ཁྱོད་ཀྱིས་བཏུང་བྱ་ཁུ་ནག་གི་གནོད་སྐྱོན་འདི་དག་ཤེས་སམ།
1704443381

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

གཟིགས་་་་

ཁམས་པའི་དཔལ་ཡོན།

དྭངས་གཙང་གི་དཀར་མཛེས། 














ཁྱོད་ཀྱིས་བཏུང་བྱ་ཁུ་ནག་གི་གནོད་སྐྱོན་འདི་དག་ཤེས་སམ།



གཅིག བཏུང་བྱ་ཁུ་ནག་གི་ནང་དུ་ཁ་ཧྥེན་ཡོད་པས་མང་པོ་འཐུངས་ན་སྙིང་ཁ་འཕར་ཤུགས་ཇེ་ཆེར་འགྲོ།གཉིས། བཏུང་བྱ་ཁུ་ནག་མང་པོ་འཐུངས་ན་དེའི་ནང་གི་རྫས་འགྱུར་དངོས་པོ་ལེམ་སྐྱུར་དང་དབྱང་གཉིས་ཐཱན་རྫས་ཞུ་ནས་སོ་རུལ་སླ་བ་ཡིན། གསུམ། བཏུང་བྱ་ཁུ་ནག་གི་ནང་དུ་མངར་ཆ་མང་བས་ཚོ་འབུད་སླ། དེ་བས་གཟུགས་བྱད་ལ་དོ་སྣང་བྱེད་མཁན་ཚོས་འཛེམ་ན་ལེགས།བཞི། བཏུང་བྱ་ཁུ་ནག་གིས་མངལ་འཁོར་བའི་སྦྲུམ་མར་གནོད་པ་བཟོ་བ་སྟེ།  བཏུང་བྱ་ཁུ་ནག་ནང་གི་ཁ་ཧྥེན་གྱིས་ཕྲུ་གུའི་ཀླད་པ་དང་སྙིང་སོགས་ལ་གནོད་འཚེ་ཆེན་པོ་བཟོས་ནས་ཕྲུ་གུ་ཡ་མ་གཟུགས་ཅན་སྐྱེ་བའམ་ལྷན་སྐྱེས་རང་བཞིན་གྱི་ནད་ཕོག་ཉེན་ཆེ།ལྔ། བཏུང་བྱ་ཁུ་ནག་བཏུང་རྒྱུར་དགའ་བའི་མིའི་རུས་པ་སོབ་སོབ་ཏུ་འགྱུར་ཚད་བཏུང་བྱ་ཁུ་ནག་མི་འཐུང་མཁན་ལས་ལྡབ5ཡིས་མཐོ། དེ་ནི་བཏུང་བྱ་ཁུ་ནག་ནང་གི་རྫས་འགྱུར་དངོས་པོ་ལེམ་སྐྱུར་གྱིས་ལུས་པོའི་འཚོ་བཅུད་ཀལ་བསྡུ་ལེན་བྱེད་པས་ཡིན།

དྲུག བཏུང་བྱ་ཁུ་ནག་མང་པོ་འཐུངས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེན་པོ་བཟོ་བས། རབ་ཡིན་ན་ནམ་རྒྱུན་བཏུང་བྱ་ཁུ་ནག་མ་འཐུངས་ན་བཟང་ལ།  འཐུང་ནའང་ཚད་དང་རན་པ་བཏུང་རྒྱུ་དེ་ཤིན་ཏུ་གལ་ཆེ།













ལྟ་སྐུལ་བ།ཧོར་རྒྱ་མཚོ།

རྩོམ་འགན་པ།དོན་འགྲུབ།ཆོས་གྲགས།

རྩོམ་སྒྲིག་པ་བློ་ཐུབ་བསྟན།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།