༄༅།།དམངས་སྲོལ་དང་རང་བྱུང་མཉམ་འབྲེལ་བྱེད་པའི་མི་ཉག་མེ་ཏོག་གི་རྒྱལ་མཚོ།
1566187011

   དུས་ཚིགས་འདི་མཐོ་སྒང་ལ་མཚོན་ན་ཆེས་མཛེས་པ་དང་དྲོད་ཚོད་ཆེས་འཚམ་པའི་དུས་ཚིགས་ཞིག་ཡིན་པ་རེད། དབྱར་ཟླ་བརྒྱད་པར་མཐོ་སྒང་གི་ཡུལ་གྲུ་སོ་སོར་སྔོ་ལྗོངས་མེ་ཏོག་བཞད་ཞིང་། མེ་ཏོག་གི་ཞིང་ཁམས་ལྟར་གྱུར་ཡོད་པ། དར་མདོ་རྫོང་སྐྱ་གད་ཤང་དུ་གནས་པའི་མི་ཉག་མེ་ཏོག་རྒྱལ་མཚོའི་ཞེས་པའི་ཡུལ་ལྗོངས་ཁུལ་དུའང་མཛེས་སྡུག་ཡིད་དབང་འཕྲོག་པའི་མེ་ཏོག་སྣ་མང་བཞད་དེ་ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཡིད་དབང་དབང་མེད་འཕྲོག་པ་གྱུར།

   སྐྱ་གད་ལུང་པ་ནི་དར་མདོ་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་གནས་ཡོད་ལ། གནམ་གཤིས་ཆ་འཚམ་ལ།ཁྱད་ཆོས་ལྡན་པའི་མཐོ་སྒང་མཛེས་ལྗོངས་དང་མི་ཉག་རིག་གནས་ཀྱིས་ཕྱུག་པས། ཤང་གྲོང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ཡོད་ཞིང་། འཛམ་གླིང་གི་འོ་སེ་མེ་ཏོག་གི་ཕ་ས་དང་མི་ཉག་དག་པའི་ཞིང་ཁམས་ཞེས་པའི་མཚན་སྙན་སོགས་ལྡན་པའི་མི་ཉག་སྐྱ་གད་ལུང་པ་ལམཚོན་ན་དུས་ཚིགས་འདི་ནི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཞིག་ཡིན་ལ། ཡུལ་སྐོར་བའང་ཆེས་མང་བའི་རྫོགས་ལྡན་དུས་ཆེན་ཞིག་ཀྱང་ཡིན་པ་རེད།ཡུལ་འདིའི་མེ་ཏོག་གི་ལྡུམ་ར་འདིའི་ནང་ཕྱིན་དུས་ཁྱབ་རྒྱ་ཆེ་བར་སྐལ་བཟང་མེ་ཏོག་འདེབས་ཡོད་པས།སྐལ་བཟང་མེ་ཏོག་འཚང་ཚིང་དུ་བཞད་ལ་མཛེས་སྡུག་རྣམ་པ་བཀྲ་བ། ཡུལ་སྐོར་བ་ཚོས་ཀྱང་རང་གི་པར་ཆས་ཁྱེར་ནས་མཛེས་སྡུག་ལྡན་པའི་མེ་ཏོག་ར་བའི་ནང་དུ་མེ་ཏོག་དང་མཉམ་དུ་པར་ཅི་དགའ་ལེན་ཞིང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་མྱོང་རོལ་བྱེད་བཞིན་ཡོད་པ་རེད །

    ༢༠༡༨ལོར། སྐྱ་གད་ཤང་གིས་སྔར་ནས་སྐྱེས་ཁམས་ཡུལ་སྐོར་དང་ངལ་གསོ་བྱེད་ཡུལ་མཉམ་འབྲེལ་བྱེད་པའི་སྐྱེས་ཁམས་གླིང་ཁུལ་ཞིག་འཛུགས་སྐྲུན་བྱེད་པའི་འདུ་ཤེས་བརྟན་པོ་བཟུང་ནས། མ་དངུལ་སྒོར་དུང་ཕྱིར་སུམ་བརྒྱ་གཏོང་འཇོག་བྱེད་དེ་མི་ཉག་ས་ཁུལ་དུ་མུའུ་༡༠༨ལྷག་ཡོད་པའི་ཁྱད་ཆོས་ལྡན་པའི་མེ་ཏོག་ལྡུམ་ར་འདི་འཛུགས་སྐྲུན་བྱེད་ལ།ད་སྔར་མེ་ཏོག་ལྡུམ་ར་འདི་ནི་ཡུལ་སྐོར་བ་ཚོས་ཆེས་དགའ་བསུ་ཐོབ་པ་དང་དྲ་ཐོག་ཆེས་སྐད་གྲགས་ཆེ་བའི་མེ་ཏོག་ལྟུམ་ར་ཞིག་ཏུ་གྱུར་ཡོད་པར་རེད།

    གནས་མཆོག་མི་ཉག་དེ་རྒྱལ་ཡོངས་བོད་ཀྱི་མི་ཉག་རིག་གནས་བརྗོད་བྱ་གཙོ་བོ་བྱེད་པའི་ཡུལ་སྐོར་གླིང་ཁུལ་ཨང་དང་པོ་དང་དཀར་མཛེས་ཁུལ་ཐེངས་དང་པོའི་དམངས་སྲོལ་དང་རང་བྱུང་མཉམ་འབྲེལ་བྱེད་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན་ལ། ད་ལྟའི་མི་ཉག་མེ་ཏོག་གི་རྒྱལ་མཚོ་ཞེས་པའི་མཛེས་ལྗོངས་ཀྱིསགནས་མཆོག་མི་ཉག་དེ་དེ་ལ་མཛེས་པ་བྱེད་ཡོད་ཞིང་།  ཡུལ་སྐོར་བ་དེ་ལས་ཇེ་མང་བ་གྱུར་ཡོད་པས། ཡུལ་དེའི་མང་ཚོགས་ཡོངས་ཀྱི་འཚོབ་བའི་སྤུས་ཚོད་དང་འཚོ་བའི་ཡོང་སྒོར་ཚང་མར་སྔོན་དང་བསྡུར་ན་གྱུར་བ་ཆེན་པོ་བྱུང་ཡོད་ལ།གནས་མཆོག་མི་ཉག་གི་མཚན་སྙན་ཡང་ཇེ་ཆེ་རུ་གྱུར་ཡོད་པ་རེད།

རྩོམ་སྒྲིག་འགན་ཁུར་བ། ཆོས་གྲགས།

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།  

རྩོམ་སྒྲིག་པ། པདྨ་ཆོས་མཚོ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།