ཁྲག་ཚིལ་མཐོ་བའི་ནད་པས་བྱ་སྤྱོད་འདི་དག་ལ་མཉམ་འཇོག་དགོས།
1724722952
འབྲེལ་ཡོད་སྙན་ཞུ་ལས་གསལ་བར། རང་རྒྱལ་གྱི་ལོ18དང་དེའི་ཡན་གྱི་གྲོང་མིར་ཚིལ་མང་ཁྲག་ནད་ཕོག་ཚད35.6%ཟིན་པ་དེ། དར་མ3ནས4རེའི་ནང་ཁྲག་ཚིལ་མཐོ་བའི་ནད་པ1ཡོད་པ་དང་། ཁྲག་ཚིལ་མཐོ་བའི་དབང་གིས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཕོག་པའི་ནད་པ་དང་དེ་བཞིན་ན་ཚ་གཞན་དག་ཕོག་མཁན་ཡང་མི་ཉུང་བ་ཞིག་ཡོད།

ཚད་ལྡན་གྱིས་སྨན་བཅོས་བྱེད་པ་ཕུད། ཚན་རིག་དང་མཐུན་པའི་བཟའ་བཅའ་དོ་དམ་གྱིས་ནད་པའི་ཁྲག་ཚིལ་གྱི་ཚད་གཞི་ཚོད་འཛིན་ནུས་ལྡན་དང་བདེ་ཐང་ལ་སྲུང་སྐྱོང་ཐུབ་རྒྱུ་རེད། ཀྲུང་གོ་རྒན་རྒོན་བདེ་སྲུང་མཐུན་ཚོགས་བཟའ་བཅའ་མཛུབ་ཁྲིད་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ལི་ཝུའེ་ཡིས་དེའི་ཐད་གྲོས་མགོ་བཏོན་པ་གཤམ་གསལ་ལྟར་ཡིན།
ཁྲག་ཚིལ་མཐོ་བའི་ནད་པས་མང་ཙམ་བཟའ་དགོས་པའི་ཟས་རིགས་གང་དག་ཡོད་དམ་ཞེ་ན།
1.སྔོ་ཚལ།
ཁྲག་ཚིལ་མཐོ་བའི་ནད་པས་ཉིན་རེར་སྔོ་ཚལ་འདང་ངེས་ཤིག་བཟའ་དགོས་ཤིང་། སྤྱི་འབོར་ཁེ500ལས་མི་ཉུང་བ་བཟའ་དགོས། ཆིན་ཚལ་དང་སྒ་སྨུག ཤ་མོ། ཧྲན་ཡའོ། སྨུག་ཚལ། མོག་རོ་ནག་པོ། ལ་ཕུག་དཀར་པོ། ཧའེ་ཏའེ་སོགས་སྔོ་ཚལ་ལ་བཟའ་བཅའི་ཚི་སྣ་འདུས་ཡོད་པས། མཁྲིས་རྒྱུ་གཤེར་རྩིའི་ཚད་གཞི་དམའ་རུ་གཏང་རྒྱུར་ཕན་པ་ཡོད་ཅིང་། གང་དེ་ནི་གསོལ་ལྕོག་ཐོག་གི་གདམ་ག་ཡག་ཤོས་ཤིག་ཡིན།
2.ཤིང་འབྲས།
སིལ་ཏོག་ནང་གི་འཚོ་རྒྱུCདང་ཚི་སྣ་རྩིང་པོས་ཚིལ་ཉུང་དུ་གཏང་རྒྱུར་ཕན་པ་ཡོད། སྐྱུ་རུ་དང་ཀུ་ཤུ་སོགས་ཤིང་ཏོག་བྲོ་བ་ཞིམ་པར་མ་ཟད། ཁྲག་ཚིལ་སྙོམས་སྒྲིག་བྱེད་པར་ཡང་ཕན་པ་ཡོད། ཉིན་རེར་ཤིང་ཏོག་ཁེ200ནས350བར་བཟའ་དགོས་པ་དང་། སྣ་མང་ཅན་གྱི་གདམ་གར་བརྟེན་ནས་འཚོ་བཅུད་མང་པོ་ཐོབ་པ་བྱ་དགོས།  
3.སྲན་རིགས་དང་འབྲུ་རིགས་རྩིང་པོ།
འབྲས་ནག་པོ་དང་ཨ་འབྲུམ། ཁྲེ་ཆུང་། སྲན་དམར། མ་རྨོས་ལོ་ཏོག་སོགས་ནང་རྩི་ཤིང་གི་སྤྲི་དཀར་དང་ཞུ་རུང་བའི་ཚི་སྣ་འདུས་ཡོད་པས། ཁྲག་ཚིལ་སྙོམས་སྒྲིག་བྱེད་པར་ཕན་པ་ཡོད། དེ་དང་ཆབས་ཅིག འབྲུ་རིགས་རྩིང་པོའི་ཁྲོད་ཀྱི་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཀྱི་བྱེད་ནུས་ཀྱི་བཟུང་ཚད50%ལས་དམའ་མི་རུང་། དེ་ནི་བདེ་ཐང་བཟའ་བཏུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན།  
4.Omega-3ཚིལ་སྐྱུར་འདུས་པའི་ཟས་རིགས།
མཚོ་ཟས་དཔེར་ན་ཞུའེ་ཡུས་ཉ་དང་ཆིའུ་ཏའོ་ཉ། སན་ཝུན་ཉ་སོགས་ནངOmega-3ཚིལ་སྐྱུར་འདུས་ཡོད་པས། མངར་སྣུམ་ཐེན་སུམ་དངLDLམཁྲིས་རྒྱུ་གཤེར་རྩིའི་ཚད་གཞི་དམའ་རུ་གཏང་ཐུབ། དེ་མིན། སྟར་ཁ་དང་མངར་ཁམ་སོགས་ཤུན་མཁྲེགས་ཤིང་ཏོག་ལའང་ཚད་མ་ལོངས་པའི་ཚིལ་སྐྱུར་ཡག་པོ་འདུས་ཡོད། འོན་ཀྱང་འོས་འཚམ་བཟའ་རྒྱུར་དོ་སྣང་གནང་དགོས།
ཁྲག་ཚིལ་མཐོ་བའི་ནད་པས་ཟས་རིགས་གང་དག་བཟའ་ཚད་ཉུང་དུ་གཏང་དགོས་སམ་ཞེ་ན།
1.མཁྲིས་སྤྲིར་མཐོ་བའི་ཟས་རིགས།

ཁྲག་ཚིལ་མཐོ་བའི་ནད་པས་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས་བཟའ་རྒྱུར་ཚོད་འཛིན་གནང་དགོས། དཔེར་ན་བྱ་དེའི་མཆིན་པ་དང་བ་ཕྱུགས་ཀྱི་མཁལ་མ་སོགས་སྲོག་ཆགས་ཀྱི་ནང་ཁྲོལ་ལྟ་བུའོ། ཨ་རིའི་སྙིང་ཁམས་མཐུན་ཚོགས་ཀྱི་མཛུབ་སྟོན་ལྟར་ན། མཁྲིས་རྒྱུ་གཤེར་རྩི་བསྡུ་ལེན་བྱེད་ཚད་ལ་ཚོད་འཛིན་གནང་ཐུབ་ཚེ། ཁྲག་ཚིལ་མཐོ་བའི་ནད་གཞི་ཚོད་འཛིན་ཐུབ་རྒྱུར་ཕན་པ་ཡོད།  

2.ཚད་ལོངས་ཚིལ་འདུས་པའི་ཟས་རིགས།
ཤ་རིགས་ཁག་གཅིག(དཔེར་ན་ཚིལ་མང་བའི་ཕག་ཤ་ལྟ་བུ)དང་ཞག་ཚི་ལྡན་པའི་འོ་བཟོས་ཐོན་རྫས་ལ་ཚད་ལོངས་ཞག་ཚིལ་འདུས་ཡོད་པས། དེ་མཆོད་ཚད་མང་དྲགས་ཚེ་ཁྲག་ནང་གི་མཁྲིས་རྒྱུ་གཤེར་རྩི་མང་དུ་འགྲོ་སྲིད། ཟས་རིགས་དེ་རིགས་མཆོད་ཚད་ཉུང་དུ་གཏང་དགོས་པ་དང་། ཤ་སྣག་དང་ཉ་རིགས་སོགས་སྤུས་ལེགས་ཀྱི་སྤྲི་དཀར་རྫས་འདེམས་དགོས། 
3.མངར་ཆ་མང་བའི་ཟས་རིགས།
མངར་ཆ་མང་བའི་བཟའ་བཏུང་གིས་ཁྲག་ཧྭགས་ཇེ་མཐོར་འགྲོ་བ་མ་ཟད། ད་དུང་རྨེན་གཤེར་རྩི་རྒྱུ་འགོག་ནུས་ཤོར་ནས། ཁྲག་ཚིལ་རྒྱུན་ལྡན་ལྟར་ཚབ་བརྗེ་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། ཁྲག་ཚིལ་མཐོ་བའི་ནད་པས་བྱེ་རིལ་དང་མངར་ཟས། བཏུང་བྱ་མངར་མོ་སོགས་མངར་ཆ་མང་བའི་ཟས་རིགས་བཟའ་རྒྱུར་ཚོད་འཛིན་གནང་དགོས་པ་དང་། མངར་ཆ་འདུས་ཚད་ཉུང་བའམ་མངར་ཆ་མེད་པའི་ཟས་རིགས་ཀྱི་བསྡུར་ཚད་མང་དུ་གཏང་དགོས།  
ཆེད་མཁས་པས་བཟའ་བཏུང་སྙོམས་སྒྲིག་བྱེད་པ་ཕུད། ཁྲག་ཚིལ་མཐོ་བའི་ནད་པས་ད་དུང་འགུལ་སྐྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ། ཐ་མག་གཅོད་པ། ཆང་གཅོད་པ་སོགས་བྱས་ནས། ཁྲག་ཚིལ་གྱི་ཚད་གཞི་ཁྱོན་ཡོངས་ནས་ལེགས་བཅོས་བྱ་དགོས་པ་དང་། དུས་བཅད་ལྟར་ཁྲག་ཚིལ་ལ་བརྟག་དཔྱད་བྱས་ཏེ། རང་གི་ཁྲག་ཚིལ་གྱི་གནས་ཚུལ་ལ་ཤེས་རྟོགས་བྱ་དགོས་པར་མ་ཟད། སྨན་པའི་མཛུབ་སྟོན་འོག་དགོས་ངེས་ཀྱི་སྨན་བཅོས་བྱ་དགོས་པའི་གྲོས་མགོ་བཏོན་འདུག 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། 

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། དོན་འགྲུབ་ཕུན་ཚོགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།