དངོས་པོའི་རང་བཞིན་དང་ཆོས་ཉིད།物性•规律 | |
བོད་ཀྱི་གཏམ་དཔེ། 谚语 | རྒྱ་ཡིག་དོན་འགྲེལ། 释义(语近) |
མི་ལ་སྐྱོན་མེད་པ་དང་། ཤིང་ལ་འཛེར་པ་མེད་པ་མེད། (མི་ཞིག་ལ་སྐྱོན་གང་ཡང་མེད་པ་དང་ཤིང་ཞིག་ལ་འཛེར་པ་གཅིག་ཀྱང་མེད་པ་ནི་ཡོང་མི་སྲིད་པའི་དཔེ) | 没有无缺点的人,没有无疖疤的树。 喻:一个人不可能完美无缺,树木不可能直而又直。语近“人无完人,金无足赤”。 |
འཕྱི་བ་སུག་ལག་ཐུང་ཡང་བྲང་འོག་གི་རྩྭ་མི་ཤོར། རྔ་མོང་སྐེ་ཚིགས་རིང་ཡང་ལ་རྒྱབ་ཀྱི་རྩྭ་མི་རག (ཐུང་(ངན)ཡང་གོ་ཆོད་པ་དང་རིང་(བཟང་)ཡང་ཁྱད་དུ་འཕགས་པ་ཡོང་རྒྱུ་མེད་པའི་དཔེ) | 旱獭爪短,能刨净身边草;骆驼颈长,吃不着山后草。 喻:各有所长,各有所短。语近“尺有所短,寸有所长”。 |
བོང་བུའི་བཀོད་པ་གཡག་ལ་མི་འགྲོ། ཤིང་གི་སོག་ལེ་ཤིང་ལ་མི་འགྲོ། (དངོས་པོ་གཅིག་ལ་རན་པའམ་འོས་པ་དེ་གཞན་ཞིག་ལ་སྤྱོད་མི་རུང་བའི་དཔེ) | 使驴的办法用不到牛上,木制的锯子锯不断木头。 喻:适用于一种事物的方法,对另外一种就不适用。 |
བྱ་བ་བཟང་ངན་གང་སྒྲུབ་ཀྱང་། དེ་ལ་དེ་བཞིན་འབྲས་བུ་ཐོབ། (རང་གིས་བཟང་ངན་གང་བྱས་པའི་འབྲས་བུ་ཡང་དེ་ལྟར་ཡོང་བའི་དཔེ) | 不论为善为恶,会有相应结果。 喻:做了什么样的事,就得到什么样的结果。语近“种梨不生桃,种瓜不得豆”。 |
མི་གཅིག་ཡོང་ན་ཆུང་ནས་ཡོང་། རྟ་གཅིག་ཡོང་ན་རྟེའུ་ནས་ཡོང་། (མི་རང་རང་གི་ངོ་བོ་བྱིས་པའི་སྐབས་ནས་མཚོན་པའི་དཔེ) | 人自小时看,马从驹时瞧。 喻:从小时的表现就可预见成人后的作为。语近“三岁看大,七岁看老”。 |
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། སྐལ་བཟང་ཆོས་གྲགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
