཉེན་སོགས་ལ་བྱམས་པ་བྱམས་བྱེད་བྱམས་པ་བྱམས་ཤིག

མགོ་སོགས་ལ་བྱིལ་བྱ་བྱིལ་བྱེད་བྱིལ་བ་བྱིལ་ཅིག

ཚོན་སོགས་བྱུག་བྱ་འབྱུག་བྱེད་བྱུགས་པ་བྱུགས་ཤིག

སོ་སོར་ཁ་བྱེར་བྱ་བྱེར་བྱེད་བྱེར་བ་བྱེར་ཅིག

ཉེས་པ་སོགས་འབྱང་བྱ་འབྱང་བྱེད་བྱང་བ་

སྐྲ་སོགས་འབྱི་བྱ་འབྱི་བྱེད་བྱི་བ་

ཆུའི་གཏིང་དུ་འབྱིང་བྱ་འབྱིང་བྱེད་བྱིང་བ་

རྒྱུ་ལས་འབྱུང་བྱ་འབྱུང་བྱེད་བྱུང་བ་

སྣོད་དུ་འབྱོ་བྱ་འབྱོ་བྱེད་བྱོས་པ་བྱོས་ཤིག

ལྕེས་སྐྱོ་མ་སོགས་འབྱོག་བྱ་འབྱོག་བྱེད་འབྱོགས་པ་འབྱོགས་ཤིག

ཉམས་རྟོགས་སོགས་འབྱོང་བྱ་འབྱོང་བྱེད་འབྱོངས་པ་

བླ་བྲང་སོགས་སུ་འབྱོན་བྱ་འབྱོན་བྱེད་བྱོན་པ་བྱོན་ཅིག

གཏམ་ངན་སོགས་འབྱོལ་བྱ་འབྱོལ་བྱེད་བྱོལ་བ་བྱོལ་ཅིག

དྲེག་པ་སོགས་བྲད་བྱ་འབྲད་བྱེད་དབྲད་པ་བྲོད་ཅིག

ཡི་གེ་སོགས་བྲི་བྱ་འབྲི་བྱེད་བྲིས་པ་བྲིས་ཤིག

སྐྲ་དང་ཁ་སྤུ་སོགས་འབྲེག་བྱ་འབྲེག་བྱེད་བྲེགས་པ་བྲེགས་ཤིག

དྲི་ངན་སོགས་བྲོ་བྱ་བྲོ་བྱེད་བྲོ་བ་

ཤོག་བུ་སོགསདབྲལ་བྱ་དབྲོལ་བྱེད་དབྲལ་བ་དབྲོལ་ཅིག

རྗེས་སུ་འབྲང་བྱ་འབྲང་བྱེད་འབྲངས་པ་འབྲོངས་ཤིག

ལྕག་གིས་བྲབ་བྱ་འབྲབ་བྱེད་བྲབས་པ་བྲོབས་ཤིག

གྲོགས་སོགས་ཕན་ཚུན་འབྲལ་བྱ་འབྲལ་བྱེད་བྲལ་བ་

ཐབས་ཀྱིས་ཕ་རོལ་འབྲིད་བྱ་འབྲིད་བྱེད་བྲིད་པ་བྲིད་ཅིག

རྫས་ནོར་སོགས་གཞན་ལ་བྲིམ་བྱ་འབྲིམ་བྱེད་བྲིམས་པ་བྲིམས་ཤིག

ཁུང་བུ་སོགས་བྲུ་བྱ་འབྲུ་བྱེད་བྲུས་པ་བྲུས་ཤིག

དབྱར་ཆུ་འབྲུབ་བྱ་འབྲུབ་བྱེད་བྲུབས་པ་

ཕྱི་ནང་སོགས་འབྲེལ་བྱ་འབྲེལ་བྱེད་འབྲེལ་བ་འབྲེལ་ཅིག

སྐྲག་ནས་འབྲོས་བྱ་འབྲོས་བྱེད་བྲོས་པ་བྲོས་ཅིག

མཛའ་གྲོགས་སོགས་དང་འབྲོང་བྱ་འབྲོང་བྱེད་འབྲོངས་པ་བྲོངས་ཤིག

སྲོག་སོགས་བླུ་བྱ་བླུ་བྱེད་བླུས་པ་བླུས་ཤིག

སྐུ་བརྙན་སོགས་བླུག་བྱ་བླུག་བྱེད་བླུགས་པ་བླུགས་ཤིག

སྐྱོན་སོགསསྦ་བྱ་སྦེད་བྱེད་སྦས་པ་སྦོས་ཤིག

སྐྱོན་དང་དྲི་མས་སྦག་བྱ་སྦག་བྱེད་སྦགས་པ་སྦོགས་ཤིག

ཆར་ཆུས་སྦང་བྱ་སྦོང་བྱེད་སྦངས་པ་སྦོངས་ཤིག

མེ་སོགས་སྦར་བྱསྦོར་བྱེད་སྦར་བསྦོར་ཅིག

ཁ་སོགས་ཐུར་དུ་སྦུབ་བྱ་སྦུབ་བྱེད་སྦུབས་པ་སྦུབས་ཤིག

སྐད་ཡིག་སོགས་སྦྱང་བྱ་སྦྱོང་བྱེད་སྦྱངས་པ་སྦྱོངས་ཤིག

ཐལ་མོ་སོགས་སྦྱར་བྱ་སྦྱོར་བྱེད་སྦྱར་བ་སྦྱོར་ཅིག

ཟས་ནོར་སོགས་གཞན་ལ་སྦྱིན་བྱ་སྦྱིན་བྱེད་བྱིན་པ་སྦྱིན་ཅིག

མཉམ་དུ་སྦྲག་བྱ་སྦྲག་བྱེད་སྦྲགས་པ་སྦྲོགས་ཤིག

རྐང་ལག་སོགས་སྦྲིད་བྱ་སྦྲིད་བྱེད་སྦྲིད་པ་

ཕན་ཚུན་སྦྲེལ་བྱ་སྦྲེལ་བྱེད་སྦྲེལ་བ་སྦྲེལ་ཅིག

ཟས་སོགས་མིད་བྱ་མིད་བྱེད་མིད་པ་མིད་ཅིག

གྲོས་སོགས་མོལ་བྱ་མོལ་བྱེད་མོལ་བ་མོལ་ཅིག

ཡོན་ཏན་སོགས་ལ་མོས་བྱ་མོས་བྱེད་མོས་པ་མོས་ཤིག

རིགས་དང་ཡོན་ཏན་སོགས་ལས་དམན་བྱ་དམན་བྱེད་དམན་པ་དམན་ཅིག

ཡུལ་སོགས་ལ་དམིགས་བྱ་དམིགས་བྱེད་དམིགས་པ་དམིགས་ཤིག

འཛུམ་དམུལ་བྱ་དམུལ་བྱེད་དམུལ་བ་དམུལ་ཅིག

གྲིབ་སོགས་ཀྱིས་དམེ་བྱ་དམེ་བྱེད་དམེས་པ་དམེས་ཤིག

ཚིག་གིས་དམོད་བྱ་དམོད་བྱེད་དམོད་པ་དམོད་ཅིག

སྡུག་བསྔལ་སོགས་མྱང་བྱ་མྱོང་བྱེད་མྱངས་པ་མྱོངས་ཤིག

ཆང་སོགས་ཀྱིས་མྱོས་བྱ་མྱོས་བྱེད་མྱོས་པ་མྱོས་ཤིག

ཆུ་གཏིང་ནས་དངོས་རྫས་དམྱུག་བྱདམྱུག་བྱེད་དམྱུགས་པ་དམྱུགས་ཤིག

ཚ་བས་ལུས་སེམས་རྨྱ་བྱ་རྨྱ་བྱེད་རྨྱས་པ་

ཁྱིས་རྨུག་བྱརྨུག་བྱེད་རྨུགས་པརྨུགས་ཤིག

བལ་སོགས་རྨེལ་བྱ་རྨེལ་བྱེད་རྨེལ་བ་རྨེལ་ཅིག

ཞིང་སོགས་རྨོ་བྱ་རྨོད་བྱེད་རྨོས་པ་རྨོས་ཤིག

སྐྱོན་སོགས་སྨད་བྱ་སྨོད་བྱེད་སྨད་པ་སྨོད་ཅིག

འདོད་དོན་སོགས་ལ་སྨོན་བྱ་སྨོན་བྱེད་སྨོན་པ་སྨོན་ཅིག

ཁྱི་སོགས་སྨྱོ་བྱ་སྨྱོ་བྱེད་སྨྱོས་པ་

གཏམ་སོགས་སྨྲ་བྱ་སྨྲ་བྱེད་སྨྲས་པ་སྨྲོས་ཤིག

གཙགས་བུས་གཙག་བྱ་གཙག་བྱེད་གཙགས་པ་གཙོགས་ཤིག

མཆེ་བས་གཙིགས་བྱ་གཙིགས་བྱེད་གཙིགས་པ་གཙིགས་ཤིག

ཤིང་སོགས་གཙུབ་བྱ་གཙུབ་བྱེད་གཙུབས་པ་གཙུབས་ཤིག

གནོད་པས་གཙེ་བྱ་གཙེ་བྱེད་གཙེས་པ་གཙེས་ཤིག

བུ་སོགས་བཙའ་བྱ་བཙའ་བྱེད་བཙས་པ་

ཐུགས་རྗེས་བརྩེ་བྱ་བརྩེ་བྱེད་བརྩེ་བ་བརྩེ་ཞིག

བསླབ་པ་ལ་བརྩོན་བྱ་བརྩོན་བྱེད་བརྩོན་པ་བརྩོན་ཅིག

རྒྱུ་ནོར་སོགས་འཚག་བྱ་ཚགས་བྱེད་ཚགས་པ་ཚགས་ཤིག

རིང་ཐུང་སོགས་ཚད་བྱ་ཚད་བྱེད་ཚད་པ་ཚོད་ཅིག

གཡར་དངོས་སྐྱིན་པ་འཚབ་བྱ་འཚབ་བྱེད་འཚབས་པ་འཚོབས་ཤིག

ལས་ཀ་སོགས་ཚར་བྱ་ཚར་བྱེད་ཚར་བ་

བློ་ཡིད་སོགས་ཚིམ་བྱ་ཚིམ་བྱེད་ཚིམས་པ་

བདེ་སྡུག་སོགས་ཚོར་བྱ་ཚོར་བྱེད་ཚོར་བ་

ཚོགས་འདུ་འཚོག་བྱ་འཚོག་བྱེད་འཚོགས་པ་འཚོགས་ཤིག

སེམས་སོགས་འཚབ་བྱ་འཚབ་བྱེད་འཚབས་པ་

མེས་འཚིག་བྱ་འཚིག་བྱེད་ཚིག་པ་

ནང་དུ་འཚུད་བྱ་འཚུད་བྱེད་ཚུད་པ་

རླུང་དང་ཁ་བ་སོགས་འཚུབ་བྱ་འཚུབ་བྱེད་འཚུབས་པ་

རྐྱེན་ངན་སོགས་ཀྱིས་འཚེ་བྱེ་འཚེ་བྱེད་འཚེས་པ་

སེམས་སོགས་འཚེང་བྱ་འཚེང་བྱེད་འཚེངས་པ་

ལུས་སྲོག་སོགས་འཚོ་བྱ་འཚོ་བྱེད་འཚོས་པ་

བ་གླང་སོགས་འཚོ་བྱ་འཚོ་བྱེད་འཚོས་པ་འཚོས་ཤིག

དཔེ་དོན་སོགས་མཚོན་བྱ་མཚོན་བྱེད་མཚོན་པ་མཚོན་ཅིག

ཆུ་ཐིགས་སོགས་འཛག་བྱ་འཛག་བྱེད་ཟག་པ་

སྡིག་པ་སོགས་འཛད་བྱ་འཛད་བྱད་ཟད་པ་

ཆུད་འཛའ་བྱ་འཛའ་བྱེད་ཟོས་པ་

དགྲ་དང་འཛིང་བྱ་འཛིང་བྱེད་འཛིངས་པ་འཛིངས་ཤིག

ཞལ་འཛུམ་བྱ་འཛུམ་བྱེད་འཛུམས་པ་འཛུམས་ཤིག

ནང་དུ་འཛུལ་བྱ་འཛུལ་བྱེད་འཛུལ་བ་འཛུལ་ཅིག

ཐེམ་སྐས་སོགས་ལ་འཛེག་བྱ་འཛེག་བྱེད་འཛེགས་པ་འཛེགས་ཤིག

ཁ་སོགས་འཛེམ་བྱ་འཛེམ་བྱེད་འཛེམས་པ་འཛེམས་ཤིག

མགྲོན་པོ་སོགས་འཛོམ་བྱ་འཛོམ་བྱེད་འཛོམས་པ་འཛོམས་ཤིག

དོན་དང་གོ་བ་སོགས་འཛོལ་བྱ་འཛོལ་བྱེད་འཛོལ་བ་

བློ་གྲོས་དང་རྣམ་དཔྱོད་སོགས་མཛངས་བྱ་མཛངས་བྱེད་མཛངས་པ་མཛངས་ཤིག

གཞན་དོན་མཛད་བྱ་མཛད་བྱེད་མཛད་པ་མཛོད་ཅིག

ཚོགས་སོགས་རྫོགས་བྱ་རྫོགས་བྱེད་རྫོགས་པ་

ནད་མུག་སོགས་ཞི་བྱ་ཞི་བྱེད་ཞི་བ་

དྲི་བ་སོགས་ཞུ་བྱཞུ་བྱེད་ཞུས་པ་ཞུས་ཤིག

དཀའ་ངལ་ལ་ཞེད་བྱ་ཞེད་བྱེད་ཞེད་པ་

ཡོ་བྱད་སོགས་ལཞེན་བྱཞེན་བྱེད་ཞེན་པ་

བདེན་རྫུན་སོགས་ལ་གཞིག་བྱ་གཞིག་བྱེད་གཞིགས་པ་གཞིགས་ཤིག

རྟ་ལྕག་སོགས་ཀྱིས་གཞུ་བྱགཞུ་བྱེད་གཞུས་པ་གཞུས་ཤིག

ལས་ཀ་སོགས་ལ་གཞུག་བྱ་འཇུག་བྱེད་ཞུགས་པ་

འདས་པ་སོགས་སེམས་སུ་གཞེན་བྱགཞེན་བྱེད་གཞེན་པ་གཞེན་ཅིག

བཤེས་གཉེན་དམ་པ་སོགས་ལ་གཞེར་བྱ་གཞེར་བྱེད་གཞེར་བ་གཞེར་ཅིག

ཡུན་དུ་འཚོ་ཞིང་གཞེས་བྱ་གཞེས་བྱེད་གཞེས་པ་གཞེས་ཤིག

རྟ་ལས་གཞོལ་བྱ་གཞོལ་བྱེད་གཞོལ་བ་གཞོལ་ཅིག

མེ་ཏོག་སོགས་བཞད་བྱབཞད་བྱེད་བཞད་པ་

སྐྲ་སོགས་བཞར་བྱ་བཞར་བྱེད་བཞར་བ་བཞོར་ཅིག

ལམ་དུ་བཞུད་བྱབཞུད་བྱེད་བཞུད་པ་བཞུད་ཅིག

གདན་སོགས་ལ་བཞུགས་བྱ་བཞུགས་བྱེད་བཞུགས་པ་བཞུགས་ཤིག

ཐུགས་ལ་བཞེད་བྱ་བཞེད་བྱེད་བཞེད་པ་བཞེད་ཅིག

ཞལ་གྱིས་བཞེས་བྱ་བཞེས་བྱེད་བཞེས་པ་བཞེས་ཤིག

གདན་ཐོག་ནས་བཞེངས་བྱ་བཞེངས་བྱེད་བཞེངས་པ་བཞེངས་ཤིག

མེ་ཏོག་གི་ཁ་སོགས་ཟུམ་བྱ་ཟུམ་བྱེད་ཟུམ་པ་

འདི་སྐད་ཅེས་ཟེར་བྱ་ཟེར་བྱེད་ཟེར་བ་

གཡང་ནས་ཟག་བྱ་ཟག་བྱེད་ཟག་པ་

རྣ་བར་གཟན་བྱགཟན་བྱེད་གཟན་པ་

བྱ་བ་དང་མགྲོན་ལ་གཟབ་བྱ་གཟབ་བྱེད་གཟབས་པ་གཟོབས་ཤིག

བླ་གོས་སོགས་ཕྲག་པར་གཟར་བྱ་གཟར་བྱེད་གཟར་བ་གཟོར་ཅིག

དབྱུག་པ་སོགས་ཀྱིས་གཟས་བྱ་གཟས་བྱེད་གཟས་པ་གཟས་ཤིག

དྲིན་སོགས་གཟོ་བྱ་གཟོ་བྱེད་གཟོ་བ་གཟོ་ཞིག

ནད་སོགས་ཀྱིས་གཟིར་བྱ་གཟིར་བྱེད་གཟིར་བ་

སྤྱན་གྱིས་གཟིགས་བྱགཟིགས་བྱེད་གཟིགས་པ་གཟིགས་ཤིག

མནལ་གཟིམ་བྱགཟིམ་བྱེད་གཟིམས་པ་གཟིམས་ཤིག

སྣོད་སོགས་གཟེད་བྱ་གཟེད་བྱེད་བཟེད་པ་གཟེད་ཅིག

ཆང་གིས་བཟི་བྱ་བཟི་བྱེད་བཟི་བ་བཟི་ཞིག

ཡོ་བྱད་སོགས་བཟོ་བྱབཟོ་བྱེད་བཟོས་པ་བཟོས་ཤིག

སྡུག་བསྔལ་སོགས་བཟོད་བྱ་བཟོད་བྱེད་བཟོད་པ་བཟོད་ཅིག

འཇའ་ཚོན་སོགས་ཡལ་བྱ་ཡལ་བྱེདཡལ་བ་

ནགས་གསེབ་ཏུ་ཡིབ་བྱ་ཡིབ་བྱེད་ཡིབས་པ་ཡིབས་ཤིག

དུས་ཚོད་སོགས་ཡོལ་བྱ་ཡོལ་བྱེད་ཡོལ་བ་

མདའ་དར་སོགས་གཡབ་བྱ་གཡབ་བྱེད་གཡབས་པ་གཡོབས་ཤིག

ཅ་ལག་སོགས་གཡར་བྱ་གཡར་བྱེད་གཡར་བ་གཡོར་ཅིག

ལག་པ་སོགས་གཡུག་བྱ་གཡུག་བྱེད་གཡུགས་པ་གཡུགས་ཤིག

སེམས་སོགས་གཡེང་བྱ་གཡེང་བྱེད་གཡེངས་པ་

དགོས་དོན་སོགས་གཡེལ་བྱ་གཡེལ་བྱེད་གཡེལ་བ་གཡེལ་ཅིག

ཟས་སོགས་གཡོ་བྱ་གཡོ་བྱེད་གཡོས་པ་གཡོས་ཤིག

གོས་སོགས་ཀྱིས་གཡོག་བྱ་གཡོག་བྱེད་གཡོགས་པ་གཡོགས་ཤིག

བཀྲ་རྟགས་སོགས་ཤིས་བྱ་ཤིས་བྱེད་ཤིས་པ་ཤིས་ཤིག

སྐད་ཡིག་སོགས་ཤེས་བྱ་ཤེས་བྱེད་ཤེས་པ་

ཤིང་སོགས་གཤག་བྱ་གཤོག་བྱེད་གཤགས་པ་གཤོགས་ཤིག

གྲལ་སོགས་གཤིབ་བྱ་གཤིབ་བྱེད་གཤིབས་པ་གཤིབས་ཤིག

ཚིང་ངན་སོགས་གཤེ་བྱ་གཤེ་བྱེད་གཤེ་བ་གཤེ་ཞིག

ཆར་ཆུ་སོགས་ཀྱིས་གཤེར་བྱ་གཤེར་བྱེད་གཤེར་བ་གཤེར་ཅིག

ར་ལུག་སོགས་བཤའ་བྱ་བཤའ་བྱེད་བཤས་པ་བཤོས་ཤིག

སྣོད་སོགས་བཤལ་བྱ་བཤལ་བྱེད་བཤལ་བ་བཤོལ་ཅིག

པགས་པ་སོགས་བཤུ་བྱ་བཤུ་བྱེད་བཤུས་པ་ཤུས་ཤིག

ལག་པས་འགྲམ་པར་བཤུད་བྱ་བཤུད་བྱེད་བཤུད་པ་ཤུད་ཅིག

གདུང་བ་སོགས་ཀྱིས་བཤུམ་བྱ་བཤུམ་བྱེད་བཤུམས་པ་ཤུམས་ཤིག

ཤིང་སོགས་བཤུར་བྱ་བཤུར་བྱེད་བཤུར་བ་ཤུར་ཅིག

གཉེན་མགྲོན་སོགས་བཤོལ་བྱ་བཤོལ་བྱེད་བཤོལ་བ་ཤོལ་ཅིག

གཉིད་སོགས་སད་བྱ་སད་བྱེད་སད་པ་སད་ཅིག

མུན་སྒྲིབ་སོགས་སངས་བྱ་སངས་བྱེད་སངས་པ་སངས་ཤིག

ཞིང་ལ་ཆར་ཆུ་སོགས་སིམ་བྱ་སིམ་བྱེད་སིམས་པ་སིམ་ཞིག

རྣ་བ་སུན་བྱ་སུན་བྱེད་སུན་པ་སུན་ཅིག་

ཡང་རྩེར་སོན་བྱ་སོན་བྱེད་སོན་པ་

གསང་གཏམ་སོགས་གསང་བྱ་གསང་བྱེད་གསངས་བ་གསོངས་ཤིག

སྙན་ཞུ་སོགས་གསན་བྱ་གསོན་བྱེད་གསན་པ་གསོན་ཅིག

དྲིལ་བུ་གསིལ་བྱ་གསིལ་བྱེད་གསིལ་བ་གསིལ་ཅིག

ཞལ་ནས་གསུང་བྱ་གསུང་བྱེད་གསུངས་པ་གསུངས་ཤིག

རྡོ་ཤིང་སོགས་གསེ་བྱ་གསེ་བྱེད་གསེས་པ་གསེས་ཤིག

བལ་སོགས་གསེད་བྱ་གསེད་བྱེད་གསེད་པ་སེད་ཅིག

ཉམས་པ་སོགས་གསོ་བྱ་གསོ་བྱེད་གསོས་པ་གསོས་ཤིག

རལ་གྲི་གསོར་བྱ་གསོར་བྱེད་གསོར་བ་གསོར་ཅིག་

ཞུ་དོན་སོགས་གསོལ་བྱ་གསོལ་བྱེད་གསོལ་པ་གསོལ་ཅིག

དྲི་མ་སོགས་བསང་བྱབསང་བྱེད་བསངས་པ་སོངས་ཤིག

སྙིགས་མ་སོགས་ཆུས་བསིང་བྱ་བསིང་བྱེད་བསིངས་པ་བསིངས་ཤིག

ཞབས་སོགས་བསིལ་བྱ་བསིལ་བྱེད་བསིལ་བ་བསིལ་ཅིག

མགྲོན་པོ་སོགས་བསུ་བྱ་བསུ་བྱེད་བསུས་པ་བསུས་ཤིག

ཐར་པའི་གནས་སུ་བསླེབ་བྱ་སླེབ་བྱེད་བསླེབས་པ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།