༅།།རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་གཞི་སྟེ་ཁྲོན་བོད་ལྕགས་ལམ་ལམ་རྒྱུད་ཀྱི་གལ་ཆེན་ལས་གཞི་འཛུགས་སྐྲུན་འཆར་འགོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།
1602733030
ཡོངས་ཁུངས།: 

ཉེ་ཆར།  རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་གཞི་སྟེ་ཁྲོན་བོད་ལྕགས་ལམ་ལམ་རྒྱུད་ཀྱི་གལ་ཆེན་ལས་གཞི་འཛུགས་སྐྲུན་འཆར་འགོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་ཞིང་།   གཙོ་བོ་རང་ཁུལ་དུ་རྟོག་ཞིབ་ཡོང་བའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྩད་ཨུ་ཡོན་ལྷན་ཚོགས་ཆེད་མཁས་ཚོ་ཆུང་གི་ཆེད་མཁས་པ་དག་གི་བསམ་འཆར་ལ་ཉན་རྒྱུ་དེ་ཡིན་པ་རེད། ཁུལ་ཨུ་ཧྲུའུ་ཅི་ལུའུ་ཁྲེན་མིང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་འདྲི་རྩད་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རན་གཞོན་པ་ཐང་ལི་མིང་གྲོས་ཚོགས་ནང་དུ་ཞུགས་ཡོད་ཞིང་གསུང་བཤད་གནང་ཡོད།  ཁུལ་ཨུ་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཞའོ་ཡུའུ་ཚའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད། 

 ལུའུ་ཁྲེན་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ཚབ་བྱེད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཐབས་ཇུས་འདྲི་རྩད་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་མཁས་ཚོ་ཆུང་འཁོར་དང་བཅས་པར་ཕེབས་པར་དགའ་བསུ་ཚད་མེད་གནང་ཡོད་པ་དང་། ཆེད་མཁས་པ་དག་གིས་རང་ཁུལ་གྱི་མ་འོངས་འཕེལ་རྒྱས་ཐད་ཐབས་བཏོན་ཇུས་འབུལ་བྱེད་པར་བཀའ་དྲིན་ཆེན་ཞུས་ཡོད།ཁོང་གིས་ཆེད་མཁས་པ་དག་གིས་བཏོན་པའི་བསམ་འཆར་དེ་ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ལྡན། རིམ་པ་ཁག་གི་སྡེ་ཁག་སོ་སོས་ཆེད་མཁས་པ་ཚོའི་བཏོན་པའི་བསམ་འཆར་དེ་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ནང་འདྲེན་པ་བྱས་ནས་བསམ་བློ་མཐོན་པོའི་ངང་ལོ་ལྔའི་འཆར་གཞི་བཅུ་བཞི་པ་སྒྲིག་གཞི་ཡག་པོ་བྱེད་དགོས་ཞེས་བཏོན།ཁོང་གིས་རིམ་པ་ཁག་གིས་སྡེ་ཁག་སོ་སོས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྣེ་ཁྲིད་བྱེད་དེ། བརྟན་རླིང་ངང་མདུན་དུ་བསྐྱོད་པའི་ལས་ཀའི་ལྟེ་བ་རྒྱུན་འཁྱོངས་དང་།  གཅིག་གྱུར་འཆར་འགོད་ངང་ཁག་ལྔ་སྣེ་གཅིག་གི་སྤྱིའི་སྒྲིག་བཀོད་སྒྲིག་བྱེད་ཚུལ་སྐུལ་སྤེལ།ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་བྱེད་ཚུལ་སྐུལ་སྤེལ་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་དེ་དམ་གྱིས་འཛིན་ནས་ཧུར་བརྩོན་ངང་ཞིང་ཆེན་ཡོངས་ཀྱི་ཡན་ལག་སྟོང་ལྷག་དང་ཁུལ་ལྔ་མཉམ་ལས་གྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པ་བྱེད་པ་དང་།སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གཏན་ཕྱོགས་ལ་རྐང་འཛུགས་ནས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱ་ཤུགས་ཇེ་དྲག་བཏང་བ་དེ་རྐང་འཛུགས་ས་བྱས་ནས་དམངས་འཚོ་ལེགས་བཅོས་དང་དམངས་སེམས་འདུས་པ་དེ་འགོ་ཚུགས་ས་བྱས་ནས་ནན་ཏན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྒྲིག་གཞི་ལས་ཀ་བསྒྲུབས་ནས་རང་ཁུལ་གྱི་དཔའ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོ་ངང་འཕེལ་རྒྱས་བཏང་བ་སྐུལ་སྤེལ་བྱེད་དགོས་ཞེས་བླངས་བྱ་གསལ་པོ་བཏོན་ཡོད་པ་རེད། 

 ཐང་ལི་མིང་གིས་རང་ཁུལ་གྱིས་ཉེ་བའི་ལོ་ནང་དུས་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཡོད་པ་རེད། ཁོང་གིས་ཉེ་བའི་ལོ་ནང་དུས་ཁྱད་པར་དུ་ལོ་ལྔའིའཆར་གཞི་བཅུ་གཉིས་པ་དང་བཅུ་གསུམ་པའི་རིང་ལ་དཀར་མཛེས་ཁུལ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད།ལོ་ལྔའིའཆར་གཞི་བཅུ་བཞི་པ་དེ་ནི་དཀར་མཛེས་ཁུལ་སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི་འགག་རྩ་དུས་རིམ་ཡིན་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་མཛུབ་སྟོན་སྙིང་དོན་དང་ཀྲུང་དབྱང་སྐབས་བདུན་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་མཐུན་སྦྱོར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ལངས་ཕྱོགས་མཐོ་པོ་ཐོག་ནས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་་བརྟན་དང་མི་རིགས་རིག་གནས་སྔོག་འདོན། ཁྱོན་ཡོངས་ཡུལ་སྐོར་འཕེལ་རྒྱས།  འགྲིམ་འགྲུལ་བཅས་རྨང་གཞི་སྒྲིག་ཆས་འཛུགས་ཇེ་མགྱོགས་དང་ཐོན་ལས་གསུམ་པ་འཕེལ་རྒྱས་བཅས་ཕྱོགས་ནས་ལས་ཀ་ནན་མོ་བསྒྲུབས་དགོས། ད་དུང་སྐྱེ་ཁམས་འཛུགས་སྐྲུན་དང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ས་བརྟན། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་། ཁྲོན་བོད་ལྕགས་ལམ་ས་ཚུགས་ཀྱི་གྲོང་རྡལ་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱས་ནས་ལས་གཞིའི་གྲ་སྒྲིག་ལས་ཀ་ནན་གྱིས་བསྒྲུབས་དགོས་ཞེས་བཏོན་ཡོད་པ་རེད། 

    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྩད་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་ཁྲིད་ཧའོ་ཅན ཞའེ་ཁའེ་ཧྭ། ནི་ཧྲི་ཅུན། ཏིང་རེན་ཀྲུང་།ཏའེ་པིང་བཅས་ཚོགས་འདུའི་ནང་ཞུགས་ཡོད་ཞིང་གསུང་བཤད་གནང་།   ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུ་རྒྱུན་ཨུ།གསེར་རྟ་རྫོང་ཨུ་ཧྲུའུ་ཅི་ཧའོ་པའོ། ཁུལ་ཨུ་རྒྱུན་ཨུ། དར་མདོ་གྲོང་ཨུ་ཧྲུའུ་ཅི་ཏེན་ལིན་ཅུན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རན་ཁྲེན་ཐཱན་ཁང་གྲོས་ཚོགས་ནང་དུ་ཞུགས་ཡོད་པ་རེད།ཁུལ་སྲིད་གཞུང་གི་དྲུང་ཡིགཁུལ་ཨུ་དང་ཁུལ་སྲིད་གཞུང་ག་འབྲེལ་བའི་དྲུང་ཡིགརྫོང་ཁག་གི་རྫོང་ཨུ་ཧྲུའུ་ཅི་དང་རྫོང་དཔོན།དུང་དཀར་ལུང་པའི་དོ་དམ་ཅུས།ཉིན་སྟེང་དོ་དམ་ཅུས་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་་མཐུན་གྲོས་ཚོགས་ནང་དུ་ཞུགས་ཡོད་པ་རེད།                   

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།