སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ལས་མི་བསྡུ་བའི་བརྡ་ཐོ།
1603767783
ཡོངས་ཁུངས།: 

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ལས་མི་བསྡུ་བའི་བརྡ་ཐོ། 

     སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ལ། རྒྱལ་ཡོངས་ནས་བཙུགས་པ་སྔ་ཤོས་ཀྱི་ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཞིག་དང་། སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཁྱབ་ཁོངས་ཀྱི་རིམ་པ་ཆེས་མཐོ་བའི་སློབ་གྲྭ་ཞིག་ཀྱང་རེད། སློབ་གླིང་འདིའི་སློབ་ཁུལ་གསར་པ་ནི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕི་ཏུའུ་ཆུས་ཐང་ཁྲང་གྲོང་རྡལ་དུ་ཡོད་ལ། སློབ་རའི་ཁོར་ཡུག་མཛེས་སྡུག་ལྡན་པ་མ་ཟད། འཛུགས་སྐྲུན་གྱི་བཀོད་པ་ལ་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་ཡོད། དེ་མ་ཟད་སློབ་གླིང་གི་སྒྲིག་ཁྲིམས་གཙང་ཞིང་། སྡོད་ཁང་གི་ཆ་རྐྱེན་ལེགས་ལ། དགེ་རྒན་གྱི་དཔུང་སྡེ་ཕུལ་དུ་བྱུང་བས།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སི་ཁྲོན་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་ཁྱབ་ཁོངས་ནས་གདེང་འཇོག་གང་ལེགས་ཐོབ་པ་རེད། མཐུན་རྐྱེན་ལེགས་པོ་འཛོམས་པའི་སློབ་གླིང་འདི་ཡིས་ད་ལྟ་ལས་མི་བསྡུ་རྒྱུ་ཡིན་པས། གོ་སྐབས་དམ་འཛིན་གནང་རོགས་ཞུ། ལས་ཀ་བའི་ཟླ་ཕོགས་མཐོ་ཞིང་འགན་ལེན་རིགས་ལྔ་དང་སྤྱི་གསོག་མ་དངུལ་གྱི་ཁག་ཐེག་ཀྱང་ཡོད་པས། མགྱོགས་པོས་ལས་མི་བསྡུ་བའི་སྤྱི་བསྒྲགས་ལ་གཟིགས་པར་འཚལ།

四川藏语佛学院公开招聘啦!

     四川藏语佛学院公开招聘啦!四川藏语佛学院是中共四川省委统战部直属全额拨款事业单位,是全国最早建立的省级藏语系佛学院之一,是四川藏传佛教界的最高学府。

     新校区在成都市郫都区唐昌镇,依山傍水,环境优美,建筑具有浓郁的民族特色和现代气息。学校本着制度与人文相结合的管理思想,凭借美丽的校园环境,舒适的住宿条件和优秀的师资力量得到了中央统战部和四川藏传佛教界的充分肯定。

      这样师资雄厚人才辈出的名校,现在对外招聘编外人员啦!把握住机会,你也能成为其中的一员,不仅有优厚的薪酬还有五险一金。这样的工作环境和待遇让人心动,赶快来看看招聘公告吧!

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ཡོངས་ཁུངས། ཁམས་པའི་བརྙན་འཕྲིན།

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།