གོམས་གཤིས་འདིས་རུས་པ་ཇེ་སོབ་ནས་ཇེ་སོབ་ཏུ་གཏོང་སྲིད།
1749521274

    ཀལ་ཁ་གསབ་བྱ་ཆེད་མི་མང་པོ་ཞིག་གིས་རུས་ཐང་འཐུང་བ་དང་ཀལ་ལེབ་ཟ་བ། ཉི་མར་སྲོ་བ་ལ་སོགས་པའི་བྱ་ཐབས་སྣ་ཚོགས་ཚོད་ལྟ་བྱེད་མྱོང་མོད། འོན་ཀྱང་དོན་དམ་པར་མི་རྣམས་ཀྱིས་འཚོ་བའི་ཁྲོད་རྒྱུན་པར་བསྒྲུབ་པའི་དོན་དག་ཆུང་ཆུང་འདིས་ཀལ་ཁ་གསབ་ཐུབ་རྒྱུ་ལྟ་ཞོག་དེ་ཀས་ལྡོག་སྟེ་རུས་པ་ཇེ་སོབ་ནས་ཇེ་སོབ་ཏུ་གཏོང་གི་ཡོད།


ཚ་ཡིས་ཁྱེད་ཀྱི་རུས་པ་“གཏོར་”བཞིན་མཆིས།


     ཞིབ་འཇུག་གི་མཇུག་འབྲས་མང་པི་ཞིག་ལས་ཚད་ལས་བརྒལ་བའི་ཚ་ཟོས་པ་དང་རུས་གཞི་སོབ་སོབ་ཏུ་གྱུར་བ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོར་བསྟན་ཡོད།


     དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་། ཞིབ་འཇུག་པས་ཚ་ཚད་ལས་བརྒལ་བ་ཟོས་ན་ཙི་གུའི་གཅིན་པའི་ཁྲོད་ཀལ་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བ་ཤེས་རྟོགས་བྱུང་བས། ཚན་རིག་པས་ཐོག་མར་ནཱ་གྱེས་རྡུལ་ཕལ་ཆེར་རུས་གཞི་སོབ་སོབ་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཞུགས་ཡོད་པ་བཏོན་ཡོད།


     གཅིག་མཚུངས་ཀྱི་དོན་དག་དེ་མིའི་ལུས་སྟེང་དུའང་བྱུང་ཡོད། 2024ལོར་ཟླ་མཚན་ཟད་པའི་བུད་མེད་383ལ་དམིགས་པའི་ཞིབ་འཇུག་ཞིག་ལས་ཤེས་རྟོགས་བྱུང་བར། ཚྭ་ཉུང་ཉུང་ཟ་བའི་ཚོ་ཆུང་དང་བསྡུར་ན། ཚྭ་མང་པོ་ཟ་བའི་ཚོ་ཆུང་ཁྲོད། རུས་སོབ་ནད་དང་ཚིགས་རུས་ཆག་པ། ཀལ་མཐོ་གཅིན་སོགས་དམིགས་ཚད་6གི་ནད་ཕོག་ཚད་མངོན་གསལ་གྱིས་མང་དུ་ཕྱིན་ཡོད།


     གཞན་ཡང་། ཚྭ་ཟ་རྒྱུ་མང་དྲགས་ན། ཀལ་གཅིན་དང་འགྲོགས་ནས་ཤོར་འགྲོ་ཁར། ད་དུང་རུས་རྐང་ལ་གནོད་སྐྱོན་ཐེབས་སྲིད། རྒྱུ་མཚན་ནི་ཚྭའི་ཁྲོད་ཀྱི་ནཱ་གྱེས་རྡུལ་དང་རུས་རྐང་གི་ཀལ་གྱེས་རྡུལ་ནི་གཅིག་མཚུངས་གནས་ཐབས་བྲལ་བའི་དབང་གིས་རེད།



མི་མང་པོ་ཞིག་གི་ཚྭ་བཟའ་ཚད་ཚད་ལས་བརྒལ་ཡོད།


     ༼ཀྲུང་གོའི་གྲོང་མིའི་བཟའ་བཅའི་མཛུབ་སྟོན༽གྱི་པར་གཞི་གསར་ཤོས་ནང་། ཉིན་རེའི་ཚྭ་བཟའ་ཚད་ཁེ་5ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་ཞེས་པའི་གྲོས་འགོ་བཏོན་ཡོད་མོད། འོན་ཀྱང་དོན་དམ་པར་ཀྲུང་གོ་བའི་ཆ་སྙོམས་ཚྭ་བཟའ་ཚད་ཁེ་10.5བར་སླེབས་ཡོད།


     བསྡོམས་རྩིས་ཁྲོད་ཚད་ལས་བརྒལ་བའི་ཚྭ་ནི་དོན་དམ་པར་ནཱ་ཡིན་པ་རེད། དེར་འབྱུང་ཁུངས་སྣེ་མང་ཡོད། དཔེར་ན་མི་མང་པོས་ཟ་མ་བཟོ་སྐབས། ཚྭ་ཉུང་ཙམ་དང་སྲན་སྣུམ་ཉུང་ཙམ། ཉ་སོག་གི་ཚི་ལུ་ཉུང་ཙམ་བཅས་བླུགས་རྒྱུར་དགའ་བ་དང་། མཇུག་མཐར་ནཱ་ཧ་ཅང་མང་པོ་ཟོས་ཟིན་ཡོད།



     དྲན་སྐུལ་ཞུ་རྒྱུ་ཞིག་ནི། རྒན་རྒོན་ནི་ཚྭ་བཟའ་ཚད་ཚད་ལས་བརྒལ་མཁན་གྱི་ཚོགས་སྤྱི་ཞིག་ཡིན། ལོ་ན་ཆེ་རུ་འགྲོ་བ་དང་བསྟུན་ནས། མིའི་རོ་འཛིན་དང་ཤེས་ཚོར་ཡང་ཉམས་ཞན་དུ་འགྲོ་བཞིན་ཡོད།


     མིའི་རོ་འཛིན་ལོ་60ནས་བཟུང་རིམ་བཞིན་ཉམས་འགྲོ་བཞིན་ཡོད། ལོ་60ཡན་གྱི་རྒན་རྒོན་གྱིས་བཟའ་བྱའི་ཚྭ་དང་མངར་ཆ་ཤེས་ཚོར་གྱི་མཚམས་ཐང་ལོ་20ནས་40ཡི་བར་གྱི་མི་ལས་ལྡབ་1.5ནས་2.2ལས་མཐོ་བ་ཡོད་ཅིང་། ལོ་70ཡན་གྱི་རྒན་རྒོན་ཉམས་ཞན་དུ་འགྱུར་ཚད་དེ་བས་མངོན་གསལ་དོད་པོ་ཡོད།


     ཟས་རིགས་ལ་བྲོ་བ་ལྡན་ཆེད། རྒན་རྒོན་ལ་ལས་རང་ཚོད་མི་ཟིན་པར་ཚྭ་ཡང་སྣོན་བསྐྱར་སྣོན་བྱེད་བཞིན་ཡོད། ཚད་ལས་བརྒལ་བའི་ཚྭ་ཡིས་རྒན་རྒོན་གྱི་ཀལ་ཤོར་ཚད་ཇེ་མགྱོགས་སུ་སོང་བ་མ་ཟད། རུས་པ་ཆག་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ལ། ད་དུང་མཆིན་པ་དང་མཁལ་མའི་རྙིང་ཚབ་གསར་བརྗེའི་ཁུར་པོ་ལྕི་རུ་བཏང་ཞིང་། སྙིང་གི་ནུས་པར་གནོད་འཚེ་གཏོང་གི་ཡོད།


རྒྱུན་ལྡན་འཚོ་བའི་ཁྲོད་ཇི་ལྟར་ཚྭ་ཚོད་འཛིན་བྱེད་དགོས་སམ།


ཁྱིམ་ཚང་གི་བཟའ་བྱའི་ཚྭ་ཟ་ཚད་ལ་དཔྱད་དཔོག་བྱེད་པ།


     ཚྭ་ཉོ་ཐེངས་རེར་ཚྭ་ཁུག་གི་སྟེང་དུ་ཉོ་དུས་ཀྱི་ཟླ་ཚེས་འབྲི་བ་དང་། ཚྭ་ཁུག་གཅིག་ཟོས་ཚར་བའི་དུས་ཚོད་ལྟར་ཉིན་རེར་མེ་རེས་ཚྭ་ག་ཚོད་ཟོས་པ་རྩིས་རྒྱག་དགོས། བསྡོམས་རྩིས་ཀྱི་མཇུག་འབྲས་ཐོན་རྗེས། དེ་གཞིར་བཟུང་ཁྱིམ་ཚང་གི་དུས་འཁོར་རང་བཞིན་གྱི་ཚྭ་ཉུང་གཏོང་དམིགས་ཡུལ་བཟོ་ཆོག


     ཚྭ་ཚོད་འཛིན་ཁེམ་བུ་དང་ཚྭ་ཚོད་འཛིན་བླུགས་སྣོད་བྱེད་ཐབས་ཡག་པོ་ཞིག་ཡིན་ཏེ། ཚྭ་བཟའ་ཚད་ཕལ་ཆེར་དཔྱད་དཔོག་བྱེད་ཐུབ་པ་མ་ཟད། ཚྭ་ཉུང་དུ་གཏོང་དགོས་པའི་དྲན་སྐུལ་བྱེད་ཐུབ།



ཚྭ་འདུས་པའི་བྲོ་རྫས་ཉུང་དུ་གཏོང་བ།


     སྲན་སྣུམ་དང་ཉ་སོག་གི་ཚི་ལུ། བྱ་རྩི་སོགས་བྲོ་རྫས་སྣ་ཚོགས་ཁྲོད་དུ་ཚྭ་མི་ཉུང་བ་འདུས་ཡོད་པས། ཟ་མ་བཟོ་སྐབས་བྲོ་རྫས་རིགས་གཉིས་སམ་རིགས་གཉིས་ཀྱི་ཡན་བསྐྱར་ཟློས་ངང་བེད་མ་སྤྱད་ན་ལེགས།



ནཱ་འདུས་ཚད་ཉུང་བའི་ཚྭ་བེད་སྤྱོད་པ།


     མཁལ་མའི་བྱེད་ནུས་རྒྱུན་ལྡན་ཡིན་ན། ནཱ་འདུས་ཚད་ཉུང་བའི་ཚྭ་ཡིས་ཚྭ་ཕལ་པའི་ཚབ་བྱེད་ཆོག


     ཚྭ་ཕལ་པར་གོམས་པའི་མི་ལ་མཚོན་ན། ནཱ་འདུས་ཚད་ཉུང་བའི་ཚྭ་སྤྱོད་སྐབས་ཚྭའི་བྲོ་བ་རྒྱུན་ལྡན་ལྟར་མེད་པས་མང་ཙམ་བླུགས་སྲིད། དེས་ན་སྔོན་ལ་ཚྭ་ཉུང་བའི་ཟས་རིགས་བཟའ་བར་གོམས་སུ་བཅུག་རྗེས་ད་གཟོད་ནཱ་འདུས་ཚད་ཉུང་བའི་ཚྭ་ལ་བརྗེ་ན་འོས་ཤིང་འཚམ།


“རྒྱུན་ལྡན། ཚྭ་ཉུང་བ། ཚྭ་མེད་ཟ་མ།” བཅས་འཁོར་སྐྱོད་ཀྱི་ཚྭ་ཉུང་གཏོང་བྱ་ཐབས།


     ལུས་པོའི་ལྗིད་ཚད་དམའ་རུ་གཏོང་སྐབས་ཟས་གཅོད་པ་དང་འདྲ་བར། ཚྭ་ཉུང་དུ་གཏོང་སྐབས་ཀྱང་“རྒྱུན་ལྡན། ཚྭ་ཉུང་བ། ཚྭ་མེད་ཟ་མ”བཅས་འཁོར་སྐྱོད་བྱེད་པའི་བྱ་ཐབས་སྤྱོད་ཆོག


     གཟའ་མཇུག་གི་ཉིན་གཅིག་ལ་ཚྭ་མེད་ཟས་རིགས་བཟའ་བ་དང་། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར་དུ་ཚྭ་ཉུང་བའི་ཟས་རིགས་བཟའ་བའམ་མངག་སྐྱེལ་ཟས་རིགས་ཆུའི་ནང་བཤལ་ནས་ཚྭ་ཉུང་དུ་གཏོང་བ། གཟའ་ཕུར་བུ་ནས་གཟའ་པ་སངས་བར་རྒྱུན་ལྡན་ལྟར་ཟ་མ་བཟའ་བ། དེ་ལྟར་འཁོར་སྐྱོད་བྱས་ན། རིམ་བཞིན་ཟས་རིགས་ཀྱི་ཚྭ་མེད་བྲོ་བ་དངོས་ལ་དགའ་པོར་འགྱུར་སྲིད།



དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཏོང་སྦྱོར་ལྟེ་གནས།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། 

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། དོན་འགྲུབ་ཕུན་ཚོགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།